ཧྥ་རན་སེའི་སྤྱི་མཐུན་བགྲོད་ལམ།

སྤྱི་ལོ1792ལོར། ཧྥ་རན་སེས་རྒྱལ་པོའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དོར་ནས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་དེ་ནི་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོག་མའི་བགྲོད་ལམ་ཡིན།

རིགས་དབྱེ།  

ཧྥ་རན་སེའི་སྤྱི་མཐུན་སྲིད་དབང་ལམ་ལུགས།

སྤྱི་ལོ1875ལོའི་ལོ་མགོར། རྒྱ་ཆེ་བའི་མང་ཚོགས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པར་བརྟེན་ནས། རྒྱལ་དམངས་གྲོས་ཚོགས་སྟེང་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་གསུམ་པའི་རྩ་ཁྲིམས་ལ་གྲོས་འཆམ་བྱུང་སྟེ། བཅའ་ཁྲིམས་ཐོག་སྤྱི་མཐུན་སྲིད་དབང་གི་ལམ་ལུགས་དངོས་སུ་གཏན་འཁེལ་བྱས།

རིགས་དབྱེ།  

ཧྥ་རན་སེའི་གོང་མའི་རྒྱལ་ཁབ་གཉིས་པ།

སྤྱི་ལོ1852ལོར་ན་ཕོ་ལོན་གྱི་ཚ་བོ་ལུའུ་དབྱི་པོ་ན་པ་ཙུང་ཐུང་དུ་བསྡད་དེ་རྒྱལ་ཁབ་ཅིག་བཙུགས་པ་དེར་ཧྥ་རན་སེའི་གོང་མའི་རྒྱལ་ཁབ་གཉིས་པ་ཟེར།

རིགས་དབྱེ།  

ཧྥ་རན་སེའི་གོང་མའི་རྒྱལ་ཁབ་དང་པོ།

སྤྱི་ལོ1804ལོར་ན་ཕོ་ལུན་གྱིས་བཙུགས་པའི་གོང་མའི་རྒྱལ་ཁབ་དེ་ནི་ལོ་རྒྱུས་སྟེང་གི་ཧྥ་རན་སེའི་གོང་མའི་རྒྱལ་ཁབ་དང་པོ་ཡིན།

རིགས་དབྱེ།  

ཧྥ་རན་སེའི་གོང་མའི་རྒྱལ་ཁབ་གསུམ་པ།

སྤྱི་ལོ1870ལོར། ཧྥ་རན་སེ་དང་ཕི་རི་སིའི་བར་ལ་དམག་འཁྲུག་བྱུང་ནས་ཧྥ་རན་སེ་ཕམ་པར་གྱུར། ཧྥ་རན་སེའི་གོང་མའི་རྒྱལ་ཁབ་གཉིས་པ་སྲིད་སྟེགས་ནས་ལྷུང་ཞིང་ཧྥ་རན་སེས་ཡང་བསྐྱར་སྤྱི་མཐུན་རྒྱལ་ཁབ་བཙུགས། དེ་ནི་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་གསུམ་པ་ཡིན།

རིགས་དབྱེ།  

ཧྥ་རན་སིའི་གསར་བརྗེ་ཆེན་མོ།

ཧྥ་རན་སིའི་གསར་བརྗེ་ཆེན་མོ་ནི་སྤྱི་ལོ1789ལོ་ནས་སྤྱི་ལོ1794ལོའི་བར་ཧྥ་རན་སིའི་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་ལམ་ལུགས་མགོ་རྟིང་སློག་ཕྱིར་མ་རྩ་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཏེ་གསར་བརྗེ་བྱས་པ་དེ་ལ་ཟེར།

རིགས་དབྱེ།