ཟླ་བཅུ་བའི་གསར་བརྗེ།

ཟླ་བཅུ་བའི་གསར་བརྗེ་ནི1917ལོའི་ཟླ11ཚེས7ཉིན་ལེ་ཉིང་གིས་འགོ་ཁྲིད་བྱས་པའི་དྲག་ཆས་འོས་ལངས་རེད། ཟླ་བཅུ་བའི་གསར་བརྗེ་ནི(དམར་པོ་ཟླ་བཅུ་བ། ཟླ་བཅུ་བའི་འོས་ལངས་སམ་པོར་ཧྲི་བེ་ཁུ་གསར་བརྗེ་ཡང་ཟེར)ཨུ་རུ་སུའི་ནང་འཁྲུག་ལས་རྒྱལ་ཁ་ཐོབ་པའི་དམར་དམག་གིས་དེ་ལ་རླབས་ཆེན་གྱི་ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་གསར་བརྗེ་ལ་ཟེར།

རིགས་དབྱེ།  

འཛམ་གླིང་འཁྲུག་ཆེན་དང་པོ།

སྤྱི་ལོ1914-1918ལོའི་བར་དུ། འཛམ་གླིང་སྟེང་དུ་དེང་རབས་ཀྱི་རྒྱལ་སྤྱིའི་གཡུལ་འཁྲུག་ཆེན་པོ་ཞིག་བྱུང་ལ། དེ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་དུ་བྱུང་བའི་འཛམ་གླིང་ཡོངས་སུ་ཁྱབ་པའི་དམག་འཁྲུག་ཆེན་པོ་ཞིག་རེད། འཁྲུག་ཆེན་ལ་ཞུགས་པའི་རྒྱལ་ཁབ་ནི་འཇར་མན་དང་ཨོ་ཧང་བཙན་རྒྱལ་གཙོ་བྱས་པའི་མནའ་མཐུན་རྒྱལ་ཁབ་དང་། ཧྥ་རན་སི་དང་དབྱིན་ཇི་དང་ཨུ་རུ་སུ་གཙོ་བྱས་པའི་ཆིངས་བཞག་རྒྱལ་ཁབ་ཕྱོགས་གཉིས་ཀ་རེད། རྒྱལ་ཁབ33དང་མི་ཐེར་འབུམ1དང་དུང་ཕྱུར5གཡུལ་འཁྲུག་དེའི་ནང་དུ་ཞུགས་པ་དང་མི་བྱེ་བ2ལྷག་ཤི་རྨས་སུ་སོང་། མཐའ་མར་མནའ་མཐུན་རྒྱལ་ཁབ་ཕམ་པར་བརྒྱབ་ནས་མཇུག་རྫོགས། འཁྲུག་ཆེན་གྱིས་འཛམ་གླིང་གི་ཆབ་སྲིད་མངའ་ཁོངས་བསྒྱུར་བྱུང་བ་སྟེ། འཇར་མན་དང་ཨོ་ཧང་། ཨུ་རུ་སུ། ཐུར་ཁེ་བཅས་བཙན་རྒྱལ་ཆེན་པོ་བཞི་ཐོར་ནས་རང་བཙན་རྒྱལ་ཁབ་གསར་བ་སྐོར་ཞིག་འབྱུང་དུ་བཅུག

རིགས་དབྱེ།  

ཨུ་རུ་སུའི་ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ།

མའོ་ཙེ་ཏུང་གིས་ཟླ་བཅུ་བའི་གསར་བརྗེ་ཡིས་ང་ཚོར་མར་ཁེ་སི་རིང་ལུགས་བསྐྱལ་ཡོང་བ་རེད་ཅེས་བཤད་མྱོང་། ཨུ་རུ་སུའི་ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ནི་ལེ་ཉིན་གྱིས་སྣེ་ཁྲིད་པའི་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཞིག་ཡིན་ལ་ཨུ་རུ་སུའི་ཟླ་བཅུ་བར་བྱུང་བས་མིང་དེ་ལྟར་ཐོགས་པ་རེད།

རིགས་དབྱེ།