ཡོ་རོབ་ཤར་མའི་འཕོ་འགྱུར་ཆེན་མོ།

ཡོ་རབ་འཕོ་འགྱུར་ཆེན་མོ་ལ་སུའུ་ཤར་མའི་འཕོ་འགྱུར། ཡོ་རོབ་ཤར་མའི་གསར་བརྗེ་ཆེན་མོ། ཡོ་རོབ་ཤར་མ་དམངས་གཙོ་ཅན་དུ་འགྱུར་བ་སོགས་འབོད། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་སྤྱི་ལོ1989ལོའི་གསར་བརྗེ་ཟེར། དེ་ནི་དུས་རབས་ཉི་ཤུ་བའི་ལོ་རབས80བའི་མཇུག་ནས90འགོ་ཡིན། ཡོ་རོབ་ཤར་མའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་སོ་སོའི་ཆབ་སྲིད་དཔལ་འབྱོར་སྒྲིག་ཁྲིམས་རྩ་བ་ནས་འགྱུར་ལྡོག་ཆེན་པོ་བྱུང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐར་མ་རྩ་རིང་ལུགས་ཀྱི་ལམ་ལུགས་སུ་འགྱུར་བ་དང་། དེ་ནི་ཡོ་རོབ་ཤར་མའི་སྤྱི་ཚོགས་ལམ་ལུགས་ཀྱི་ལས་དོན་ལ་ཕམ་ཉེས་ཐེབས། འཛམ་གླིང་སྤྱི་ཚོགས་རིང་ལུགས་དང་། གུང་ཁྲན་རིང་ལུགས་ཀྱི་ལས་འགུལ་འགྲིབ་རླབས་ལྟར་ཤུགས་ཇེ་ཆུང་དུ་གྱུར།

རིགས་དབྱེ།