ཡོ་རོབ་ཤར་མའི་འཕོ་འགྱུར་ཆེན་མོ།

ཡོ་རབ་འཕོ་འགྱུར་ཆེན་མོ་ལ་སུའུ་ཤར་མའི་འཕོ་འགྱུར། ཡོ་རོབ་ཤར་མའི་གསར་བརྗེ་ཆེན་མོ། ཡོ་རོབ་ཤར་མ་དམངས་གཙོ་ཅན་དུ་འགྱུར་བ་སོགས་ཞེས་འབོད། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་སྤྱི་ལོ1989ལོའི་གསར་བརྗེ་ཟེར། དེ་ནི་དུས་རབས་ཉི་ཤུ་བའི་ལོ་རབས80བའི་མཇུག་ནས90འགོ་ཡིན། ཡོ་རབ་ཤར་མའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སོ་སོའི་ཆབ་སྲིད་དཔལ་འབྱོར་སྒྲིག་ཁྲིམས་ཀྱི་རྩ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐར་མ་རྩ་རིང་ལུགས་ཀྱི་ལམ་ལུགས་སུ་གྱུར་བ་དང་། དེ་ནི་ཡོ་རོབ་ཤར་མའི་སྤྱི་ཚོགས་ལམ་ལུགས་ཀྱི་ལས་དོན་ལ་ཕམ་ཉེས་ཐེབས། འཛམ་གླིང་སྤྱི་ཚོགས་རིང་ལུགས་དང་། གུང་ཁྲན་རིང་ལུགས་ཀྱི་ལས་འགུལ་འགྲིབ་རླབས་ལྟར་ཤུགས་ཇེ་ཆུང་དུ་གྱུར་ཏེ། དང་ཐོག་ཕོ་ལིན་ནས་མངོན་བྱུང་། དེ་ལྟར་རིམ་གྱིས་ཤར་འཇར་མན། སུ་ལོ་ཧྥ་ཁུ། ཧང་ཀུ་རེ། པུར་ཀ་རི་ཡ། རོ་མ་ནི་ཡ་སོགས་སྔོན་ཧྭ་ཧྲ་ཆིངས་ཡིག་སྒྲིག་འཛུགས་རྒྱལ་ཁབ་སོགས་སུ་འཕེལ། དོན་རྐྱེན་འདི་སུའུ་ལེན་ཁ་ཐོར་དུ་སོང་བ་དང་མཇུག་སྒྲིལ། སྤྱིར་བཏང་གིས་འཇམ་འཐབ་མཇུག་རྫོགས་པའི་མཚོན་རྟགས་ཡིན་པར་འདོད། ཡོ་རོབ་ཤར་མའི་འཕོ་འགྱུར་ཆེན་མོའི་ངོ་བོ་ནི་ཡོ་རབ་ཤར་མའི་རྒྱལ་ཁབ་སོ་སོའི་ཆབ་སྲིད་སྒྲིག་ཁྲིམས་དང་སྤྱི་ཚོགས་རང་བཞིན་ལ་འགྱུར་ལྡོག་བྱུང་བ་རེད།