སླེའུ་ཆུང་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སླེའུ་ཆུང་མ།
སླེའུ་ཆུང་མ་ཞེས་པ་ནི་སྤྲུལ་སྐུ་སླེའུ་ཆུང་བས་བཞེངས་པའི་སྐུ་འདྲ་དེ་ཡིན་ལ། བཟོ་བོ་ཁོང་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་ལྷ་བཟོ་མཁས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད་མདོར་བསྡུས། 

སླེའུ་ཆུང་མ་ཞེས་པ་ནི་སྤྲུལ་སྐུ་སླེའུ་ཆུང་བས་བཞེངས་པའི་སྐུ་འདྲ་དེ་ཡིན་ལ། བཟོ་བོ་ཁོང་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་ལྷ་བཟོ་མཁས་ཅན་ཞིག་ཡིན། ཁོང་གི་བརྩམས་བྱར་མཚོན་ན་རྗེ་ཙོང་ཁ་པ་ཆེན་པོས་དགའ་ལྡན་ཡངས་པ་ཅན་གསར་བཞེངས་གནང་བའི་རྟེན་གཙོ་ཐུབ་པ་ཚུལ་ཁྲིམས་མ་དང་། བདེ་མཆོག་དང་གསང་པ་འདུས་པའི་བློས་བསླངས་དཀྱིལ་འཁོར་སོགས་ཟངས་དང་ལི་མའི་སྐུ་བརྙན་བྱོན་གཙང་མ་མང་པོ་བཞེངས་ཡོད་ལ། སེ་ར་ཐེག་ཆེན་གླིང་གི་འདུ་ཁང་རྙིང་པའི་སྦུག་ཏུ་ཐུབ་པ་བདུད་འདུལ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་དང་དགེ་བསྙེན་ཧྭ་ཤང་དང་རྒྱལ་ཆེན་སྡེ་བཞི་དང་བཅས་བཞུགས་པ་ཚང་མ་སྤྲུལ་སྐུ་སླེའུ་ཆུང་བའི་ཕྱག་བཟོ་འཁྲུལ་མེད་ཡིན་པར་གསུངས། ལྷག་པར་ཁོང་གིས་བཞེངས་པའི་གསེར་ཟངས་དང་ལི་མའི་སྐུ་བརྙན་སླེའུ་ཆུང་མ་ཞེས་དམིགས་གསལ་ཁྱད་ཆོས་ལྡན་པའི་བརྩམས་བྱར་ངོས་འཛིན་བྱེད་ཀྱི་ཡོད། སླེའུ་ཆུང་མའི་ཁྱད་ཆོས་ལ་ཀུན་མཁྱེན་འཇིགས་མེད་གླིང་པའི་གཏམ་ཚོགས་ལས། དེ་བཞིན་རྒྱ་གར་གསར་མར་འཁྲུལ་བྱེད་པ། ། པད་འཁོར་གཉིས་བརྩེགས་མཉེན་ལ་སྐེད་ཉག་ཐོན། ། སྒྲོས་གཙང་ཚ་གསེར་འཐུག་པ་སླེའུ་ཆུང་མ། ། ཞེས་སོ། ། 

བརྡ་འགྲེལ་གདོང་འཛར།

སླེའུ་ཆུང་མ། གསེར་ཟངས། འདུ་ཁང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-05

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།