སུའུ་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ལེན།
སུའུ་ལེན་ནི་སྤྱི་ལོ1922ལོའི་ཟླ12པའི་ཚེས30ཉིན་ནས་སྤྱི་ལོ1991ལོའི་ཟླ12པའི་ཚེས26ཉིན་བར་གནས་པའི་མནའ་འབྲེལ་ལུགས་ཀྱི་མི་རིགས་མང་བའི་རྒྱལ་ཁབ་ལ་ཟེར་བ་དང་། རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་མནའ་འབྲེལ་ཞེས་ཟེར། མངའ་ཁོངས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི2240ཡོད་ལ། འཛམ་གླིང་སྟེང་གི་ས་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏维埃社会主义共和国联盟
ཕྱི་ཡིག་གི་མིང་།
Union of Soviet Socialist Republics
བསྡུས་མིང་།
སུའུ་ལེན། སུའུ་ཝེ་ཨེད་མནའ་འབྲེལ།
ཁོངས་གཏོགས་གླིང་ཆེན།
ཡོ་རོབ་གླིང་།
རྒྱལ་ས།
མོ་སུ་ཁོ།
གྲོང་ཁྱེར་གཙོ་བོ།
མོ་སུ་ཁོ། ལེ་ཉིན་ཀུ་ལི། ཅི་ཧྥུའུ་སོགས།
གཞུང་ཕྱོགས་སྐད་རིགས།
ཨུ་རུ་སུའི་སྐད།
རྒྱལ་ཁབ་བཙུགས་པའི་ལོ།
སྤྱི་ལོ1922ལོའི་ཟླ12པའི་ཚེས30ཉིན།
རྒྱལ་ཁབ་འཇིག་པའི་ལོ།
སྤྱི་ལོ1991ལོའི་ཟླ12པའི་ཚེས25ཉིན།
ཆབ་སྲིད་ལམ་ལུགས།
སུའུ་ཝེ་ཨེད་ལམ་ལུགས།
མི་གྲངས།
293.047.571 (སྤྱི་ལོ1991ལོ)
མི་རིགས་གཙོ་བོ།
ཨུ་རུ་སུ་མི། ཝུའུ་ཁུ་ལན་མི། ཨུ་རུ་སུ་མི་རྒྱུད་དཀར་པོ།
ཆོས་ལུགས་གཙོ་བོ།
ཏུང་ཀྲིན་ཆོས་ལུགས།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2240
རྒྱལ་ཁབ་ཀྱི་གཙོ་འཛིན།
ལེ་ཉིན། སི་ཏཱ་ལིན། ཧུ་ལོའུ་ཞའོ་ཧྥུའུ། ཀུ་ཨར་པཱ་ཆའོ་ཧྥུའུ་སོགས།
1 ངོ་སྤྲོད།

སུའུ་ལེན་ནི་སྤྱི་ལོ1922ལོའི་ཟླ12པའི་ཚེས30ཉིན་ནས་སྤྱི་ལོ1991ལོའི་ཟླ12པའི་ཚེས26ཉིན་བར་གནས་པའི་མནའ་འབྲེལ་ལུགས་ཀྱི་མི་རིགས་མང་བའི་རྒྱལ་ཁབ་ལ་ཟེར་བ་དང་། རྒྱལ་ཁབ་ཀྱི་མིང་ཆ་ཚང་ལ་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་མནའ་འབྲེལ་ཞེས་ཟེར། མངའ་ཁོངས་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི2240ཡོད་ལ། འཛམ་གླིང་སྟེང་གི་ས་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་ཡིན། མི་འབོར་དུང་ཕྱུར2.901ལྷག་དང་མི་རིགས100ཡོད་ལ། ཨུ་རུ་སུའི་མིས51%ཟིན་ཡོད། སུའུ་ལེན་ལ་ཨུ་རུ་སུ་ཝེ་ལཱ་ཁུ། ཨུ་རུ་སུ་དཀར་པོ་བཅས་མནའ་ཞུགས་སྤྱི་མཐུན་རྒྱལ་ཁབ15དང་རང་སྐྱོང་རྒྱལ་ཁབ20རང་སྐྱོང་ཁུལ8བཅས་འདུས་ཤིང་། ལེ་ཉིན་དང་སི་ཏཱ་ལིན། ཧུ་ལོའུ་ཞའོ་ཧྥུའུ། པོ་ལི་རུ་ཉེ་ཧྥུའུ། ཀུ་ཨར་པཱ་ཆའོ་ཧྥུའུ་སོགས་ཀྱིས་རྒྱལ་ཁབ་ཀྱི་གཙོ་འཛིན་མཛད་མྱོང་།

སྤྱི་ལོ1925ལོར་སུའུ་ཨུ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་གྱི་ལས་འགན་བཏོན་པ་དང་། སྤྱི་ལོ1937ལོར་སུའུ་ལེན་གྱི་བཟོ་ལས་ཐོན་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས། དུས་རབས20པའི་ལོ་རབས60པར་སུའུ་ལེན་གྱི་དཔལ་འབྱོར་སྟོབས་ཤུགས་འཛམ་གླིང་གི་ཨང་གཉིས་པར་སླེབས་རུང་། རྒྱལ་དམངས་དཔལ་འབྱོར་དོ་མི་མཉམ་པ་དང་དམག་དོན་བཟོ་ལས་ལམ་ལོག་ཏུ་ཞུགས་པ། འཛད་སྤྱོད་དགོས་མཁོ་སྐོང་མི་ཐུབ་པ་བཅས་ཀྱི་གནད་དོན་བྱུང་ལ། ཨ་རི་དང་བཙན་དབང་ཧམ་འཕྲོག་གི་འགལ་བ་དྲག་ཏུ་ཕྱིན།

སྤྱི་ལོ1991ལོའི་ཟླ8པའི་ཚེས19ཉིན་གྱི་དོན་རྐྱེན་བྱུང་རྗེས་མནའ་ཞུགས་རྒྱལ་ཁབ་སོ་སོ་ནས་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། ཟླ12པའི་ཚེས8ཉིན་ཨུ་རུ་སུ་དང་ཨུ་རུ་སུ་དཀར་པོ་སོགས་རྒྱལ་ཁབ་གསུམ་གྱིས《རང་བཙན་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཆོད་དོན》ལ་མིང་རྟགས་བཀོད། ཟླ12པའི་ཚེས24ཉིན་ཀུ་ཨར་པཱ་ཆའོ་ཧྥུའུ་སུའུ་ལེན་ཙུང་ཐུང་གི་ལས་ཁུར་དགོངས་ཞུ་བྱས་པ་དང་སུའུ་ལེན་གྱི་ཆེས་མཐོའི་སུའུ་ཝེ་ཨེད་ཀྱིས་སུའུ་ལེན་འཐོར་བ་ཁྱབ་བསྒྲགས། ཨུ་རུ་སུའི་ཙུང་ཐུང་གི་ཕོ་ཅིན་གྱིས་སུའུ་ལེན་འཐོར་བ་ནི་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཀྱི་སྐྱོ་གར་ཞིག་རེད་ཅེས་གསུངས་མྱོང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།