ཨ་མེ་རི་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མེ་རི་ཁ།
རྒྱལ་ཁབ་ཀྱི་མིང་ལ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཟེར། རྒྱལ་ཁབ་འདི་ནི་ཨ་མེ་རི་ཁ་གླིང་ཆེན་གྱི་བྱང་ཕྱོགས་ན་ཆགས་ཡོད། རྒྱལ་ཁབ་འདིར་ཨ་རི་མངའ་སྡེ་གཅིག་སྡུད་ཡང་ཟེར་སྲོལ་ཡོད་པ་རེད། སྤྱི་ལོ1776ལོར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ནས་རྒྱལ་ཁབ་གསར་དུ་དབུ་བརྙེས་པ་རེད། དེའི་སྐབས་སུ་འཇོར་ཇེའུ་ཧྭ་ཧྲིན་ཏུང་ནི་དམག་དཔོན་ཡིན། འོན་ཀྱང་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་ཁོང་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་དེར་འདེམས་ཐོན་བྱུང་། དེའི་སྐབས་སུ་རྒྱལ་ས་མེད་པས་ཁོང་གི་ཡུལ་དང་ཐག་ཉེ་སར་རྒྱལ་ས་འདེམས་ནས་དེང་སང་གི་རྒྱལ་ས་དེ་འདེམས་པ་རེད། དེ་ནས་བཟུང་རྒྱལ་ས་ལ་ཁོང་གི་མིང་ཐོག་ནས་ཧྭ་ཧྲིན་ཏུང་ཞེས་འབོད་ཀྱི་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美利坚合众国、 美国
ཕྱི་ཡིག་གི་མིང་།
The United States of America
བསྡུས་མིང་།
ཨ་རི།
ཁོངས་གཏོགས་གླིང་།
མེ་གླིང་བྱང་མ།
གྲོང་ཁྱེར་གཙོ་བོ།
ཉིའུ་ཡུའེ་སོགས།
རྒྱལ་སྟོན་ཉིན་མོ།
ཟླ7ཚེས4(རང་བཙན་ཉིན་མོ)
རྒྱལ་གླུ།
The Star-Spangled Banner
རྒྱལ་ཁབ་ཀྱི་ཚབ་རྟགས།
USA
དངུལ་ལོར།
ཨ་སྒོར།
དུས་ཁུལ།
ནུབ་ལྔ་ཁུལ་ནས་ནུབ་བཅུ་ཁུལ།
ཆབ་སྲིད་སྒྲིག་ཁྲིམས།
སྲིད་འཛིན་ལམ་ལུགས་ཀྱི་སྤྱི་མཐུན་ལམ་ལུགས།
རྒྱལ་ཁབ་ཀྱི་སྲིད་འཛིན།
སྲིད་འཛིན་བྷུ་རཱ་ཁུ • ཨའོ་པཱ་མཱ།
མི་འབོར།
321,163,157
མི་གྲངས་འདུས་ཚད།
མི23/སྤྱི་ལེ་གྲུ་བཞི་མ།
མི་རིགས་གཙོ་བོ།
ཨ་རི་བ་དང་ཧྥེ་རྒྱུད་ཨ་རི་བ་སོགས།
ཆོས་ལུགས།
ཡེ་ཤུའི་ཆོས། གནམ་བདག་ཆོས་སོགས།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ9631420
ཆུ་ཁུངས་ཚད།
6.76%
GDPབསྡོམས་རྩིས།
ཨ་སྒོར་དུང་ཕྱུར་ཁྲི17.42
མི་རེའི་ཆ་སྙོམསGDP
ཨ་སྒོར54644
རྒྱལ་སྤྱིའི་ཁ་པར་ཁུལ་ཨང་།
001
རྒྱལ་སྤྱིའི་ཁུལ་མིང་བསྡུས་འབྲི།
USAའམUS
འགྲོ་ལམ་བགྲོད་སྟངས།
གཡས་སུ་རྟེན་པ།
ཀྲུང་དབྱང་དངུལ་ཁང་།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་མ་ལག
མཐོ་རིམ་སློབ་ཆེན།
ཧྭ་ཧྥའོ་དང་སི་ཏན་ཧྥུའུ་སོགས།
མིའི་རིགས་འཕེལ་རྒྱས་ཀྱི་སྟོན་གྲངས།
0.914(ཨང5པ། 2014ལོ)
རྒྱལ་ཁབ་ཀྱི་མེ་ཏོག་དང་བྱ།
རྒྱ་སེའི་མེ་ཏོག མཚོ་གླག་ཀླད་དཀར།
མི་སྣ་གྲགས་ཅན།
ཅའོ་ཀྲི • ཧྭ་ཧྲིན་ཏུང་། ཅེ་ཁུ་ཞུན། ལུའོ་སི་ཧྥུའུ།
བཅའ་ཁྲིམས་མ་ལག
ཨ་རི་དང་དབྱིན་ཇིའི་བཅའ་ཁྲིམས་མ་ལག
རྒྱལ་དར།
stars and Stripe
1 ངོ་སྤྲོད།

མེ་གླིང་བྱང་མ་ནི་དང་ཐོག་ཡིན་ཏི་ཨེན་མིའི་འཚོ་གནས་བྱེད་ས་ཡིན། དུས་རབས15བའི་མཇུག་ལ་སི་ཕན་དང་ཧུ་ལན་རྒྱལ་ཁབ་སོགས་ཀྱིས་ས་དེར་མི་མང་པོ་གནས་སྤོ་བྱས་པ་དང་། དབྱིན་ཇིའི་མི་གྲངས་ནི་ཆེས་མང་གྲས་ཡིན། སྤྱི་ལོ1773ལོར། དབྱིན་ཇིས་མི་སེར་སྤེལ་ཡུལ་བཅུ་གསུམ་བཙུགས་པ་རེད། 1775 ལོར། མེ་གླིང་བྱང་མའི་མི་དམངས་ཀྱིས་མི་སེར་སྤེལ་མཁན་དབྱིན་ཇི་ལ་ངོ་རྒོལ་བྱས་པ་སྟེ། དེ་ལ་རང་བཙན་འཐབ་འཁྲུག་ཀྱང་ཟེར། སྤྱི་ལོ1776ལོའི་ཟླ7པའི་ཚེས4བར། ཧྥེ་ཁྲིང་ནས་ཐེངས་གཉིས་པའི་སྐམ་སའི་ཚོགས་འདུ་འཚོགས་པ་རེད། ཅའོ་ཀྲི · ཧྭ་ཧྲིན་ཏུང་སྤྱི་ཁྱབ་དམག་སྤྱི་ལ་བསྐོས་པ་རེད། 《རང་བཙན་བསྒྲག་གཏམ》བརྒྱུད། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པ་རེད། རང་བཙན་འཐབ་འཁྲུག་མཇུག་རྫོགས་རྗེས་ཀྱི་སྤྱི་ལོ1788ལོར། ཅའོ་ཀྲི · ཧྭ་ཧྲིན་ཏུང་ཨ་རིའི་སྲིད་འཛིན་ཐོག་མ་འདེམས་ཐོན་བྱུང་བ་རེད། ལྷོ་བྱང་འཐབ་འཁྲུག་རྗེས། ཨ་རིའི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རེམ་མྱུར་གྱིས་ཡར་བསྐྱེད་ཆེན་པོ་བྱུང་། དུས་རབས19བའི་མགོར། ཨ་རིའི་ཕྱི་ཕྱོགས་ལ་རྒྱ་བསྐྱེད་པ་རེད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བརྒྱུད། ཨ་རིའི་སྟོབས་ཤུགས་ཆེ་ཆེར་ཕྱིན་པ་སྟེ། དེང་སྐབས་འཛམ་གླིང་གི་བཙན་དབང་རྒྱལ་ཁབ་ཆེན་མོ་གཅིག་པུ་ཡིན།

ཨ་རི་ནི་འཕེལ་རྒྱས་ཆེས་མྱུར་བའི་མ་རྩ་རིང་ལུགས་རྒྱལ་ཁབ་ཅིག་རེད། དེའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་རིག་གནས། གསར་གཏོད་སོགས་ཀྱི་སྟོབས་ཤུགས་ཀྱིས་འཛམ་གླིང་ལ་སྣེ་ཁྲིད་བྱེད་བཞིན་ཡོད། དམག་དོན་ཚན་རྩལ་ཧ་ཅང་དར་བའི་རྒྱལ་ཁབ་ཆེནམོ་ཞིག་ལ་མཚོན་ན། དེའི་མཐོ་རིམ་སློབ་གསོའི་ཆུ་ཚད་དང་ཚན་རིག་ཞིབ་འཇུག་ཀྱང་འཛམ་གླིང་གི་ཡང་རྩེར་སོན་ཡོད། དང་པོ། ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་ཆེ་བ་དང་། ཞིབ་འཇུག་རྣམ་པའི་མཐོ་སློབ་ཁེ་ལས་མང་པ་དང་། ཚན་རིག་ཞིབ་འཇུག་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་པ་འཛམ་གླིང་རྒྱལ་ཁབ་གཞན་གྱིས་ཡིད་སྨོན་བྱེད་ས་ཡིན། རྒྱལ་ནང་དུ་གནད་དོན་མང་པོ་ཡོད་རུང་། ཨ་རི་ལ་བཅའ་ཁྲིམས་ལམ་ལུགས་དང་། བདེ་ཐང་གི་འཚོ་བའི་ཁོར་ཡུག་དང་། རྩེར་སོན་གྱི་སློབ་གསོའི་ཐོན་ཁུངས་སོགས་ཅུང་ཆ་ཚང་ལྡན་པས། འཛམ་གླིང་གི་མི་མང་པོ་ཞིག་གིས་ཡིད་སེམས་དྲངས་ཡོད།

ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ(དབྱིན་ཇིའི་སྐད། United State of America)ནི་ཨ་མེ་རི་ཁ་གླིང་ཆེན་གྱི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཧྭ་ཧྲིན་ཏུང་རེད།

རྒྱལ་ཁབ་ཀྱི་མིང་ལ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཟེར་ཞིང་བསྡུ་ཚིག་བྲིས་ན(USA)ཞེས་འབྲི། རྒྱལ་ཁབ་འདི་ནི་ཨ་མི་རི་ཁ་གླིང་ཆེན་གྱི་བྱང་ཕྱོགས་ན་ཆགས་ཡོད། རྒྱལ་ཁབ་འདིར་ཨ་རི་མངའ་སྡེ་གཅིག་སྡུད་ཡང་ཟེར་སྲོལ་ཡོད་པ་ཤེས་པར་བྱའོ། དར་ཆ་འདི་ཐོག་མར་ལྕམ་སྐུ་བྷེ་སེ་རོ་སི(Betsy Ross)ཡིས་གསར་དུ་བཟོས་པ་རེད། སྤྱི་ལོ1777ལོའི་ཟླ6པའི་ཚེས14ཉིན་ཐོག་མའི་མངའ་སྡེ་བཅུ་གསུམ་གྱི་འཐུས་མི་ཚོགས་ཆེན་སྟེང་ནས་རྒྱལ་ཁའི་དར་ཆ་ལ་གཏན་འབེབས་གནང་བ་རེད། ཨ་རིའི་རྒྱལ་དར་ཆ་ལ་ཚོན་མདོག་གསུམ་ཡོད། དམར་པོ་དང་། སྔོན་པོ། དཀར་པོ་བཅས་སོ། དམར་པོས་བློ་སྟོབས་མཚོན། དཀར་པོས་རང་དབང་གི་བདེ་སྐྱིད་མཚོན། སྔོན་པོས་བདེན་པ་བདེན་དྲང་ངམ་རྒྱུ་འབྲས་དྲང་བཞག་མཚོན། ཕྱིས་སུ་སྤྱི་ལོ1818ལོར་འཐུས་མི་ཚོགས་ཆེན་སྟེང་ནས་དར་ཆ་ལ་ཡིག་ཆ་ཅུང་ཟད་འགྱུར་བ་བཏང་ནས་གསར་བ་གཏན་འབེབས་བྱུང་། ཤར་མོ་བཅུ་གསུམ་ཡོད་པ་དེས་ཐོག་མ་རྒྱལ་ཁབ་གསར་འཛུགས་སྐབས་ཀྱི་གྲོང་བརྡལ་ལམ་མི་སེར་སྤེལ་ཡུལ(colonies)བཅུ་གསུམ་མཚོན། སྐར་མ་རེ་རེས་མངའ་སྡེ་རེ་མཚོན། དར་ཆའི་སྟེང་ན་དེང་སང་སྐར་མ་རྩེ་ལྔ་ལྔ་བཅུ་ཐམ་པ་ཡོད། དེས་མངའ་སྡེ་ལྔ་བཅུ་མཚོན། མངའ་སྡེ་མཐའ་མ་དེ་ཧ་ཝེ་རེད། རྒྱལ་ཁབ་འདི་ནི་ཐོག་མར་སྤྱི་ལོ1776ལོར་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ནས་རྒྱལ་ཁབ་གསར་དུ་དབུ་བརྙེས་པ་རེད། དེའི་སྐབས་སུ་འཇོར་ཇེའུ་ཧྭ་ཧྲིན་ཏུང་ནི་དམག་དཔོན་ཡིན། འོན་ཀྱང་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་ཁོང་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་དེར་འདེམས་ཐོན་བྱུང་། དེའི་སྐབས་སུ་རྒྱལ་ས་མེད་པས་ཁོང་གི་ཡུལ་དང་ཐག་ཉེ་སར་རྒྱལ་ས་འདེམས་ནས་དེང་སང་གི་རྒྱལ་ས་དེ་འདེམས་པ་རེད། དེ་ནས་བཟུང་རྒྱལ་ས་ལ་ཁོང་གི་མིང་ཐོག་ནས་ཧྭ་ཧྲིན་ཏུང་ཞེས་འབོད་ཀྱི་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།