གནའ་རབས་པ་པེ་ལོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་རབས་པ་པེ་ལོན།
འཛམ་གླིང་ཤར་ཕྱོགས་ཏེ་སྤྱི་ལོ་སྔོན་གྱི3500ལོ་ཡས་མས་སུ་མིའི་རིགས་ཀྱི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཐོག་མ་བྱུང་བ་མ་ཟད། སྔོན་ཐོན་གྱི་ལུགས་རྒྱག་པའི་ལག་རྩལ་དར་ཡོད། ཕལ་ཆེར་སྤྱི་ལོ་སྔོན་གྱི2250ལོ་ཡས་མས་སུ་འདི་རུ་གནས་སྡོད་བྱས་ཡོད་པའི་སོ་མེ་ཨེར་མི་ཡིས་སྔོན་ཐོན་ཤེས་རིག་གསར་གཏོད་བྱས་པ་དང་རྒྱལ་ཁབ་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古巴比伦
ཕྱི་ཡིག་གི་མིང་།
Ancient Babylon
1 ནང་དོན་དངོས།

འཛམ་གླིང་ཤར་ཕྱོགས་ཏེ་སྤྱི་ལོ་སྔོན་གྱི3500ལོ་ཡས་མས་སུ་མིའི་རིགས་ཀྱི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཐོག་མ་བྱུང་བ་མ་ཟད། སྔོན་ཐོན་གྱི་ལུགས་རྒྱག་པའི་ལག་རྩལ་དར་ཡོད། ཕལ་ཆེར་སྤྱི་ལོ་སྔོན་གྱི2250ལོ་ཡས་མས་སུ་འདི་རུ་གནས་སྡོད་བྱས་ཡོད་པའི་སོ་མེ་ཨེར་མི་ཡིས་སྔོན་ཐོན་ཤེས་རིག་གསར་གཏོད་བྱས། ཡི་གེ་གསར་གཏོད་བྱས་པ་མ་ཟད་ཁྱིའུ་དབྱིབས་ཡི་གེ་གསར་བཟོ་བྱས། གཙང་གཉིས་འབབ་བརྒྱུད་ཡི་གེར་བཀོད་པའི་ལོ་རྒྱུས་ལ་ཞུགས། ད་དུང་ཡིག་བྲིས་ལ་འཚམས་པའི་ཡོ་བྱད་འདམ་པང་ངམ་ཉི་པན་ཧྲུའུ་གསར་གཏོད་བྱས། སྤྱི་ལོ་སྔོན་གྱི2006ལོར། ཨ་མོ་ལི་མི་ཡིས་རྒྱལ་རབས་རྩད་སློག་བྱས་ཏེ། པ་པེ་ལོན་རྒྱལ་རབས་བཙུགས། གཙང་གཉིས་འབབ་བརྒྱུད་ཏི་ཀུ་ལི་སི་གཙང་བོ་དང་ཡོའུ་ཧྥ་ལཱ་ཏི་གཙང་བོ་ནས་གནས་སྡོད་བྱས། གཙང་གཉིས་འབབ་བརྒྱུད་ཀྱི་ཞིང་ས་གཤིན་པོ་དང་། ཤེས་རིག་ཤིན་ཏུ་དར་པའི་ཨ་མོ་ལི་མི་ལ་སྟོབས་ཤུགས་གསར་བ་སྦྱིན་པས། དེའི་རྗེས་ཀྱི་ལོ་བརྒྱ་ཕྲག་ནང་མཱ་ལི། ཡི་ཞིན། ལཱ་ཨར་སཱ་སོགས་མཁར་གྲོང་རྒྱལ་ཁབ་སྔ་རྗེས་སུ་བཙུགས་པ་རེད། དེ་ནས་བཟུང1792ལོ་ཧན་མོ་ལ་རྒྱལ་སར་བསྐོས་པས་རྣམ་པ་དེ་འགྱུར་ལྡོག་བྱུང་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།