ལི་ཧྲི་ཁྲའོ་ཞན།

ལི་ཧྲི་ཁྲའོ་ཞན་ནི་ཁོ་རེ་ཡ་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཤིག་ཡིན་ཞིང་། མིང་ལ་བྱང་ཁོ་རེ་ཡ་རྒྱལ་རབས་ཞེས་བརྗོད་ལ། བསྡུས་མིང་ལ་ལི་ཁྲའོ་ཟེར། གསར་འཛུགས་པ་ནི་ལི་ཁྲིན་ཀོས་ཡིན། སྤྱི་ལོ1392ལོར་ལི་ཁྲིན་ཀོས་ཀྱིས་རང་ཉིད་རྒྱལ་བོར་བསྐོས་ཤིང་རྒྱལ་མིང་ལ་ཁོ་རེ་ཡ་ཞེས་བཏགས་པ་དང་། སྤྱི་ལོ1394ལོར་རྒྱལ་ས་ཁའེ་ཅིང་ནས་ཧན་ཁྲིན་དུ་སྤོས། སྤྱི་ལོ1443ལོར་རང་ཉིད་ཀྱི་ཡི་གེ་ཞིག་ཀྱང་གཏན་འཁེལ་མཛད་པ་དང་། སྤྱི་ལོ1469ལོར《རྒྱལ་ཁབ་ཁྲིམས་གཞུང》ཟེར་བ་འདོན་སྤེལ་བྱས་ཏེ། ཁྲིམས་ལུགས་ཀྱི་ཐོག་ནས་དབང་སྒྱུར་གྱི་ལམ་ལུགས་སྲ་བརྟན་དུ་བཏང་། སྤྱི་ལོ1592ལོར་ཆུ་འབྲུག་ལོའི་རྒྱལ་སྲུང་དམག་འཁྲུག་བསླངས་ཤིང་། སྤྱི་ལོ1593ལོར་ལྗར་པན་གྱི་བཙན་འཛུལ་དམག་ཕམ་པར་བརྒྱབ་སྟེ། སྤྱི་ལོ1876ལོར་ལྗར་པན་བར《ཅང་ཧྭ་ཆིངས་ཡིག》བཞག་པ་རེད། དེ་རྗེས་སུ་ལྗར་ཨུ་དམག་འཁྲུག་ཁྲོད་དུ་ཁོ་རེ་ཡ་དེ་ལྗར་པན་གྱི་སྲུང་སྐྱོབ་རྒྱལ་ཁབ་ཏུ་གྱུར་ཅིང་། སྤྱི་ལོ1910ལོར་ལྗར་པན་བར《ལྗར་ཁོ་ཟླ་སྒྲིལ་ཆིངས་ཡིག》བཞག་སྟེ། ཁོ་རེ་ཡ་ཁྱུད་མིད་བྱས་ཤིང་ལི་ཁྲའོ་རྩ་མེད་དུ་བཏང་།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2017-07-11
གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།