ཨ་རབ་བཙན་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རབ་བཙན་རྒྱལ།
ཨ་རབ་བཙན་རྒྱལ་ནི་དུས་རབས7པའི་དུས་ལོ་རབས30བ་ནས་དུས་རབས13པའི་དུས་དཀྱིལ་བར་ཨ་རབ་པས་བཙུགས་པའི་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། གསར་དུ་འཛུགས་མཁན་ནི་མུའུ་ཧན་མོ་ཏུ་ཡིན་པ་དང་། གཙོ་འཛིན་ལ་ཧྭ་ལི་ཧྥ་ཞེས་བརྗོད། སྤྱི་ལོ610ལོར་མུའུ་ཧན་མོ་ཏུས་མའེ་ཅཱ་ནས་དབྱི་སི་ལན་ཆོས་ལུགས་གསར་དུ་བཏོད་པ་དང་། སྤྱི་ལོ632ལོར་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་རྒྱལ་ཁབ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉伯帝国
ཕྱི་ཡིག་གི་མིང་།
الامبراطورية العربية‎/Arab Empire
ཁོངས་གཏོགས་གླིང་ཆེན།
ཡ་གླིང་།
རྒྱལ་ས།
མའེ་ཏེ་ནཱ། ཏཱ་མཱ་ཀུ་ཧྲི། པཱ་ཀུ་ཏཱ།
གྲོང་ཁྱེར་གཙོ་བོ།
ཡེ་ལུའུ་སཱ་ལུན། པཱ་ཧྲི་ཏཱ། ཁའེ་ལོའུ། སཱ་མ་ཨར་ཧན།
གཞུང་ཕྱོགས་སྐད་རིགས།
ཨ་རབ་སྐད།
རྒྱལ་ཁབ་བཙུགས་པའི་ལོ།
སྤྱི་ལོ632ལོ།
རྒྱལ་ཁབ་འཇིག་པའི་ལོ།
སྤྱི་ལོ1258ལོ།
ཆབ་སྲིད་ལམ་ལུགས།
རྒྱལ་བོའི་སྒེར་གཅོད་ལམ་ལུགས།
མི་གྲངས།
ཁྲི4400(དུས་རབས9བའི་དུས་མགོར)
མི་རིགས་གཙོ་བོ།
ཨ་རབ་མི། པར་ཟིག་མི། ཡུའེ་ཐའེ་མི། ཞི་ཀུ་ཐུ་མི་སོགས།
ཆོས་ལུགས་གཙོ་བོ།
དབྱི་སི་ལན་ཆོས་ལུགས།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི1340 (སྤྱི་ལོ750ལོ)
རྒྱལ་ཁབ་ཀྱི་གཙོ་འཛིན།
མུའུ་ཧན་མོ་ཏུ། མུའུ་ཨ་ཝེ་ཡེ། ཧྭ་ལུན•ལཱ་ཞི་ཏུ་སོགས།
1 ངོ་སྤྲོད།

ཨ་རབ་བཙན་རྒྱལ་ནི་དུས་རབས7པའི་དུས་ལོ་རབས30བ་ནས་དུས་རབས13པའི་དུས་དཀྱིལ་བར་ཨ་རབ་པས་བཙུགས་པའི་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། གསར་དུ་འཛུགས་མཁན་ནི་མུའུ་ཧན་མོ་ཏུ་ཡིན་པ་དང་། གཙོ་འཛིན་ལ་ཧྭ་ལི་ཧྥ་ཞེས་བརྗོད། སྤྱི་ལོ610ལོར་མུའུ་ཧན་མོ་ཏུས་མའེ་ཅཱ་ནས་དབྱི་སི་ལན་ཆོས་ལུགས་གསར་དུ་བཏོད་པ་དང་། སྤྱི་ལོ632ལོར་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་པའི་རྒྱལ་ཁབ་བཙུགས། ཐོག་མར་རྒྱལ་ཁབ་ཀྱི་མངའ་ཁོངས་ལ་ཨ་རབ་ཕྱེད་གླིང་ལས་མེད་ཀྱང་། རྗེས་སུ་མུ་མཐུད་དུ་རྒྱ་བསྐྱེད་དེ་ཡ་གླིང་དང་ཧྥེ་གླིང་། ཡོ་རོབ་གླིང་བཅས་གླིང་ཆེན་གསུམ་བརྒལ་བའི་བཙན་རྒྱལ་ཞིག་ཏུ་གྱུར་བ་དང་། ཨ་རབ་པའི་ཚོང་བའི་ཞབས་རྗེས་ནི་ཡ་གླིང་དང་ཧྥེ་གླིང་། ཡོ་རོབ་གླིང་བཅས་གླིང་ཆེན་གསུམ་ལ་བཀོད་ཡོད་པ་མ་ཟད་པཱ་ཀུ་ཏཱ་དེ་འཛམ་གླིང་ཉོ་ཚོང་ལྟེ་གནས་སུ་གྱུར། དུས་རབས9བའི་དུས་དཀྱིལ་གྱི་རྗེས་སུ་བཙན་རྒྱལ་རིམ་གྱིས་རྒུད་པའི་ལམ་དུ་ཞུགས་པ་དང་། སྤྱི་ལོ1258ལོར་ཇིང་གུར་རྒྱལ་བོའི་ཚ་བོ་ཞུའུ་ལེ་ཝུ་ཡིས་པཱ་ཀུ་ཏཱ་བཙན་བཟུང་བྱས་ཏེ་ཨ་རབ་བཙན་རྒྱལ་རྨེག་མེད་དུ་བཏང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-05

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།