གཙང་ཆེན་གཉིས་རྒྱུད་ཀྱི་གནའ་རབས་རིག་གནས།

ཡ་གླིང་ནུབ་མའི་ཡུ་ཧྥ་ལ་ཏི་གཙང་པོ་དང་ཏི་ཀི་ལེ་སི་གཙང་པོ་གཉིས་ནི་ནུབ་བྱང་ཕྱོགས་ནས་ལྷོ་ནུབ་ཕྱོགས་སུ་འབབ་ཅིང་། དེ་གཉིས་བཞུར་བའི་ས་ཁོངས་ཆེན་པོ་དེར་གཙང་ཆེན་གཉིས་རྒྱུད་ཅེས་ཀྱང་འབོད་པར་བྱེད། གནས་དེའི་ས་གཤིས་ལེགས་ཤིང་འགྲིམ་འགྲུལ་གྱི་གོ་བབ་གལ་ཆེན་བཟུང་ཡོད་ལ། མི་ལོ5000ལྷག་གི་གོང་རོལ་ནས་མིའི་རིགས་ཀྱི་ཞབས་རྗེས་འཁོད་ཅིང་། ཤེས་རིག་གི་མེ་ཏོག་བཞད། ས་ཁོངས་མི་གཅིག་པའི་མི་རིགས་སོ་སོས་གནས་དེ་རེས་མོས་སུ་བདག་གིར་བཟུང་སྟེ། ཕན་ཚུན་འདྲེས་ཤིང་འདྲེས་པའི་ཤུགས་རྐྱེན་འོག་ཏུ། རྣམ་པ་དུ་མར་སྣང་བའི་གཙང་ཆེན་གཉིས་རྒྱུད་ཀྱི་གནའ་རབས་ཤེས་རིག་བསྐྲུན།

རིགས་དབྱེ།  

རིགས་རྒྱུད་དང་མི་རིགས།

ང་ཚོའི་མིའི་རིགས་ནི་ད་ལྟ་ཤུལ་ཆད་དུ་གྱུར་པའི་གནའ་བོའི་སྤྲ་མིའི་རིགས་ཤིག་ལས་མཆེད་པ་དང་། གོ་རིམ་དེའི་ཁྲོད་དུ་ངལ་རྩོལ་གྱི་བྱེད་ནུས་འགངས་ཆེན་ཐོན་པ་རེད། བློ་རིག་ཀྱང་རིམ་གྱིས་རྒྱས་ཏེ་སྲོག་ཆགས་དུད་འགྲོ་སོགས་ལས་འགོངས་པར་གྱུར། ལོ་ངོ10000སྔོན་གྱི་ཡས་མས་སུ། ཧྥེ་གླིང་དང་ཡོ་ཡོབ་གླིང་དང་ཡ་གླིང་དང་ཨོ་གླིང་དང་མེ་གླིང་ལྷོ་བྱང་བཅས་སུ་མིའི་རིགས་འཚོ་གཞེས་ཀྱི་རྗེས་ཤུལ་མངོན་པར་གསལ་བ་དང་། ས་བབ་མི་གཅིག་པ་དང་རང་བྱུང་ཆ་རྐྱེན་མི་འདྲ་བའི་དབང་གིས་གནའ་དུས་ཀྱི་མེས་པོ་དག་རང་རང་གི་འཚོ་སྟངས་བསྐྱངས་ཏེ་དུས་ངེས་ཅན་ཞིག་ཏུ་བསླེབས་པ་ན། རིགས་རྒྱུད་ཀྱི་ཁྱད་པར་ཤོར་པ་རེད། དེའི་འཕྲོར་གནས་ཡུལ་སྤོས་པ་དང་ཞིང་ལས་གསར་བརྗེ་བྱུང་བའི་དུས་མཚུངས་སུ། རིགས་རྒྱུད་འདྲ་མིན་སྣ་ཚོགས་ཡུལ་གྲུ་ཀུན་ཏུ་རིས་མེད་དུ་ཁྱབ་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་མཇུག་རྫོགས་ཏེ། མི་སེར་དང་མི་དཀར་མི་ནག་གསུམ་གྱི་རིགས་རྒྱུད་དེ་གཞན་བྱིངས་དང་བསྡུར་ན་ཕྱོགས་གང་ཐད་ནས་དར་རྒྱས་སུ་ཕྱིན་པར་མངོན། རིགས་རྒྱུད་གཅིག་པའི་མི་དེ་དག་ཀྱང་ལོ་ཟླ་རིང་མོའི་འཁོར་འགྲོས་ཁྲོད་དུ། སྐད་དང་ས་ཁོངས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པ་དང་རིག་གནས་དང་སེམས་གཤིས་མི་གཅིག་ཐ་དད་དུ་སོང་བའི་རྐྱེན་བྱས་ཏེ་མི་རིགས་སྣ་ཚོགས་སུ་གྱེས་མགོ་བརྩམས།

རིགས་དབྱེ།  

མཚན་ཉིད་རིག་པ་དང་བསམ་བློའི་ཡོ་ལང་།

མཚན་ཉིད་རིག་པའི་ལྟ་བ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད་ལ། དེ་ནི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་གྲུབ་པར་བཤད། ཡོ་རོབ་གླིང་ལ་མཚོན་ནའང་། ཕེ་ཀིན་ལགས་ནས་ཏི་ཁ་ཨར་དང་། འཇར་མན་གྱི་གནའ་དཔེ་རིང་ལུགས་པ་ནས་དེང་རབས་ཀྱི་མཚན་ཉིད་རིག་པའི་བར། སྟོང་བསམ་སྤྱི་ཚོགས་རིང་ལུགས་ནས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བར་བཅས་སྔ་གཞུག་མ་ལུས་པ་ཚན་རྩལ་དང་ཤེས་རིག་འཕེལ་རྒྱས་ཀྱི་འབྲས་བུར་མ་མཐོང་པ་མེད་ལ། མིའི་རིགས་ཀྱི་སྣོད་དང་བཅུད་ཀྱི་ངོས་ཟིན་མཐའ་དག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་བ། ལྐོག་གྱུར་ནས་མངོན་སུམ་དང་། མངོན་སུམ་ནས་ཚད་མར་གྲུབ་པའི་གོ་རིམ་མ་བརྒྱུད་པ་མེད་དོ།།

རིགས་དབྱེ།  

ཨ་མེ་རི་ཁ།

རྒྱལ་ཁབ་ཀྱི་མིང་ལ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཟེར། རྒྱལ་ཁབ་འདི་ནི་ཨ་མེ་རི་ཁ་གླིང་ཆེན་གྱི་བྱང་ཕྱོགས་ན་ཆགས་ཡོད། རྒྱལ་ཁབ་འདིར་ཨ་རི་མངའ་སྡེ་གཅིག་སྡུད་ཡང་ཟེར་སྲོལ་ཡོད་པ་རེད། སྤྱི་ལོ1776ལོར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ནས་རྒྱལ་ཁབ་གསར་དུ་དབུ་བརྙེས་པ་རེད། དེའི་སྐབས་སུ་འཇོར་ཇེའུ་ཧྭ་ཧྲིན་ཏུང་ནི་དམག་དཔོན་ཡིན། འོན་ཀྱང་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་ཁོང་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་དེར་འདེམས་ཐོན་བྱུང་། དེའི་སྐབས་སུ་རྒྱལ་ས་མེད་པས་ཁོང་གི་ཡུལ་དང་ཐག་ཉེ་སར་རྒྱལ་ས་འདེམས་ནས་དེང་སང་གི་རྒྱལ་ས་དེ་འདེམས་པ་རེད། དེ་ནས་བཟུང་རྒྱལ་ས་ལ་ཁོང་གི་མིང་ཐོག་ནས་ཧྭ་ཧྲིན་ཏུང་ཞེས་འབོད་ཀྱི་ཡོད་པ་རེད།

རིགས་དབྱེ།  

གནའ་རབས་ཀེ་རུ་སུ།

གནའ་རབས་ཀེ་རུ་སུའི་དཔལ་ཡོན་ནི་ནུབ་ཕྱོགས་དཔལ་ཡོན་གྱི་འབྱུང་ཁུངས་ཡིན། གནའ་རབས་ཀེ་རུ་སུ་དཔལ་ཡོན་ལོ650རིང་ལ་རྒྱུན་བསྐྱངས་པ་རེད(སྤྱི་ལོ་སྔོན་གྱི800ལོ་ནས་སྤྱི་ལོ་སྔོན་གྱི146ལོ་ཡིན)དེ་ནི་ནུབ་ཕྱོགས་དཔལ་ཡོན་གྱི་ཆེས་གཙོ་བོ་དང་ཐད་ཀར་འབྱུང་ཡུལ་ཡིན།

རིགས་དབྱེ།  

གནའ་རབས་པ་པེ་ལོན།

འཛམ་གླིང་ཤར་ཕྱོགས་ཏེ་སྤྱི་ལོ་སྔོན་གྱི3500ལོ་ཡས་མས་སུ་མིའི་རིགས་ཀྱི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཐོག་མ་བྱུང་བ་མ་ཟད། སྔོན་ཐོན་གྱི་ལུགས་རྒྱག་པའི་ལག་རྩལ་དར་ཡོད། ཕལ་ཆེར་སྤྱི་ལོ་སྔོན་གྱི2250ལོ་ཡས་མས་སུ་འདི་རུ་གནས་སྡོད་བྱས་ཡོད་པའི་སོ་མེ་ཨེར་མི་ཡིས་སྔོན་ཐོན་ཤེས་རིག་གསར་གཏོད་བྱས་པ་དང་རྒྱལ་ཁབ་བཙུགས་པ་རེད།

རིགས་དབྱེ།  

ཐའེ་ཅི་བང་སོ།

ཐའེ་ཅི་བང་སོ་ནི་རྒྱ་གར་གྱི་རྒྱལ་ས་ཏི་ལི་གསར་པའི་ཤར་ལྷོ་ན་ཡོད་ཅིང་། སྤྱི་ལོ1631ལོར་བཞེང་མགོ་བརྩམས། དེ་ནི་རྒྱ་གར་ལོ་རྒྱུས་ཐོག་གི་རྒྱལ་པོ་རཱ་ཛ་ཧན་གྱིས་བརྩེ་འདང་ཟབ་པའི་ལྕམ་མོ་ཐའེ་ལ་ཆེད་དུ་བཞེངས་པ་ཡིན།

རིགས་དབྱེ།  

ཨ་རབ་བཙན་རྒྱལ།

ཨ་རབ་བཙན་རྒྱལ་ནི་དུས་རབས7པའི་དུས་ལོ་རབས30བ་ནས་དུས་རབས13པའི་དུས་དཀྱིལ་བར་ཨ་རབ་པས་བཙུགས་པའི་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། གསར་དུ་འཛུགས་མཁན་ནི་མུའུ་ཧན་མོ་ཏུ་ཡིན་པ་དང་། གཙོ་འཛིན་ལ་ཧྭ་ལི་ཧྥ་ཞེས་བརྗོད། སྤྱི་ལོ610ལོར་མུའུ་ཧན་མོ་ཏུས་མའེ་ཅཱ་ནས་དབྱི་སི་ལན་ཆོས་ལུགས་གསར་དུ་བཏོད་པ་དང་། སྤྱི་ལོ632ལོར་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་རྒྱལ་ཁབ་བཙུགས།

རིགས་དབྱེ།  

ལི་ཧྲི་ཁྲའོ་ཞན།

ལི་ཧྲི་ཁྲའོ་ཞན་ནི་ཁོ་རེ་ཡ་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཤིག་ཡིན་ཞིང་། མིང་ལ་བྱང་ཁོ་རེ་ཡ་རྒྱལ་རབས་ཞེས་བརྗོད་ལ། བསྡུས་མིང་ལ་ལི་ཁྲའོ་ཟེར། གསར་འཛུགས་པ་ནི་ལི་ཁྲིན་ཀོས་ཡིན། སྤྱི་ལོ1392ལོར་ལི་ཁྲིན་ཀོས་ཀྱིས་རང་ཉིད་རྒྱལ་བོར་བསྐོས་ཤིང་རྒྱལ་མིང་ལ་ཁོ་རེ་ཡ་ཞེས་བཏགས་པ་དང་། སྤྱི་ལོ1394ལོར་རྒྱལ་ས་ཁའེ་ཅིང་ནས་ཧན་ཁྲིན་དུ་སྤོས། སྤྱི་ལོ1443ལོར་རང་ཉིད་ཀྱི་ཡི་གེ་ཞིག་ཀྱང་གཏན་འཁེལ་མཛད་པ་དང་། སྤྱི་ལོ1469ལོར《རྒྱལ་ཁབ་ཁྲིམས་གཞུང》ཟེར་བ་འདོན་སྤེལ་བྱས་ཏེ། ཁྲིམས་ལུགས་ཀྱི་ཐོག་ནས་དབང་སྒྱུར་གྱི་ལམ་ལུགས་སྲ་བརྟན་དུ་བཏང་།

རིགས་དབྱེ།  

གསུམ་གཅིག་ལས་འགུལ།

གསུམ་གཅིག་ལས་འགུལ་ནི་ཁོ་རེ་ཡ་མི་དམངས་ཀྱིས་ལྗར་པན་མི་སེར་སྤེལ་བའི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ་མི་རིགས་རང་བཙན་བརྩོན་ལེན་བྱས་པའི་རྒྱལ་གཅེས་ལས་འགུལ་ཞིག་ཡིན། ལས་འགུལ་དེ་སྤྱི་ལོ1919ལོའི་ཟླ3པའི་ཚེས1ཉིན་ལངས་པས་གསུམ་གཅིག་ལས་འགུལ་ཞེས་ཟེར་བ་ཡིན།

རིགས་དབྱེ།  

ཤིང་རྟ་ལོའི་ཞིང་བའི་འོས་ལངས།

ཤིང་རྟ་ལོའི་ཞིང་བའི་འོས་ལངས་ནི་ཁོ་རེ་ཡའི་ཞིང་བ་མང་ཚོགས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱི་རྒྱལ་བཙན་འཛུལ་བར་ངོ་རྒོལ་བྱས་པའི་འོས་ལངས་ལ་ཟེར་ཞིང་། འོས་ལངས་དེ་ལུགས་རྙིང་གི་ཤིང་རྟ་ལོར་བྱུང་བས་མིང་དེ་ལྟར་བཏགས་པ་དང་། མིང་གཞན་ལ་ཏུང་ཞུའེ་ཏང་འོས་ལངས་ཀྱང་ཟེར།

རིགས་དབྱེ།  

ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག

ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག་ནི་ལི་ཧྲི་ཁྲའོ་ཞན་དུས་སྐབས་སུ་ཁོ་རེ་ཡའི་དམག་དམངས་ཀྱིས་ལྗར་པན་གྱི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་རྒྱལ་སྲུང་དམག་འཁྲུག་དེར་གོ་དགོས་པ་དང་། ཐེངས་འདིའི་དམག་འཁྲུག་ཏུ་ཁོ་རེ་ཡ་སྲུང་སྐྱོབ་བྱས་པར་མ་ཟད། ལྗར་པན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་རྒྱུའི་ཧམ་སེམས་ཀྱི་འཆར་གཞི་ཡང་གཏོར་བ་རེད།

རིགས་དབྱེ།  

མུའུ་ཧྥུ་ཆབ་སྲིད།

མུའུ་ཧྥུ་ཞེས་པའི་མིང་འདི་ནི་ཆེས་ཐོག་མར་ཀྲུང་གོའི་གནའ་རབས་རྒྱ་ཡིག་ཏུ་བྱུང་བ་རེད་ལ། གཙོ་བོ་དམག་ལ་སྐྱོད་སྐབས་དམག་དཔོན་གྱི་སྡོད་གནས་ལ་གོ་དགོས། རྗེས་སུ་དམག་དཔོན་གྱིས་མགོ་ཁྲིད་པའི་ཀྲུང་དབྱང་སྲིད་དབང་ལའང་མུའུ་ཧྥུ་ཞེས་ཟེར། གནའ་རབས་ལྗར་པན་དུ་མུའུ་ཧྥུ་ཆབ་སྲིད་ཀྱི་དུས་སྐབས་ཞེས་པ་ཞིག་བྱུང་མྱོང་།

རིགས་དབྱེ།  

མིང་ཀྲི་ཁྲི་ལོའི་གསར་བཅོས།

མིང་ཀྲི་ཁྲི་ལོའི་གསར་བཅོས་ནི་དུས་རབས19བའི་ལོ་རབས60བའི་དུས་མཇུག་ཏུ་ལྗར་པན་ལ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་བཟོ་ལས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ་གོང་རིམ་ནས་འོག་རིམ་དུ་སྤེལ་བའི་ལས་འགུལ་ཞིག་དང་། མ་རྩ་རིང་ལུགས་ཀྱི་ངོ་བོ་ལྡན་པའི་ཡོད་ཚད་ནུབ་ཕྱོགས་ཅན་དང་དེང་རབས་ཅན་དུ་བསྒྱུར་བའི་བཅོས་སྒྱུར་ལས་འགུལ་ཞིག་ཡིན།

རིགས་དབྱེ།  

གནའ་བོའི་ཀེ་རི་སི།

གནའ་རབས་ཀེ་རི་སི་ནི་ཡོ་རོབ་གླིང་ཤེས་རིག་གི་འབྱུང་ཁུངས་ཤིག་ཡིན་ཞིང་། སྤྱི་ལོ་སྔོན་གྱི་ལོ2000ཡས་མས་ནས་སྤྱི་ལོ་སྔོན་གྱི་ལོ30ཡས་མས་བར་དུ། ཀེ་རི་སིའི་མིས་ས་དབུས་རྒྱ་མཚོའི་ས་ཁུལ་ཡོངས་སུ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་རབ་དང་རིམ་པ་ཞིག་བཙུགས་ཤིང་། ཨ་ཐེན་སི་དང་སི་པཱ་ཏཱ་གཙོ་བྱས་པའི་མཁར་རྫོང་རྒྱལ་ཕྲན་མང་བོ་ཞིག་བྱུང་ཡང་། སྤྱི་ལོ་སྔོན་གྱི་ལོ338ཀེ་རི་སིའི་མཁར་རྫོང་རྒྱལ་ཕྲན་མང་ཆེ་བ་ནི་མ་ཆི་ཏུན་རྒྱལ་བོའི་རྒྱལ་ཁབ་ཀྱིས་དབང་དུ་བསྒྱུར།

རིགས་དབྱེ།  

ཧོ་མའི་དུས་རབས།

ཧོ་མའི་དུས་རབས་ནི་སྤྱི་ལོ་སྔོན་གྱི་དུས་རབས11པ་ནས་སྤྱི་ལོ་སྔོན་གྱི་དུས་རབས9བའི་བར་གྱི་གནའ་རབས་ཀེ་རི་སིའི་གདུང་རྒྱུད་ལམ་ལུགས་འཐོར་བཤིག་ཏུ་གྱུར་བའི་ལོ་རྒྱུས་ཀྱི་དུས་རིམ་དེར་གོ་དགོས་ལ། དུས་སྐབས་དེར་ལྷ་སྒྲུང་ཁྲོད་ཀྱི་དཔའ་རྒོད་ཧ་ཅང་མང་བོ་ཞིག་བྱུང་བས། དཔའ་བོའི་དུས་རབས་ཞེས་ཀྱང་བརྗོད།

རིགས་དབྱེ།  

པར་ཟིག་བཙན་རྒྱལ།

པར་ཟིག་བཙན་རྒྱལ་ནི་གནའ་རབས་དབྱི་རག་དུ་པར་ཟིག་པ་གཙོ་བོ་ཡིན་པའི་བཙན་རྒྱལ་ཞིག་བྱུང་བ་དེ་ཡིན་ཞིང་། ཨ་ཆི་མེའུ་ཉི་ཏེ་བཙན་རྒྱལ་ཞེས་ཀྱང་ཟེར། སྤྱི་ལོ་སྔོན་གྱི་ལོ550ཅིའུ་ལོ་ཧྲི་སྐུ་ཕྲེང་གཉིས་པས་པར་ཟིག་བཙན་རྒྱལ་གསར་དུ་བཙུགས་ཤིང་། དེར་མཐུད་ནས་ཨེ་ཤ་ཡ་ཆུང་བའི་ལིའུ་ཏུ་ཡ་རྒྱལ་བོའི་རྒྱལ་ཁབ་རྩ་མེད་དུ་བཏང་བ་དང་། མཚོ་རྒྱུད་ཀྱི་ཀེ་རི་སིའི་མཁར་རྫོང་རྒྱལ་ཕྲན་ཁག་ཀྱང་དབང་དུ་བསྒྱུར།

རིགས་དབྱེ།  

མགོ་གསུམ་ཆབ་སྲིད།

མགོ་གསུམ་ཆབ་སྲིད་ནི་རོ་མ་ལ་སྔ་གཞུག་ཏུ་ཐེངས་གཉིས་ལ་དབང་ཤུགས་མི་སྣ་གསུམ་གྱིས་མཉམ་འབྲེལ་སྒོས་རྒྱལ་ཁབ་ཀྱི་དབང་ཆ་བདག་འཛིན་བྱས་པའི་ཆབ་སྲིད་ལམ་ལུགས་ཤིག་བྱུང་བ་དེར་ཟེར་བ་དང་། མགོ་གསུམ་མནའ་འབྲེལ་ཞེས་ཀྱང་བརྗོད། ལོ་རྒྱུས་ཐོག་མགོ་གསུམ་ཆབ་སྲིད་གཉིས་བྱུང་ཡོད་པ་རེད།

རིགས་དབྱེ།  

ལོ་ངོ་བདུན་གྱི་དམག་འཁྲུག

ལོ་ངོ་བདུན་གྱི་དམག་འཁྲུག་ནི་སྤྱི་ལོ1756ལོ་ནས་སྤྱི་ལོ1763ལོའི་བར་དུ། དབྱིན་ཇི་དང་ཕུའུ་ལུའུ་ཧྲི། ཧན་ནོ་ཝེ་སོགས་རྒྱལ་ཁབ་དང་ཧྥ་རན་སི། ཨོ་ཏེ་ལེ། ཨུ་རུ་སུ། སཱ་ཁུ་སེན། སི་ཝེ་ཟིར། སི་ཕན་བཅས་ཀྱི་བར་མངའ་ཁོངས་དང་ཕྱི་ཕྱོགས་མི་སེར་སྤེལ་ཡུལ་འཕྲོག་རྩོད་བྱེད་པའི་རྒྱལ་སྤྱིའི་དམག་འཁྲུག་བྱུང་བ་དེ་ལ་ཟེར། ཕྱོགས་གཉིས་ཀྱིས་འཛམ་གླིང་གི་ས་ཁུལ་སོ་སོ་ནས་འཕྲོག་རྩོད་བྱས།

རིགས་དབྱེ།  

རྒྱ་གར་གྱི་མི་རིགས་འོས་ལངས་ཆེན་མོ།

རྒྱ་གར་གྱི་མི་རིགས་འོས་ལངས་ཆེན་མོ་ནི་དུས་རབས19པའི་དུས་དཀྱིལ་དུ་རྒྱ་གར་གྱི་བཀས་བཀོད་རྒྱུད་འཛིན་མངའ་བདག་གིས་གཙོ་འཛིན་བྱས་ཤིང་། རྒྱ་གར་གླས་དམག་གིས་རྐང་འཛིན་བྱས་ཏེ་དབྱིན་ཇིའི་མི་སེར་སྤེལ་བའི་དབང་སྒྱུར་ལ་ངོ་རྒོལ་དང་མི་རིགས་རང་བཙན་བརྩོན་ལེན་བྱེད་པའི་འོས་ལངས་དེ་ལ་ཟེར་བ་ཡིན།

རིགས་དབྱེ།  

དབྱིན་ཏི་ཨན་པའི་གནའ་རབས་ཤེས་རིག

དབྱིན་ཏི་ཨན་པའི་གནའ་རབས་ཤེས་རིག་གི་ཁོངས་སུ་མཱ་ཡཱ་ཤེས་རིག་དང་ཨ་ཙི་ཐུ་ཁུ་ཤེས་རིག དབྱིན་ཅཱ་ཤེས་རིག་བཅས་ཤེས་རིག་ཆེན་པོ་གསུམ་འདུས་ཡོད་པ་དང་། དེ་ནི་དབྱིན་ཏི་ཨན་པས་ཁེར་ཚུགས་ཀྱི་གསར་གཏོད་བྱས་པའི་ཁྱད་ཆོས་ལྡན་པའི་ཤེས་རིག་ཡིན། ཁོ་ཚོས་ཞིང་ལས་སུ། ཐོག་མར་ལོ་ཏོག་དང་གཡེར་མ། སྲིང་བལ་དང་སྲན་མའི་རིགས་སོགས་འདེབས་འཛུགས་བྱས་ཤིང་། ད་ལྟ་འཛམ་གླིང་གི་བཟའ་འབྲུ་ཕལ་ཆེ་བའི་འབྱུང་ཁུངས་ཡིན།

རིགས་དབྱེ།  

མཱ་ཡཱའི་ཤེས་རིག

མཱ་ཡཱའི་རིག་གནས་ནི་མེ་གླིང་གི་དབྱིན་ཏི་ཨན་མཱ་ཡཱ་རིགས་ཀྱིས་དེང་གི་མོ་ཞི་ཁོའི་ལྷོ་ཕྱོགས་དང་ཀུའེ་ཐི་མ་ལ། ཧོང་ཏུ་ར་སི་བཅས་ཀྱི་ཁུལ་ནས་གསར་གཏོད་བྱས་པའི་གནའ་བོའི་ཤེས་རིག་ཅིག་ཡིན། མཱ་ཡཱའི་ཤེས་རིག་དེ་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ2500ལ་གྲུབ་ཅིང་། སྤྱི་ལོ་སྔོན་གྱི་ལོ400ཡས་མས་སུ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་བཙུགས་པ་དང་སྤྱི་ལོའི་མགོ་ལ་འདྲ་གཟུགས་ཡི་གེའང་བྱུང་ཡོད།

རིགས་དབྱེ།  

ཨ་ཙི་ཐུ་ཁུའི་ཤེས་རིག

ཨ་ཙི་ཐུ་ཁུའི་ཤེས་རིག་ནི་མེ་གླིང་དཀྱིལ་མའི་དབྱིན་ཏི་ཨན་གྱི་ཨ་ཙི་ཐུ་ཁུའི་མིས་གསར་གཏོད་བྱས་པའི་གནའ་བོའི་ཤེས་རིག་ཅིག་ཡིན་ལ། ཨ་ཙི་ཐུ་ཁུའི་རིགས་ནི་དབྱིན་ཏི་ཨན་གྱི་མིའི་ཡ་གྱལ་ཞིག་ཡིན། སྤྱི་ལོ1325ལོར་ཨ་ཙི་ཐུ་ཁུའི་ཚོ་ཁག་གི་མགོ་གཙོ་ཐུ་ལོ་ཁུ་ཡིས་སྣེ་ཁྲིད་ནས་ཐུ་སུ་ཁུ་ཁུ་ཞེས་པའི་མཚོ་འགྲམ་ནས་གཞིས་ཆགས་ཅིང་ཐུ་ནོ་དབྱི་དེའི་ལན་ཐུ་ཞེས་པའི་གྲོང་ཁྱེར་བཙུགས(དེང་གི་མོ་ཞི་ཁུའི་གྲོང་ཁྱེར)རྗེས་དར་ཞིང་རྒྱས་པར་གྱུར།

རིགས་དབྱེ།  

འཇར་མན་བཙན་རྒྱལ།

འཇར་མན་བཙན་རྒྱལ་དང་བོ་ནི་སྤྱི་ལོ962ནས་སྤྱི་ལོ1806ལོའི་བར་གྱི་མཆོག་གྱུར་རོ་མ་གོང་མའི་རྒྱལ་ཁབ་ལ་གོ་དགོས་པ་དང་། སྤྱི་ལོ1806ལོར་ནཱ་ཕོ་ལུན་སྐུ་ཕྲེང་དང་བོས་བཙན་རྒྱལ་དང་བོ་མགོ་རྟིང་བསློགས། འཇར་མན་བཙན་རྒྱལ་གཉིས་པ་ནི་སྤྱི་ལོ1871ལོ་ནས་སྤྱི་ལོ1918ལོའི་བར་གྱི་འཇར་མན་ལ་གོ་དགོས་པ་དང་། དེ་ནི་ཕུའུ་ལུའུ་ཧྲིའི་རྒྱལ་བོས་དམག་འཁྲུག་ཐེངས་གསུམ་བརྒྱབ་རྗེས་ལེགས་འགྲུབ་བྱུང་སྟེ་བཙུགས་པ་ཞིག་ཡིན།

རིགས་དབྱེ།  

དབྱིན་ཅཱའི་ཤེས་རིག

མཱ་ཡཱའི་ཤེས་རིག་དང་ཨ་ཙི་ཐུ་ཁུའི་ཤེས་རིག དབྱིན་ཅཱའི་ཤེས་རིག་བཅས་ནི་མེ་གླིང་གི་དབྱིན་ཏི་ཨན་མིས་གསར་གཏོད་བྱས་པའི་ཤེས་རིག་འགངས་ཆེན་གསུམ་ཡིན་ལ། དབྱིན་ཅཱའི་ཤེས་རིག་དར་བ་ཅུང་འཕྱི་ཞིང་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་གཏོར་བརླག་བཏང་བ་དང་བསྟུན་ཉམས་རྒུད་དུ་ཕྱིན་པ་རེད། དབྱིན་ཅཱའི་ཤེས་རིག་ནི་མེ་གླིང་ལྷོ་མའི་གནའ་བོའི་དབྱིན་ཏི་ཨན་གྱི་ཤེས་རིག་ཡིན་ལ། དབྱིན་ཅཱ་ཞེས་པ་ནི་རིགས་འདིའི་ཆེས་མཐོའི་དབང་སྒྱུར་བའི་ཞེ་ཚིག་ཡིན་ལ། དོན་བཀྲལ་ན་ཉི་མའི་བུ་ཕྲུག་ཅེས་པའོ། །

རིགས་དབྱེ།  

ལཱ་ཏིང་མེ་གླིང་གི་རང་བཙན་དམག་འཁྲུག

ལཱ་ཏིང་མེ་གླིང་གི་རང་བཙན་དམག་འཁྲུག་ནི་མེ་གླིང་ལྷོ་མའི་མི་དམངས་ཀྱིས་སི་ཕེན་དང་ཕོར་ཐུ་གལ་གྱི་མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱེད་ཅིང་མི་རིགས་ཀྱི་རང་དབང་བརྩོན་ལེན་བྱེད་པའི་དམག་འཁྲུག་ཅིག་ཡིན། གྲུ་ལམ་གསར་བ་ཕྱེ་རྗེས་སུ་སི་ཕེན་དང་ཕོར་ཐུ་གལ་གྱི་མི་སེར་སྤེལ་མཁན་དག་ལཱ་ཏིང་མེ་གླིང་དུ་སླེབས་ཤིང་ལ་རིམ་གྱིས་ས་ཆ་འདི་ཉིད་མི་སེར་སྤེལ་ཡུལ་དུ་བསྒྱུར།

རིགས་དབྱེ།  

སྟོང་བསམ་སྤྱི་ཚོགས་རིང་ལུགས།

སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱིས་མ་རྩ་རིང་ལུགས་ལ་སུན་འབྱིན་བྱས་ནས་དངོས་ཡོད་དང་འགལ་བའི་ངང་འབྱོར་མེད་གྲལ་རིམ་དང་ཁ་གཏད་དུ་ལངས་པའི་སྤྱི་ཚོགས་ཤིག་འཛུགས་འདོད་བཅངས། དུས་རབས16པར་དབྱིན་ཇིའི་མོ་ཨར་གྱི་ཚབ་བྱེད་བརྩམས་ཆོས《ཝུའུ་ཐོའུ་པང》ཅེས་པ་ལས་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཐོག་མར་བྱུང་། དུས་རབས19བའི་རྗེས་སུ་སྟོང་བསམ་སྤྱི་ཚོགས་རིང་ལུགས་འདི་སྐབས་ཤིག་ལ་དུས་རབས་ཀྱི་བསམ་བློར་གྱུར་ཅིང་། ཧྥ་རན་སིའི་ཧྲེང་ཞི་མེན་དང་ཧྥུའུ་ལི་ཡེ་དང་དབྱིན་ཇིའི་ཨོའུ་ཝུན་བཅས་བསམ་བློ་བ་ཆེན་པོ་གསུམ་གྱིས་སྟོང་བསམ་སྤྱི་ཚོགས་རིང་ལུགས་ཆེས་ཆེར་སྤེལ།

རིགས་དབྱེ།  

རྩ་འཛིན་ལས་འགུལ།

རྩ་འཛིན་ལས་འགུལ་ནི་དུས་རབས19བའི་ལོ་རབས30བ་ནས་ལོ་རབས50བར་དབྱིན་ཇིར་བྱུང་བའི་མི་དམངས་ཀྱི་རྩ་འཛིན་བརྩོན་ལེན་བྱེད་པའི་བཟོ་བའི་ལས་འགུལ་ཞིག་ཡིན། སྤྱི་ལོ1838ལོའི་ཟླ5བའི་ཚེས8ཉིན《མི་དམངས་ཀྱི་རྩ་འཛིན》ཞེས་པའི་མིང་བཏགས་ནས་སྤེལ་བ་དང་ལས་འགུལ་ལ་མིང་དེ་ལྟར་ཐོགས་པ་རེད།

རིགས་དབྱེ།  

སུའུ་ལེན།

སུའུ་ལེན་ནི་སྤྱི་ལོ1922ལོའི་ཟླ12པའི་ཚེས30ཉིན་ནས་སྤྱི་ལོ1991ལོའི་ཟླ12པའི་ཚེས26ཉིན་བར་གནས་པའི་མནའ་འབྲེལ་ལུགས་ཀྱི་མི་རིགས་མང་བའི་རྒྱལ་ཁབ་ལ་ཟེར་བ་དང་། རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་མནའ་འབྲེལ་ཞེས་ཟེར། མངའ་ཁོངས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི2240ཡོད་ལ། འཛམ་གླིང་སྟེང་གི་ས་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་ཡིན།

རིགས་དབྱེ།  

ལེ་ཉིན་རིང་ལུགས།

ལེ་ཉིན་རིང་ལུགས་ནི་འབྱོར་མེད་གྲལ་རིམ་གསར་བརྗེའི་གཞུང་ལུགས་དང་བཙན་རྒྱལ་རིང་ལུགས་དུས་ཀྱི་མར་ཁེ་སི་རིང་ལུགས་ཡིན། ལེ་ཉིན་རིང་ལུགས་ཀྱིས་ལོ་རྒྱུས་ཀྱི་གནས་བབས་དང་བསྟུན་ནས་མར་ཁེ་སི་རིང་ལུགས་དེ་ཨུ་རུ་སུའི་འབྱོར་མེད་གྲལ་རིམ་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་པའི་ལས་འགུལ་བཅས་ལ་ལེགས་པར་སྦྱར་ནས་གཞུང་ལུགས་འདི་ཉིད་རིམ་པ་གསར་བ་ཞིག་སྟེ་ལེ་ཉིན་རིང་ལུགས་ཀྱི་རིམ་པར་སླེབས་སུ་བཅུག་པ་རེད།

རིགས་དབྱེ།