ཡང་སྲིད་ཁྲི་འདོན་ལམ་ལུགས།

བོད་རབ་བྱུང་ལྔ་པའི་ཤིང་སྤྲེལ(1284)ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྵི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། དེ་ནི་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཐོག་མ་དེ་ཡིན། དེ་ནས་རིམ་བཞིན་རྒྱལ་བ་སྐུ་ཕྲེང་རིམ་བྱོན་རྣམས་དང༌། པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་དགོན་སྡེ་སོ་སོའི་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལམ་སྲོལ་དར་ཁྱབ་བྱུང་ཡོད། བླ་མའི་སྐུ་སྐྱེ་ངོས་འཛིན་ཞུ་བའི་ལམ་སྲོལ་དེ་ནི་སངས་རྒྱས་ཆོས་ལུགས་ནང་གང་ཟག་ཁྱད་དུ་འཕགས་པ་རྣམས་འགྲོ་བའི་དོན་ཕྱིར་སྙིང་རྗེའི་དབང་གིས་འཁོར་བར་ཡང་སྲིད་པ་ལེན་པ་ཞེས་པའི་ལུང་ལ་བརྟེན་ནས་དར་བ་ཞིག་ཡིན།

རིགས་དབྱེ།  

འབྲི་གུང་གླིང་ལོག

སྤྱིར་འབྲི་གོང་གླིང་ལོག་ཅེས་གྲགས་པའི་དོན་རྐྱེན་འདི་ནི་ས་སྐྱ་བས་བོད་སྤྱི་ལ་དབང་བསྒྱུར་བའི་རིང་བྱུང་བའི་འཁྲུག་ལོང་ཆེ་ཤོས་ཤིག་ཡིན་པར་མ་ཟད། ལོ་རྒྱུས་ཐོག་ཅུང་གྲགས་ཆེ་བའི་དུས་ཟིང་ཞིག་ཀྱང་ཡིན།

རིགས་དབྱེ།  

ས་སྐྱ་པའི་སྲིད་སྐྱོང་དུས་རབས།

ས་སྐྱ་པའི་གདུང་རྒྱུད་བྱུང་ཚུལ་སྐོར་དང་། ས་སྐྱ་བས་ཧོར་གོང་མའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཁམས་ཡོངས་རྫོགས་སླར་ཡང་གཅིག་གྱུར་བྱས་ཏེ་ཆོས་སྲིད་ལུགས་གཉིས་ཀྱིས་དབང་སྒྱུར་བྱས་ཚུལ་བཅས་བརྗོད་ཡོད།

རིགས་དབྱེ།  

འཕགས་པ་བློ་གྲོས་རྒྱལ་མཚན་གྱི་མཛད་འཕྲིན།

དེ་ལྟར་ཁུ་བོ་ས་པཎ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཧོར་ཡུལ་དུ་སྐུ་ཞི་བར་གཤེགས་རྗེས་དབོན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཁུ་བོའི་མཛད་འཕྲིན་གྱི་འཕྲོར་བསྐྱངས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་སྲོལ་མ་ཉམས་པར་ཡར་ལྡན་དུ་སྤེལ་བར་མཛད།

རིགས་དབྱེ།  

ས་སྐྱའི་སྲིད་འཛིན་དཔོན་ཆེན་རིམ་བྱོན་གྱི་རེའུ་མིག

ཧོར་སེ་ཆེན་རྒྱལ་པོས་ས་སྐྱའི་བླ་མ་འཕགས་པར་བོད་ཁྲི་སྐོར་བཅུ་གསུམ་གནངས་བ་ནས་ས་སྐྱའི་བས་བོད་སྤྱི་ལ་ཆོས་སྲིད་ཀྱི་དབང་སྒྱུར་བའི་དུས་ཀྱི་ས་སྐྱའི་དཔོན་ཆེན་རིམ་བྱོན་གྱི་སྲིད་འཛིན་རེའུ་མིག

རིགས་དབྱེ།  

བླ་བྲང་གི་ཐམ་ག

བླ་བྲང་ནི་བླ་མ་ཆེ་ཁག་གི་བཞུགས་གནས་ཡིན་པ་མ་ཟད། ཁོང་ཚོ་སྒེར་གྱི་རྒྱུ་ནོར་དོ་དམ་བྱེད་པའི་ལས་ཁུངས་ལྟ་བུའང་ཡིན། བོད་ལྗོངས་སུ་རྒྱལ་བ་པཎ་ཆེན་ཕུད་པའི་བླ་མ་ཆེན་པོ་དང་། དགོན་པ་ཆེ་ཁག་གི་ཚོགས་ཆེན་ཞལ་ངོ་དང་། མཁན་པོ།གྲྭ་ཚང་གི་བླ་མ་སོགས་ཚང་མ་ལ་རང་རང་གི་བླ་བྲང་ཡོད། བླ་བྲང་གི་ཆེ་ཆུང་ཡང་བླ་མའི་མཚན་ཐོབ་ཀྱི་མཐོ་དམའ་ལྟར་མི་འདྲ་ཞིང་། རྒྱུ་ནོར་དང་ཡོང་འབབ་སོགས་ཀྱང་མི་འདྲ་མོད། ཚང་མ་བླ་མའི་བཀའ་མངགས་བཞིན་ཆེད་མངགས་མི་སྣས་དོ་དམ་བྱེད་ཅིང་། དགོན་པའི་རྒྱུ་ནོར་ལས་ལོགས་སུ་ཡོད། བླ་བྲང་གིས་གཞན་དང་འབྲེལ་འདྲིས་བྱེད་སྐབས་གན་རྒྱ་དང་ཡིག་ཆ། ཡང་ན་འགྲོ་འོང་གི་རྩིས་ཁྲ། ཞིབ་ཐོ་སོགས་གང་ཡིན་རུང་བླ་བྲང་གི་ཐམ་ག་རྒྱག་དགོས། ཐམ་ག་འདི་རིགས་བཏབ་པའི་གྲངས་ནི་ཀྲུང་དབྱང་གི་སྲིད་གཞུང་རིམ་པས་གནང་བའི་གཞུང་ཐམ་བཏབ་པ་ལས་ལྡབ་འགྱུར་གྱིས་མང་།

རིགས་དབྱེ།  

ཆོས་སྲིད་ཟུང་འབྲེལ།

སྤྱིར་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ཐད་བཞེད་ཚུལ་སྣ་ཚོགས་ཤིག་མཆིས་ནའང་དོན་དངོས་དང་མཐུན་པའི་གོ་དོན་ནི་ཐོག་མར་ལམ་ལུགས་དེ་མ་བྱུང་གོང་ཡུལ་གྱི་རྒྱལ་བོ་དང་ཆོས་བདག་གཉིས་སོ་སོར་ཡོད་པའི་དུས་རིམ་ཞིག་བརྒྱུད་དེ་མཐར་རྒྱལ་བོ་དང་ཆོས་བདག་གཉིས་ཀ་མི་གཅིག་གིས་བྱེད་པའི་ལམ་སྲོལ་ཞིག་ལ་ཟེར།

རིགས་དབྱེ།  

སྤྱི་ལོ1210པ་ལྕགས་རྟ་ལོ།

སྤྱི་ལོ1210པ་ལྕགས་རྟ་ལོ། ལོ་འདིར་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་སྐུ་གཤེགས་ཤིང་མཆིམས་ནམ་མཁའ་གྲགས་སྐུ་འཁྲུངས།

རིགས་དབྱེ།  

སྤྱི་ལོ1211པ་ཆུ་སྤྲེལ་ལོ།

སྤྱི་ལོ1211པ་ཆུ་སྤྲེལ་ལོ། ལོ་འདིར་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་སྐུ་བལྟམས།

རིགས་དབྱེ།  

སྤྱི་ལོ1234པ་ཤིང་ལུག་ལོ།

སྤྱི་ལོ1234པ་ཤིང་ལུག་ལོ། ལོ་འདིར་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་འཕགས་པ་དང་རྔོག་སེང་གེ་སྒྲ་སྒྲོག་གཉིས་སྐུ་བལྟམས།

རིགས་དབྱེ།