འཛམ་གླིང་གསུམ་པ།

དེ་ནི་ཨེ་ཤ་ཡ་དང་ཧྥེ་གླིང་། ལ་ཏིང་མེ་གླིང་དང་དེ་བཞིན་དུ་ས་ཁུལ་གཞན་དག་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་འཛམ་གླིང་གསུམ་པ་ཟེར།

རིགས་དབྱེ།  

ཡ་ཧྥེ་གྲོས་ཚོགས།

ཡ་གླིང་དང་ཧྥེ་གླིང་གི་མི་རིགས་རང་བཙན་གྱི་རྒྱལ་ཁབ་གཅིག་རྗེས་གཉིས་མུ་མཐུད་དུ་བཙུགས་པ་དང་བསྟུན་ནས། ཡ་གླིང་དང་ཧྥེ་གླིང་གི་རྒྱལ་ཁབ་དག་མཉམ་འབྲེལ་བྱས་ནས་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་རྣམ་པ་གསར་བ་རིམ་བཞིན་གྲུབ། སྤྱི་ལོ1955ལོར། ཧིན་རྡུ་ཉི་ཞི་ཡའི་ཝན་ལུང་དུ་ཡ་ཧྥེ་གྲོས་ཚོགས་ཐེངས་དང་པོ་ཚོགས་ཤིང་། གྲོས་ཚོགས་སུ་ཞུགས་པའི་འཐུས་མི་ནི་ཡ་གླིང་དང་ཧྥེ་གླིང་གི་རྒྱལ་ཁབ་དང་ས་གནས29ནས་ཡོང་བ་ཡིན།

རིགས་དབྱེ།  

གནམ་བསྐོས་གོང་མའི་ལམ་ལུགས།

གནམ་བསྐོས་གོང་མའི་ལམ་ལུགས་ནི་འཇར་པན་གྱི་གནམ་བསྐོས་གོང་མ་ཉིད་ཆེས་མཐོའི་དབང་བསྒྱུར་བར་བསྐོས་པའི་སྒེར་གཅོད་དབང་སྒྱུར་གྱི་ལམ་ལུགས་ཤིག་ཡིན་པ་དང་། གནམ་བསྐོས་གོང་མ་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་པ་དང་། དེར་ཁྲིམས་འཛུགས་དང་། སྲིད་འཛིན། དེ་བཞིན་དམག་དཔུང་བཀོད་འདོམས་ཀྱི་དབང་ཆ་ཡོད་པ་གཏན་འཁེལ་བྱས་ཡོད།

རིགས་དབྱེ།