རྡོ་རིང་ཡི་གེ།

རྡོ་རིང་ཡི་གེ་ནི་དུས་རབས་བརྒྱད་པ་ནས་དགུ་བའི་བར་བོད་ཡུལ་དུ་བཞེངས་ཤིང་ད་ལྟའི་བར་གནས་པའི་ལྷ་སའི་གཙུག་ལག་གི་རྡོ་རིང་སོགས་རྡོ་རིང་བཅུ་ལྷག་ལས་བྱུང་བའི་ཡི་གེ་རྣམས་ལ་བྱ་ཞིང་། དེ་དག་གི་ནང་དོན་ནི་རྒྱ་བོད་མི་རིགས་མཇལ་དུས་མཛད་པའི་མནའ་ཚིག་དང་། མཆོད་ཚིག སྨོན་ཚིག་སོགས་ཡིན།

རིགས་དབྱེ།  

མ་སངས།

《དུང་དཀར་ཚིག་མཛོད་ཆེན་མོ》ལས། མ་སངས་ནི་བོན་པོའི་གཞུང་དང་འདྲེ་སྒྲུང་སོགས་ཀྱི་ནང་ལྷ་འདྲེ་དང་མི་མཉམ་དུ་འདུས་ནས་བྱུང་བའི་བུ་ཕྲུག་ལ་མ་སངས་རུས་དགུ་བྱུང་བར་བཤད། 《བོན་གྱི་ཤེས་རིག་ཚིག་མཛོད》ལས། 1མ་སངས་ནི་མི་མ་ཡིན་གྱི་རིགས་ཤིག 2མ་སངས་ནི་རུས་རིགས་ཤིག་ཡིན།

རིགས་དབྱེ།  

ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི།

​ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ནི་རྒྱལ་རབས་ཉེར་དགུ་པ་ཁྲི་གཉན་གཟུང་བཙན་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་བར་ཡིན་ལ། སྤུར་རྒྱལ་དེ་དག་གིས་སྲིད་སྐྱོང་གི་ལོ་ཚིགས་ནི་སྤྱི་ལོ493ནས་སྤྱི་ལོ629བར་ཡིན།

རིགས་དབྱེ།  

འ་ཞ།

འ་ཞ་ནི་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་ནས་ལྷོ་སྦད་ལན་ལ་ཐུག་གི་བར་དུ་བོད་ཀྱི་ཤར་མཐར་གཞུ་དབྱིབས་ལྟར་བསྐོར་ནས་ཡོད་པ་དང་། དེའི་རྒྱ་ཁྱོན་ལ་ལེ་དབར་སྟོང་ཕྲག་ཙམ་ཡོད་པས་དེ་དང་ཉེ་བའི་བོད་ཀྱི་ཁྱབ་ཁོངས་སུ་གནས་པའི་རྒྱལ་ཕྲན་ལ་བོད་རྣམས་ཀྱིས་འ་ཞ་ཞེས་འབོད་པ་དེ་འདྲ་ཞིག་ཡིན།

རིགས་དབྱེ།  

དབོན་ཞང་རྡོ་རིང་གི་ཆིངས་ཡིག་རྡོ་བརྐོས་མ།

རྒྱལ་བོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ལ་སྲས་གཙང་མ། དར་མ། རལ་བ་ཅན། ལྷ་རྗེ། ལྷུན་འགྲུབ་སྟེ་ལྔ་ལས་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་རྒྱལ་སར་བཀོད། བཙུན་མོ་དཔལ་གྱི་ངང་ཚུལ་ཁབ་ཏུ་བཞེས། བྲན་ཁ་དཔལ་ཡོན་སོགས་ཀྱིས་བློན་པོ་བྱས་ཏེ། རྒྱལ་ཁམས་དབང་བསྒྱུར། འུ་ཤང་རྡོའི་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། པཎ་ཌི་ཏ་མང་བོ་སྤྱན་དྲངས་ཏེ་ལོ་པཎ་རྣམས་ཀྱིས་མདོ་རྒྱུད་བསྟན་བཅོས་མང་བོ་བསྒྱུར། ལོ་པཎ་རྣམས་ཀྱིས་སྔར་བསྒྱུར་པ་རྣམས་ལ་དག་བཅོས་དང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་མཛད། འབྲིང་བ་ལ་སྒྲ་སྦྱོར་བམ་གཉིས་ཟེར། འདིའི་དུས་སུ་ཡང་རྒྱ་དང་དབོན་ཞང་མ་མཐུན་པར། བོད་དམག་ཁྲི་ཚོ་མང་བོ་དྲངས་ཏེ། རྒྱ་ཡུལ་གྱི་མཁར་མང་བོ་བཅོམ་པའི་སྐབས། བོད་ཀྱི་དགེ་འདུན་པ་རྣམས་དང་། རྒྱའི་བཙུན་པ་རྣམས་ཀྱིས་བར་བྱས་ནས་བཀའ་མོལ་གྱི་མཚམས་སྦྱར་ཏེ་དབོན་ཞང་མཐུན་པར་མཛད། རྒྱའི་གུང་གུ་རྨེ་རུར་རྡོ་རིང་བཙུགས་ཏེ་རྒྱ་བོད་ཀྱི་ས་མཚམས་སུ་བཅད་ནས། ཕན་ཚུན་གཉིས་ཀས་ས་མཚམས་ལས་ཕྱི་རོལ་ཏུ་བརྒལ་ཏེ་དམག་གི་གཡུལ་བཤམས་པ་སོགས་མི་བྱེད་པའི་དཔང་དུ་ལྷ་ཀླུ་གཉན་པོ་བཞག་སྟེ་བྲོ་བོར་བའི་ཡི་གེ་ལྷ་ས་དང་། རྒྱ་རྗེའི་ཕོ་བྲང་། གུང་གུ་རྨེ་རུ་གསུམ་གྱི་རྡོ་རིང་ལ་བྲིས། དུས་དེར་རྒྱ་བོད་གཉིས་མཐུན་ཞིང་འབྲེལ་བ་བཟང་བས། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོན་ཞང་ཞེས་གླེང་ངོ་།།

རིགས་དབྱེ།  

སད་མི་བདུན།

བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་བསྟན་པ་གཏན་གནས་དང་དར་རྒྱས་ཡོང་ཆེད་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་དང་བཀའ་གྲོས་ལེགས་པར་གནང་སྟེ་བོད་ཡུལ་གྱི་རྗེ་འབངས་ཁྲོད་ནས་བློ་རིག་གསལ་ལ་སྤྱང་གྲུང་ལྡན་པའི་བུ་སློབ་བདུན་ཏེ། སྦ་གསལ་སྣང་། སྦ་ཁྲི་བཞེར། བཻ་རོ་ཙ་ན། རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག གཙང་ལེགས་གྲུབ་བཅས་བདམས་ནས་མཁན་ཆེན་ཞི་བ་འཚོས་མཁན་པོ་དང་། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་སློབ་དཔོན་མཛད་དེ་བར་ཁང་གཡུ་ཤལ་ལམ་ཞལ་མཐིལ་དུ་ཐོག་མར་རབ་ཏུ་བྱུང་བས་ཁོང་རྣམས་ནི་བོད་ཀྱི་རབ་བྱུང་བའམ་དགེ་འདུན་དང་པོ་ཡིན་པས་ཀུན་གྱིས་སད་མི་བདུན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་དང་། དད་པའི་མེ་ཏོག་དུས་ད་ལྟའང་གཏོར་བཞིན་མཆིས་སོ།།

རིགས་དབྱེ།  

བཙན་པོའི་གདུང་ཁུངས།

འདིར་གནའ་བོའི་ཡིག་རྙིང་ཁྲོད་དུ་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ཐོག་མར་ཡུལ་གང་ནས་བྱོན་པ་དང་། རིགས་རུས་གང་ལས་ཆད་པ། བོད་ཀྱི་རྒྱལ་བོ་ཐོག་མར་ཅི་ལྟར་གདན་དྲངས་ཚུལ། གདན་འདྲེན་མཁན་སུ་ཡིན་པ་སོགས་ཇི་བཞིན་དུ་བཀོད་ཡོད།

རིགས་དབྱེ།  

P.T.1287(1)

ཏུན་ཧོང་ཤོག་དྲིལ་ཨངP.T.1287ནང་དུ་བཙན་པོ་སློན་བཙན(གནམ་རི་སྲོང་བཙན)དང་སློན་ཀོལ་སྤུན་མཆེད་གཉིས་དང་། མྱང་ཙེ་སྐུ་དང་དབས་དབྱི་ཚབ། དབས་མྱེས་སྣང་། དབས་པུ་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་རྗེ་བློན་བརྒྱད་ཀྱིས་ཕན་བར་ལ་བཞག་པའི་མནའ་ཚིག་དེ་ཇི་མ་ཇི་བཞིན་བཀོད་ཡོད།

རིགས་དབྱེ།  

P.T.1287(2)

ཏུན་ཧོང་ཤོག་དྲིལ་ཨངP.T.1287ནང་དུ་སྲོང་བཙན་སྒམ་པོས་ཡབ་ཀྱི་རིང་ནས་བཙན་པོ་ལ་བློ་དཀར་བའི་ཕངས་ཏོ་རེ་དབྱི་ཚབ་ཕ་ཚན་སྤུར་རྒྱལ་ལ་བློ་མ་ལོག་ན་དུས་ནམ་ཡང་དབྱི་ཚབ་ཀྱི་བུ་རབས་ཚ་རྒྱུད་ལ་ཉེས་ཁྲིམས་མི་གཅོད་པ་སོགས་མནའ་ཚིག་བོར་བའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

P.T.1287(3)

ཏུན་ཧོང་ཤོག་དྲིལ་ཨངP.T.1287ནང་དུ་བོད་ཀྱི་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་། རྒྱའི་བློན་པོ་ཧྲང་ཧྲུའུ་ཝང་ཞའོ་ཅེ་ཞེས་པ་གཉིས་ཀྱིས་ཁ་ཤགས་རྩོད་པ་བརྒྱབ་པའི་ཚིག་རྣམས་རེ་རེ་བཞིན་བཀོད་ཡོད།

རིགས་དབྱེ།  

P.T•1083

ཡིག་ཆ་ཨངP.T•1083ནང་དུ་རང་མོས་སྒོས་གཉེན་སྒྲིག་བྱེད་པ་ལས་གང་འདོད་དུ་བུ་མོ་རྣམས་གཉེན་སློང་བྱས་མི་ཆོག་པའི་བཀའ་རྒྱ་བཀྲམ་ཡོད།

རིགས་དབྱེ།  

ཡིག་ཆ་ཨངⅢནང་དུ་ས་ཞིང་རྨོ་འདེབས་ཀྱི་ལམས་ལུགས་ལག་བསྟར་བྱེད་དགོས་པའི་བཀའ་ཡིག་བཀྲམ་ཡོད།

རིགས་དབྱེ།  

ཤིང་ཁྲམ།

ཤིང་ཁྲམ་ནི་བོད་ཀྱི་བཙན་པོ་དག་གིས་ས་ཁུལ་ཞིག་ལ་བཅའ་སྡོད་དམག་དཔུང་དང་རྩེ་རྗེ་སོགས་དཔོན་རིགས་མངག་གཏོང་བྱས་ནས་ས་ཚིགས་འཛུགས་ཚུལ་དང་། བཅའ་ཁྲིམས་བཟོ་ཚུལ། སོ་རྒྱགས་སྤྲོད་ཚུལ། འབངས་གཡུང་རྣམས་ཞིང་ཁ་འདེབས་སུ་འཇུག་ཚུལ། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་ཚུལ། དེ་གར་ཆོས་ལུགས་ཆོ་ག་བྱེད་ཚུལ་སོགས་ཁྲམ་ཤིང་བྱང་བུའི་རྒྱབ་མདུན་ངོས་གཉིས་ལ་གསལ་པོར་འཁོད་ཡོད་པ་དེ་རེད།

རིགས་དབྱེ།  

Ⅱ30

ཤིང་ཁྲམ་ཨངⅡ30ནི་རྒྱ་དྲུ་གུའི་ཁོངས་གཏོགས་འ་ཞའི་དུད་ཚང་རྣམས་ཀྱིས་འབྲུ་ཁྲལ་འཇལ་བའི་སྐོར་ཡིན།

རིགས་དབྱེ།  

ཤིང་ཁྲམRMF(1)

ཤིང་ཁྲམ་ཨངRMFནི་སྟོན་དུས་ཞིང་ལས་བྱེད་མཁན་གྱི་བློན་འབངས་རྣམས་ཀྱི་ནང་ནས་སྟོན་ཏོག་འབུལ་མཁན་དང་ཆད་མཁན་རྣམས་ལ་རྩིས་བཤེར་བྱེད་པའི་སྐོར་གྱི་ཤིང་ཁྲམ་ཡི་གེ་ཞིག་ཡིན།

རིགས་དབྱེ།  

73RMF27:27*

ཤིང་ཁྲམ་ཨང73RMF27 : 27*ནི་དཔྱ་ཁྲལ་ཅི་ཙམ་འཇལ་བའི་སྐོར་གྱི་ཡིག་ཆ་ཞིག་ཡིན།

རིགས་དབྱེ།  

ཤིང་ཁྲམRMF(2)

ཤིང་ཁྲམ་ཨངRMFནི་ས་ཞིང་གི་ཁ་གྲངས་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་ཤིང་ཁྲམ་ཡི་གེ་ཞིག་ཡིན།

རིགས་དབྱེ།  

Ⅱ436

ཤིང་ཁྲམ་ཨངⅡ436ནི་སོ་པ་གཞམས་ཁྱེའུ་ཅུང་སླར་ཡང་སོ་ཉུལ་ལ་ཕྱིན་ནས་ལས་འགན་ཡོངས་སུ་འགྲུབ་པའི་སྐོར་ཡིན།

རིགས་དབྱེ།  

Ⅱ434

ཤིང་ཁྲམ་ཨངⅡ434ནི་སོ་པར་འགྲོ་དགོས་པའི་ཁྱིམ་ཚང་གི་ཁ་གྲངས་གསལ་བཤད་བྱས་པའི་ཤིང་ཁྲམ་ཡི་གེ་ཞིག་ཡིན།

རིགས་དབྱེ།  

Ⅱ455

ཤིང་ཁྲམ་ཨངⅡ455ནི་གཞན་གྱི་ཆུང་མ་ལ་ལོག་གཡེམ་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་དག་ཐེར་བྱེད་པའི་སྐོར་གྱི་ཁྲིམས་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

Ⅱ374

ཤིང་ཁྲམ་ཨངⅡ374ནི་སྟོང་འཇལ་བའི་སྐོར་ལ་གཏན་འབེབ་བྱས་པའི་སྟོང་འཇལ་ལམ་ལུགས་ཀྱི་ཤིང་ཁྲིམས་ཡི་གེ་ཞིག་ཡིན།

རིགས་དབྱེ།  

Ⅱ390

ཤིང་ཁྲམ་ཨངⅡ390ནི་བོན་པོ་རྣམས་གྲལ་ལ་བཞུགས་ཏེ་ཁ་ཟས་ལ་རོལ་བའི་སྐབས་སུ་དུས་ལྟར་ཆང་དྲངས་དགོས་པའི་སྐོར་གྱི་ཡིག་ཆ་ཞིག་ཡིན།

རིགས་དབྱེ།  

Ⅱ393

ཤིང་ཁྲམ་ཨངⅡ393ནི་བོན་པོ་མི་རེ་རེར་འབུལ་བ་ཕུལ་བའི་གྲངས་ཀ་རེ་རེ་བཞིན་བཀོད་པ་ཞིག་ཡིན།

རིགས་དབྱེ།  

Ⅱ73RMF12:1

ཤིང་ཁྲམ་ཨངⅡ73RMF12:1ནི་འདྲེ་མྱས་གསས་ལེགས་ལ་སྤྲད་པའི་ནོམ་པའི་གྲངས་ཀ་རེ་རེ་བཞིན་བཀོད་པ་ཞིག་ཡིན།

རིགས་དབྱེ།  

ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ།

ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ནི་ཕུ་ནུ་གཉིས་གྱེས་བྲལ་གྱི་སྐབས་སུ་གཅེན་པོས་རང་གི་གཅུང་བོར་སྒྲུང་གི་ཚུལ་ཏུ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཆབ་སྲིད་དང་ཀུན་སྤྱོད། འཇིག་རྟེན་མི་ཆོས་རྣམས་གསལ་བོར་བདམས་པའི་མདོ་ཞིག་ཡིན།

རིགས་དབྱེ།  

P•T•1283

ཏུན་ཧོང་ཡིག་ཆ་ཨངP·T·1283ནི་བྱང་ཕྱོགས་སུ་ཡོད་པའི་གྲུ་གུའི་གནས་ཚུལ་གསལ་བོར་བཀོད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

P•T•990

ཏུན་ཧོང་ཡིག་ཆ་ཨངP•T•990ནི་དེ་བཞིན་གཤེགས་པས་རྒྱལ་བོ་གོ་ཕངས་བཏུལ་བའི་སྐོར་བརྗོད་པ་ཞིག་ཡིན།

རིགས་དབྱེ།  

སྲོང་བཙན་སྒམ་པོའི་སྐོར་གྱི་ཡིག་ཆ་དང་པོ།

བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐོར་གྱི་ཡིག་ཆ་དང་པོ་འདིའི་ནང་དུ་སྲོང་བཙན་སྒམ་པོས་ཡབ་ཀྱི་རིང་ནས་བཙན་པོ་ལ་བློ་དཀར་བའི་ཕངས་ཏོ་རེ་དབྱི་ཚབ་ཕ་ཚན་སྤུར་རྒྱལ་ལ་བློ་མ་ལོག་ན་དུས་ནམ་ཡང་དབྱི་ཚབ་ཀྱི་བུ་རབས་ཚ་རྒྱུད་ལ་ཉེས་ཁྲིམས་མི་གཅོད་པ་སོགས་མནའ་ཚིག་བོར་བའི་ཚུལ་བརྗོད་ཡོད།

རིགས་དབྱེ།  

སྲོང་བཙན་སྒམ་པོའི་སྐོར་གྱི་ཡིག་ཆ་གཉིས་པ།

སྲོང་བཙན་སྒམ་པོའི་ཡིག་ཆ་གཉིས་པའི་ནང་དུ་མཐའ་ཁུལ་གྱི་འབངས་དང་རྒྱལ་ཕྲན་མང་པོས་བཙན་པོར་ངོ་ལོག་བྱས་པ་དང་བཙན་པོ་སྐུ་ན་གཞོན་ཡང་བློ་དང་རིག་པར་བརྟེན་ཏེ་མཐའ་བཞིའི་རྒྱལ་ཕྲན་དེ་དག་དབང་དུ་བསྡུས་ནས་གཅིག་གྱུར་བྱས་པའི་གནས་ཚུལ་བརྗོད་ཡོད།

རིགས་དབྱེ།  

སྲོང་བཙན་སྒམ་པོའི་སྐོར་གྱི་ཡིག་ཆ་གསུམ་པ།

བཙན་པོ་འདི་པ་རྒྱལ་སར་བཞུགས་རྗེས་ཡབ་ཀྱི་སྐུ་རིང་ལ་ཐོག་མར་བཙུགས་པའི་གཅིག་གྱུར་བྱས་པའི་རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་བ་དང་མཐའ་བཞིའི་རྒྱལ་ཕྲན་ཁག་ཅིག་མངའ་འོག་ཏུ་བཅུག་ནས་རྒྱ་བསྐྱེད་པའི་རིམ་པ་བརྗོད་ཡོད།

རིགས་དབྱེ།