ཙིན་ཏ་མ་ཎིའི་བརྐོས་ཕོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཉན་པོ་གསང་བའི་རྟེན་གྲས་ཙིན་ཏ་མ་ཎིའི་བརྐོས་ཕོར་ནི་ཕོར་བ་འདྲ་བའི་སྣོད་ཀོང་ཀོང་དུ་ཡོད་པའི་ནང་སྤྱན་རས་གཟིགས་ཀྱི་སྐུ་གཟིགས་སམ་གཟུང་སྔགས་ཀྱི་ཡི་གེ་བརྐོས་ཡོད་པ་ཞིག་སྟེ། དེང་དུས་ཚང་མས་རྒྱུས་མངའ་ཆེ་བའི་ཚ་ཚའི་དཔར་ཀོང་ཡིན་པ་དང་ཚ་ཚ་བཏབ་པའི་སྲོལ་དེ་དུས་སྔ་མོ་ནས་རྒྱ་གར་དུ་དར་ཡོད་པར་མ་ཟད་བོད་ཡུལ་དུའང་དུས་རབས་བཞི་པ་ཙམ་ནས་སླེབས་ཡོད་པ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ངོ་སྤྲོད་མདོར་བསྡུས། 

ཙིན་ཏ་མ་ཎི་ནི་ཡིད་བཞིན་ནོར་བུ་སྟེ། འཇིག་རྟེན་དུ་ཤིན་ཏུ་འབྱུང་བ་དཀོན་པའི་རིན་པོ་ཆེ་ཞིག་སྟེ། ནུས་པས་ལུས་ལ་འཆང་བ་ཙམ་གྱིས་ནད་གདོན་འཇོམས་ཤིང་བསམ་དོན་འགྲུབ་པར་གྲགས། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་སྐུ་མཁར་ཡུམ་བུ་བླ་སྒང་གི་སྟེང་དུ་སྤང་བཀོད་ཕྱག་བརྒྱ་བ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་བ་གཅིག མདོ་སྡེ་ཟ་མ་ཏོག་སྙིང་བོ་ཡི་གེ་འབྲུ་དྲུག་པ། ཙིན་ཏ་མ་ཎིའི་བརྐོས་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་ནམ་མཁའ་ལས་བྱོན་ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསལ། 

དེ་དག་ལ་གཉན་པོ་གསང་བོ་ཞེས་མཚན་གསོལ་ཏེ་བཙན་པོས་མཆོད་པའི་རྟེན་དུ་གྱུར་བ། དོན་དངོས་ཐོག་རྒྱ་གར་གྱི་པཎྜི་ཏ་བློ་སེམས་འཚོ་དང་ལི་ཐིག་མན་ཞེས་པས་བསྣམ་ཕེབས་པ་བོད་པས་ཡི་གེ་མ་གོ་བས་ཁོང་རྣམ་གཉིས་སླར་ཡང་རྒྱ་གར་དུ་ལོག་པར་གསུངས། དེ་ལས་ནང་པའི་བསྟན་པ་བོད་དུ་དབུ་བཙུགས་པར་ངོས་འཛིན་བྱེད་སྲོལ་ཡོད་ཀྱང་སངས་རྒྱས་ཆོས་ལུགས་དངོས་སུ་དར་བ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཡིན་པ་ཀུན་གྱི་མཁྱེན་གསལ་བཞིན་དང་། གཉན་པོ་གསང་བའི་རྟེན་གྲས་ཙིན་ཏ་མ་ཎིའི་བརྐོས་ཕོར་ནི་ཕོར་བ་འདྲ་བའི་སྣོད་ཀོང་ཀོང་དུ་ཡོད་པའི་ནང་སྤྱན་རས་གཟིགས་ཀྱི་སྐུ་གཟིགས་སམ་གཟུང་སྔགས་ཀྱི་ཡི་གེ་བརྐོས་ཡོད་པ་ཞིག་སྟེ། དེང་དུས་ཚང་མས་རྒྱུས་མངའ་ཆེ་བའི་ཚ་ཚའི་དཔར་ཀོང་ཡིན་པ་དང་ཚ་ཚ་བཏབ་པའི་སྲོལ་དེ་དུས་སྔ་མོ་ནས་རྒྱ་གར་དུ་དར་ཡོད་པར་མ་ཟད་བོད་ཡུལ་དུའང་དུས་རབས་བཞི་པ་ཙམ་ནས་སླེབས་ཡོད་པ་ཡིན་ནོ། ། གཉན་པོ་གསང་བའི་རྟེན་དེ་དག་དུས་ཕྱིས་བསམ་ཡས་ཀྱི་མཆོད་རྟེན་དཀར་པོའི་ནང་རྟེན་དུ་བཞུགས་ཡོད་པའི་བཤད་རྒྱུན་འདུག་གོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-05

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།