ཤིང་རྟ་ལོའི་ཞིང་བའི་འོས་ལངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤིང་རྟ་ལོའི་ཞིང་བའི་འོས་ལངས།
ཤིང་རྟ་ལོའི་ཞིང་བའི་འོས་ལངས་ནི་ཁོ་རེ་ཡའི་ཞིང་བ་མང་ཚོགས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱི་རྒྱལ་བཙན་འཛུལ་བར་ངོ་རྒོལ་བྱས་པའི་འོས་ལངས་ལ་ཟེར་ཞིང་། འོས་ལངས་དེ་ལུགས་རྙིང་གི་ཤིང་རྟ་ལོར་བྱུང་བས་མིང་དེ་ལྟར་བཏགས་པ་དང་། མིང་གཞན་ལ་ཏུང་ཞུའེ་ཏང་འོས་ལངས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甲午农民起义(即朝鲜东学党起义)
ས་གནས།
ཁྲའོ་ཞན་རྒྱལ་ནང་།
དུས་ཚོད།
སྤྱི་ལོ1894ལོ།
ཞུགས་མཁན་གཙོ་བོ།
ཏུང་ཞུའེ་ཏང་། ཁྲའོ་ཞན་རྒྱལ་རབས། ཆིང་རྒྱལ་རབས། ལྗར་པན།
མཇུག་འབྲས།
ཕམ་ཁ་མྱངས་པ།
ངོ་བོ།
ཞིང་བའི་འོས་ལངས།
རྒྱུད་མཐུད་དུས་ཡུན།
ཟླ་བ་བཅུ།
1 ངོ་སྤྲོད།

ཤིང་རྟ་ལོའི་ཞིང་བའི་འོས་ལངས་ནི་ཁོ་རེ་ཡའི་ཞིང་བ་མང་ཚོགས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་དང་ཕྱི་རྒྱལ་བཙན་འཛུལ་བར་ངོ་རྒོལ་བྱས་པའི་འོས་ལངས་ལ་ཟེར་ཞིང་། འོས་ལངས་དེ་ལུགས་རྙིང་གི་ཤིང་རྟ་ལོར་བྱུང་བས་མིང་དེ་ལྟར་བཏགས་པ་དང་། མིང་གཞན་ལ་ཏུང་ཞུའེ་ཏང་འོས་ལངས་ཀྱང་ཟེར། སྤྱི་ལོ1893ལོར་ཆན་ལོ་ཏའོ་ས་ཁུལ་དུ་སྟོན་སྡུད་བྱ་སྐབས། ས་གནས་དཔོན་རིགས་ཀྱིས་བཙན་ཤེད་ངང་ཁྲལ་སྡུད་བྱས་པས་མང་ཚོགས་ཡི་མ་རང་བར་ཁོང་ཁྲོ་ལངས། སྤྱི་ལོ1894ལོར་ཀོ་ཧྥུ་ས་ཁུལ་དུའང་ཞིང་བ་ཡར་ལངས་བྱས་ཤིང་མཐར་རྒྱལ་ཡོངས་རང་བཞིན་གྱི་ཞིང་བའི་དམག་འཁྲུག་ཅིག་ཏུ་གྱུར། ལོ་དེའི་ཟླ6པར། ཀྲུང་གོའི་ཆིང་སྲིད་གཞུང་དང་ལྗར་པན་གྱིས་སྔ་ཕྱིར་ཁོ་རེ་ཡར་དམག་བཏང་ཞིང་། ལྗར་པན་གྱིས་གཞུང་ཚབ་ཁང་དང་མི་དམངས་སྲུང་སྐྱོབ་ལ་ཁ་གཡར་ནས་ཀྲུང་ལྗར་ཤིང་རྟ་ལོའི་དམག་འཁྲུལ་བསླངས། ཤིང་རྟ་ལོའི་དམག་འཁྲུག་གི་རྗེས་སུ། ལྗར་དམག་དང་དཔོན་དམག་མཉམ་འབྲེལ་གྱིས་འོས་ལངས་དམག་ལ་ཚུར་རྒོལ་བྱས་པ་དང་། མཐར་ཞིང་བའི་འོས་ལངས་ལ་ཕམ་ཁ་བྱུང་། ཐེངས་འདིའི་ཞིང་བའི་དམག་འཁྲུག་ནི་ཁོ་རེ་ཡའི་ལོ་རྒྱུས་ཐོག་གི་གཞི་རྒྱ་ཆེས་ཆེ་བའི་ཞིང་བའི་འོས་ལངས་ཤིག་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།