སྟག་ལོའི་སྡེ་གཟར་ཞེས་པ་ནི་སྤྱི་ལོ1434ལོར་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡང་ཡབ་ཀྱི་རང་ཉིད་སྡེ་སྲིད་ཀྱི་ཁྲི་ཐོག་ཡོང་རྒྱུའི་རེ་བ་གནང་བའི་མཛད་སྒོ་མ་ལེགས་པའི་རྐྱེན་གྱིས་འཁྲུག་རྩོད་རྒྱ་ཆེན་པོ་ལངས་པ་ཡིན། རྒྱ་ཡིག་གི་མིང་། 虎年大乱 འཁྲུགས་ལོ། སྤྱི་ལོ1434ལོ། ངོ་བོ། སྲིད་དབང་འཕྲོག་རྩོད། འཁྲུགས་རྐྱེན། སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡང་ཡབ་ཀྱི་རང་ཉིད་སྡེ་སྲིད་ཀྱི་ཁྲི་ཐོག་ཡོང་རྒྱུའི་རེ་བ་གནང་བའི་མཛད་སྒོ་མ་ལེགས་པ། ནང་འགལ་འཁྲུག་རྩོད།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཁང་ཞིའི་རྡོ་རིང་དེ་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་བཙུགས་ཡོད་ལ། སྟེང་དུ་སོག་ཡིག་ཡིག་ཕྲེང་བཅོ་ལྔ་དང་མན་ཇུའི་ཡི་གེ་ཡིག་ཕྲེང་བཅོ་ལྔ་ཡོད། དེའི་ནང་དོན་ནི་སྐབས་དེའི་བོད་ཀྱི་གནས་ཚུལ་རགས་བཤད་བྱས་ཡོད། བཞེངས་ལོ། སྤྱི་ལོ1724ལོ། མཐོ་ཚད། 3.74(སྤྱི་ཁྲེ) ཆགས་ཡུལ། ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན། ཁང་ཞིའི་རྡོ་རིང་། རྡོ་རིང་དེ་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་བཙུགས་ཡོད། ཁང་ཞིའི་རྡོ་རིང་གི་སྤྱིའི་མཐོ་ཚད་ལ་སྤྱི་ཁྲེ་གསུམ་དང་གྲངས་ཆུང་བདུན་བཞི་ཡོད་པ་དང་།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
སྤྱིར་འབྲི་གོང་གླིང་ལོག་ཅེས་གྲགས་པའི་དོན་རྐྱེན་འདི་ནི་ས་སྐྱ་བས་བོད་སྤྱི་ལ་དབང་བསྒྱུར་བའི་རིང་བྱུང་བའི་འཁྲུག་ལོང་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ཅུང་གྲགས་ཆེ་བའི་དུས་ཟིང་ཞིང་ཀྱང་ཡིན། རྒྱ་ཡིག་གི་མིང་། 直贡林洛 འཁྲུགས་ལོ། རབ་བྱུང་ལྔ་པའི་ལྕགས་ཕོ་སྟག(སྤྱི་ལོ1290)ལོར། ངོ་བོ། ས་འབྲུའི་འགལ་བ། འཁྲུགས་རྐྱེན། ས་སྐྱ་བས་འབྲི་གུང་གདན་སའི་ཁྲིར་སྣག་ཚ་གྲགས་སླེ་བ་འཇོག་རྩིས་མཛད་པ། འབྲི་གོང་གླིང་ལོག སྤྱིར་འབྲི་གོང་གླིང་ལོག་ཅེས་གྲགས་པའི་དོན་རྐྱེན་འདི་ནི་ས་སྐྱ་བས་བོད་སྤྱི་ལ་དབང་བསྒྱུར་བའི་རིང་བྱུང་བའི་འཁྲུག་ལོང་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ཅུང་གྲགས་ཆེ་བའི་དུས་ཟིང་ཞིང་ཀྱང་ཡིན། འདིའི་ནང་དོན་གཙོ་བོ་ནི་འགྲོ་མགོན་འཕགས་པའི་གཅུང་བོ་ཕྱག་ནའི་སྲས་ངྷྭརྨ་པཱ་ལ་རཀྵི་ཏས་སྲིད་
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
དབང་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མིས་མི་ལ་དབང་སྒྱུར་བའི་དུས་རབས་ཀྱི་མགོ་ཚུགས་ཤིང་། དེ་ནི་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་མཇུག་རྫོགས་ནས་བྲན་གཡོག་ལམ་ལུགས་ཀྱི་མགོ་ཚུགས་པའི་དུས་རབས་ཤིག་ཡིན། མིང་གཞན། མངའ་མཛད་བཅུ། དུས་སྐབས། བསྐལ་བ་ཡ་ཐོག་གི་སྐབས། དབང་མཛད་ཐོག་མར་བྱུང་ཚུལ། དབང་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མིས་མི་ལ་དབང་སྒྱུར་བའི་དུས་རབས་ཀྱི་མགོ་ཚུགས་ཤིང་། དེ་ནི་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་མཇུག་རྫོགས་ནས་བྲན་གཡོག་ལམ་ལུགས་ཀྱི་མགོ་ཚུགས་པའི་དུས་རབས་སུ་བྱུང་ལ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
བོད་རབ་བྱུང་ལྔ་པའི་ཤིང་སྤྲེལ(1284)ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྵི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། དེ་ནི་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཐོག་མ་དེ་ཡིན། དེ་ནས་རིམ་བཞིན་རྒྱལ་བ་སྐུ་ཕྲེང་རིམ་བྱོན་རྣམས་དང༌། པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་དགོན་སྡེ་སོ་སོའི་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལམ་སྲོལ་དར་ཁྱབ་བྱུང་ཡོད། བླ་མའི་སྐུ་སྐྱེ་ངོས་འཛིན་ཞུ་བའི་ལམ་སྲོལ་དེ་ནི་སངས་རྒྱས་ཆོས་ལུགས་ནང་གང་ཟག་ཁྱད་དུ་འཕགས་པ་རྣམས་འགྲོ་བའི་དོན་ཕྱིར་སྙིང་རྗེའི་དབང་གིས་འཁོར་བར་ཡང་སྲིད་པ་ལེན་པ་ཞེས་པའི་ལུང་ལ་བརྟེན་ནས་དར་བ་ཞིག་ཡིན།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
འདི་ནི་ཏུན་ཧོང་ནས་བཏོན་པའི་གཏེར་ཡིག་གི་ཆ་ཤས་ཤོག་གྲངས་འགའ་ཡིན་ལ། འདི་རུ་དང་ཁང་སཾ་གྱིས་བདག་པོར་གསོལ་བའི་ཡི་གེ་བཀོད་ཡོད། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། མ་ཡིག 1.དང་ཁང་སཾ་གྱི་མཅིད་གསོལ་བཱ། 2.ཡུམ་སྲས་མཆེད་འཕྲུལ་གྱི་ཞ་སྔ་ནས། དེ་བར་དུ་ཐུགས་བདེ་འཾ་མྱི་བདེ། །མཅིད་ཡི་གེ་ལས་སྙུན་གསོལ་ཞིང་མཆིས་ན། 3.འབངས་འདྲུལ་བའྀ་མདབ་ལས1བཀའ་ལུང་གཉེན་པོ་ཞིག་ཐུགས་དཔགས་ཇིར་མཛད། ། 4.༄། སླན་ཅད་ཀྱང་ཡུཾ་སྲས་མཆེད་དགུང་དང་འདྲ་པའི་ཞ་སྔ་ནས། ཐུགས་རྟག་དུ་བདེ། དགོངས་པ་རྒྱས་ཆེན་པོ2ལ 5.བར་ཆད་མྱི་མངའ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
བསྔོ་ཡིག་འདི་ནི་གཏེར་ཡིག P.T 999ལས་བྱུང་ཞིང་། P.Tཞེས་པ་ནི་པཱ་ལིའི་དཔེ་མཛོད་ཁང་དུ་མཆིས་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་ཞེས་པའི་བསྡུས་མིང་དང་། 999ནི་ཡིག་ཆ་དེའི་ཨང་གྲངས་སོ། ། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། དུས་སྐབས། ཁྲི་གཙུག་ལྡེ་བཙན་གྱི་སྐབས། མ་ཡིག ༄། :།སུན་[སྔུན་ནམ་སྤུན] ལྷ་སྲས་ཁྲི་གཙུག་ལྡེ་བརྩན་གྱི་སྐུ་ཡོན་དུ། ། ཤ་ཅུར2རྒྱ་བོད་གྱྀ་དར་མ་3ཚེ་དཔག་ཏུ་མྱེད་པ་བཞེངས་ཏེ། ། འབངས་ཕྱོགསུ་ཆོས་གྱྀ་སྦྱིན་བ་ཆེད་པོ་ཁྱབ་པར་མཛད་པར་སྦྱར་ཏེ། ། ལུང་ཧུང་སྀའི4གཙུག་ལག་ཁང་གྀ་དར་མའྀ་བཛོད་དུ་བྲུབས་པ5ལས། ། རྒྱའྀ་ཚེ་དཔག་དུ་མྱེད་པ་བམ་པོ་བརྒྱའ་སུཾ་ཅུ་རྩ་ལྔ་དང་བོད་ཀྱི་བམ་པོ་བཞི་བརྒྱའ་བརྒྱད་ཅུ་སྟེ། སྤྱི་སྡོམ་
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
བོད་རྒྱལ་བཞི་བཅུ་བ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་སངས་རྒྱས་ཆོས་མི་བསྣུབ་པའི་ཕྱིར་དུ་རྒྱལ་བློན་བར་ལ་བཀའ་གཙིགས་ཡི་གེ་བཞག་ཡོད་པ་དེ་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། རྒྱ་ཡིག་གི་མིང་། 赤德松赞 ཕྱི་ཡིག་གི་མིང་། khri lde sron btsan རྒྱལ་རབས། རྒྱལ་རབས་བཞི་བཅུ་པ། འཁྲུངས་འདས་ལོ་ཚིགས། སྤྱི་ལོ(773-815) མ་ཡིག ༄། སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ཏེ་འཕྲ་མྱེན་གྱི་སྒྲོམ་བུར1བསྩལ་ནས། བསམ་ཡས་ལྷུན་གྱིས་གྲུབ་ཀྱི་གཙུག་ལག་ཁང་དུ་ཡབ་ཀྱི་ཟླ་ལ་བཞག་2པ་ལས་དཔེ་བགྱིས་ཏེ་བྲིས་པ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
དེ་ལ་འདིར་ཁྲི་ལྡེ་སྲོང་བཙན་ནམ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་བཅས་ནི་བཙན་པོ་འདི་པའི་མཚན་གྱི་རྣམ་གྲངས་ཏེ། འདི་པས་ཡབ་མེས་སྐུ་གོང་མ་རྣམས་ཀྱིས་བཞེངས་པའི་གཙུག་ལག་ཁང་དག་ལ་མཆོད་པ་རྒྱ་ཆེར་ཕུལ་བ་དང་། ཀ་མ་ལ་ཤཱི་ལ་སོགས་ཡབ་ཀྱི་རིང་ལ་བོད་དུ་བྱོན་པའི་ལོ་པཎ་རྣམས་ལ་ཞབས་ཏོག་བསྙེན་བཀུར་བྱས་པ་མ་ཟད། བི་མ་ལ་མི་ཏྲ་སོགས་རྒྱ་བལ་གྱི་མཁས་ཆེན་དུ་མ་སྤྱན་དྲངས་ནས་བོད་དུ་མ་འགྱུར་བའི་མདོ་དང་སྒྲ་མང་པོ་བསྒྱུར་བ་དང་། སྐྱིད་ཤོད་དུ་རྒྱལ་རྗེ་སྐར་ཆུང་རྡོ་རྗེ་དབྱངས་ཀྱི་གཙུག་ལག་ཁང་བཞེངས། ནང་བསྟན་མི་གཞིག་པར་རྗེ་བློན་རྣམས་མནས་བསྒགས། བཀའ་གཙིགས་ཀྱི་རྡོ་རིང་བཙུགས། བཙན་པོའི་ཕྲིན་ལས་ལ་བྱས་རྗེས་བཞག་པའི་མྱང་ཏིང་ངེ་འཛིན་ལ་སོགས་པའི་བློན་པོ་རྣམས་ལ་དམིགས་བསལ་གྱི་ཐོབ་ཐང་གནང་ནས་གཟེངས་སུ་བསྟོད།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཏུན་ཧོང་ནས་ཐོན་པའི་ཡིག་ཆ་འདིའི་ནང་དུ་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཆོས་སྲིད་གཉིས་ཀྱི་བསྟན་པ་དར་བའི་གནས་ཚུལ་ཞིབ་པར་བཀོད་ཡོད། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། རྒྱ་ཡིག་གི་མིང་། 赤松德赞 འཁྲུངས་འདས་ལོ། སྤྱི་ལོ(742-798) རྒྱལ་རབས། རྒྱལ་རབས་སོ་བརྒྱད་པ། ཡབ། ཁྲི་ལྡེ་གཙུག་བརྟན། ཡུམ། སྣ་ནམ་བཟའ། མ་ཡིག བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱྀ་རིང་ལ། ། ཆོས་བཟང་སྲྀད་ཆེ་སྟེ། རྒྱལ་པོ་ནྀ་གནམ་ས་གཉྀས་ཀྱི་བར་ཡུལ་དུ་བརྣམ1ཞྀང་།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཏུན་ཧོང་ཡིག་ཆ་འདི་ནི་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བྱུང་བའི་དོན་ཆེན་རྣམས་གནད་བསྡུས་ཀྱི་སྒོ་ནས་བཀོད་པ་ཞིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། རྒྱ་ཡིག་གི་མིང་། 赤松德赞 འཁྲུངས་འདས་ལོ། སྤྱི་ལོ(742-798) རྒྱལ་རབས། རྒྱལ་རབས་སོ་བརྒྱད་པ། ཡབ། ཁྲི་ལྡེ་གཙུག་བརྟན། ཡུམ། སྣ་ནམ་བཟའ། མ་ཡིག 104.(ལུག་གི་ལོ་ལ)(སྤྱི་ལོ755)།ཡབ་ཀྱི་ཁོར་ཕ1དག་དམག་མྱིས་ཕབ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
སྤྱི་ལོ690ལོའི་ཏུན་ཧོང་ཤོག་དྲིལ་ཨངI.O.750ནང་དུ་བཙན་པོ་ཁྲི་འདུས་སྲོང་གི་བློན་པོ་ཁྲི་འབྲིང་དང་ཚ་བོ་དབོན་ད་རྒྱལ་གཉིས་ཀྱིས་དམག་དཔུང་ལ་ཞིབ་བཤེར་དང་ཚོགས་འདུ་བསྡུས་ཏེ་ཚོགས་འདུའི་སྟེང་དུ་གཙང་ཆེན་པོའི་སྐུ་སྲུང་དམག་མིའི་མིང་ཐོ་ཁྲམ་དམར་པོར་འགོད་པ་དང་མཁར་འབྲིང་རྩན་རྩང་སྟོན་དང་། པ་ཙབ་རྒྱལ་ཙན་ཐོམ་པ་ཞེས་པ་གཉིས་ཀྱིས་གཡོ་རུ་ས་ཁུལ་གྱི་ཞིང་ཁྲལ་བསྡུས་པ་བརྗོད་ཡོད། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། ལོ་ཚིགས། སྤྱི་ལོ 690 དུས་སྐབས། ཁྲི་འདུས་སྲོང་གི་སྐབས། མིང་། I.O.750 མ་ཡིག ༄། :། སྟྀག་ལོ་ལ་བབསྟེ། དབྱརད་བཙན་པོ་བལ་པོ་བཞུགས་ཤྀང་། བློན་ཆེ་ཁྲྀ་འབྲྀང་གྱིས་འོ་ཡུགྀ1ཚ་སྟེངསུ་མུན་མགྀ2རྩིས་མགོ:བགྱྀས་ཕ:དྔ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཤིང་ཁྲམ་ཨངⅡ434ནི་སོ་པར་འགྲོ་དགོས་པའི་ཁྱིམ་ཚང་གི་ཁ་གྲངས་གསལ་བཤད་བྱས་པའི་ཤིང་ཁྲམ་ཡི་གེ་ཞིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཤིང་ཁྲམ། ནང་དོན། སོ་པར་འགྲོ་བའི་ཁྱིམ་གྲངས། ཤིང་ཁྲམ་མིང་། Ⅱ434 མ་ཡིག ཀ 1.སོ་བབས་རྐྱ་ཉི་ཤུ་རྩ་བདུན་མཆིས། མ་ཡིག་གི་འབྲུ་འགྲེལ། སོ་པ་བབས་པའི་དུད་ཚང་ཉི་ཤུ་རྩ་བདུན་ཡོད
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཤིང་ཁྲམ་ཨངⅡ440ནི་ཉེན་ཀར་གྱི་སྡེའི་ཁོངས་མི་མིང་དུ་དེ་ག་ལྷ་སྐྱེས་ཞེས་པས་རྒྱལ་པོའི་ལས་དོན་སྒྲུབ་པར་མཁོ་བའི་གོ་མཚོན་བླངས་པའི་བརྗེད་ཐོ་ཞིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཤིང་ཁྲམ། ནང་དོན། བརྗེད་ཐོ། ཤིང་ཁྲམ་མིང་། Ⅱ440 མ་ཡིག ཀ 1༄ ། ། ཉེན་ཀར་གྱི་སྡེ་དེ་ག་ལྷ་སྐྱེས་Ⅱ440 2.རྗེ་བླས་དགོན་གྱི་བསྗེད་བྱང1 3.ཕུབ། རལ་གྱུ་མ2། རལ་གྱུ་རུ3། མདའ་བཅར། གཞུ་རྒྱུད་དང་ངར་རྫང4། ཁ 1.རྡོ་སྒྱེ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཤིང་ཁྲམ་ཨངRMFནི་སྟོན་དུས་ཞིང་ལས་བྱེད་མཁན་གྱི་བློན་འབངས་རྣམས་ཀྱི་ནང་ནས་སྟོན་ཏོག་འབུལ་མཁན་དང་ཆད་མཁན་རྣམས་ལ་རྩིས་བཤེར་བྱེད་པའི་སྐོར་གྱི་ཤིང་ཁྲམ་ཡི་གེ་ཞིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཤིང་ཁྲམ། ལོ་དུས། ཡོས་བུ་ལོའི་སྟོན་ཀ ཤིང་ཁྲམ་མིང་། RMF མ་ཡིག ཀ 1.ཡོས་བུ་ལོའི་སྟོན་ཞང་ལོན་གྱི་འབངས་ཞིང་པ་མཆིས་ 2.པའི་རྣམས་གྱི་ཐོག་བུལ་གོད1བརྩིས་ནས། ཅད་པའི་ ཁ 1.མིང་སྨྲ། མ་ཡིག་གི་འབྲུ་འགྲེལ། ཡོས་བུ་ལོའི་སྟོན་ཀར་ཞང་བློན་གྱི་འབངས་ཀྱི་ནང་ནས།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཡིག་ཆ་ཨངP.T.1101ནི་དུད་ཚང་བརྒྱ་ཚན་ཁོངས་གཅིག་བྱས་ཤིང་ཚན་ཁོངས་སོ་སོའི་ཆབ་འབངས་རྣམས་ཀྱིས་དུས་ལྟར་ཚན་དཔོན་ལ་དཔྱ་ཁྲལ་འཇལ་དགོས་པའི་པའི་བཀའ་ཡིག་ཅིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། ནང་དོན། དཔྱ་ཁྲལ། ལོ་དུས། ཁྱིའི་ལོའི་སྟོན་ཟླ་བརྒྱད་པ། ཡིག་ཆའི་མིང་། P.T.1101 མ་ཡིག 1.༄། །ལྔ་བཅུ་རྐང1འགོ་ཀླུ་གཟིགས་ཀྱྀ་ཚན་གྱི་འབངས་ཀྱྀ་དཕྱའ2ཆད་དེ་འབངས་ལའ་ལས་པའ། ། འཕྲལ་དུ་ 2.མ་འབྱོར་ནས། ། ཞང་ཁྲི་གཟིགས་ཀྱྀ་སྒོ་ནས་ལས་བུན3ཆེན་དུ་བླངསྟེ། ཁྱིའི་ལོའི་སྟོན་སླ་འབྲིང་པོ་ཉ་ལ་སྩང་བང་
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཡིག་ཆ་ཨངⅢནང་དུ་ས་ཞིང་རྨོ་འདེབས་ཀྱི་ལམས་ལུགས་ལག་བསྟར་བྱེད་དགོས་པའི་བཀའ་ཡིག་བཀྲམ་ཡོད། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་ཆ། ནང་དོན། ས་ཞིང་བདག་དབང་། ལོ་དུས། ཡོས་བུ་ལོ། ཡིག་ཆའི་མིང་། Ⅲ Ⅲ1མ་ཡིག 1.༄། །ཡོས་བུ་ལོའི་དཔྱྀད་ནོབ་ཆུངུའྀ་རྗེ་ཞིང་བཞེངས་ཁ2ལྔར་བགྱྀས་ཏེ། ཞྀང་པ་མྱི་གྲངས་ཀྱྀས། བགོ་བར། བཀཱ་གྲོས་ 2.ཆད་ནས། དབང་པོ་དང་ཞྀང་བགོད་ཀྱྀ་རིང་ལུགས་ཀྱྀས་སུག་ལས་འཚལ་པའྀ་རྩིས་མགོ་མྱིང་སྨྲ་བྲིས་པ་
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཤིང་ཁྲམ་ཨངⅡ374ནི་སྟོང་འཇལ་བའི་སྐོར་ལ་གཏན་འབེབ་བྱས་པའི་སྟོང་འཇལ་ལམ་ལུགས་ཀྱི་ཤིང་ཁྲིམས་ཡི་གེ་ཞིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཤིང་ཁྲམ། ཤིང་ཁྲམ་མིང་། Ⅱ374 མ་ཡིག ཀ 1.། །སྟོང་བོང་སྦྲུམ་གཅིག་ལ་སྲང་བཞི། ཕོ་བོང་གཅིག་ལ། 2.སྲང་གསུམ། དགྱེའུ་བོར(བོང)གཅིག་ལ་སྲང་གཉིས། གླ་ནི་འཕྲལ་ཞག ཁ 1.དུ་ཐོགས་པ་ལས། ཉིན་རེ་བྲེ་རེའི་ཐང་དུ་དུད་ཀྲལ1ལས་བཀྲལ་ 2.ཏེ་སྩལ་ཏོ། རྒྱང་རྩེར་བ་བོང་མཆི་བ2སྟོང་གོང་མ་དང་འདྲ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
གཙིགས་ཀྱི་རྡོ་རིང་འདི་ད་ལྟ་བོད་ལྗོངས་ལྷོ་ཁའི་ཁོངས་གཏོགས་འཕྱོང་རྒྱས་རྫོང་སྨན་ཁང་གི་ར་བ་ན་མཆིས་ཀྱང་། བདག་གཉེར་ལེགས་པོ་མ་ཐུབ་པས་ཡི་གེ་རྣམས་བདེ་བླག་ཏུ་འདོན་མ་ཐུབ་པ་ཕར་ཟད། ཡིག་འབྲི་གཅིག་གཉིས་ཙམ་ངོ་ཟིན་པའང་དཀའ་བའི་གནས་སུ་གྱུར་འདུག ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། རྡོ་རིང་། རྡོ་རིང་མིང་། འཕྱོང་རྒྱས་སྟག་རྩེའི་རྡོ་རིང་། དུས་སྐབས། ཁྲི་སྲོང་ལྡེ་བཙན། མ་ཡིག འཕྲུལ་གྱི་ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱིའི་རྗེར་གཤེགས་ཏེ། ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེའོ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
སྤྱི་ལོ734ལོའི་ཏུན་ཧོང་ཤོག་དྲིལ་ཨངI.O.750ནང་དུ་རྒྱའི་ཕོ་ཉ་ཝང་འདོ་ཤི་ཞེས་པ་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་མདུན་སར་གུས་འདུད་ཞུ་བར་འབྱོར་ཞིང་བཙན་པོའི་གཅེན་མོ་རྒྱལ་བོར་བག་མར་བཏང་ཚུལ་བརྗོད་ཡོད། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། ལོ་ཚིགས། སྤྱི་ལོ 734 དུས་སྐབས། ཁྲི་གཙུག་ལྡེ་བཙན་གྱི་སྐབས། མིང་། I.O.750 མ་ཡིག ༄། ཁྱྀའྀ་ལོ་ལ། བཙན་པོ་ཕོ་བྲང་དབྱརད:དྲོན་ན་བཞུགས། རྒྱའི་ཕོ་ཉ་འྭང་འདོ་ཤི་ཕྱག་འཙལད། ཇེ་བ་འདྲོན་མ་ལོད་དུར་གྱྀས1ཁ་གན་ལ:བག་མར་བཏང་།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཏུན་ཧོང་ལས་ཐོན་པའི་ཡིག་ཆ་འདིའི་ནང་དུ་ཁེ་རྒད་རྒྱལ་ཏོ་རེ་མདོ་སྨང་གིས་བླངས་པའི་མགུར་གླུ་ཚན་པ་ཞིག་མ་ཡིག་ཇི་བཞིན་བཀོད་ཡོད་དོ།། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། དུས་སྐབས། ཁྲི་འདུས་སྲོང་གི་སྐབས། མ་ཡིག བཙན་པོ་ཁྲི་འདུས་སྲོང་། ། འདམ་གྱྀ་ཅོག་རོ་ཟ་དང་། འབྲེ་མཛད1པའྀ་ཚེ། ། ཁེ་རྒད་རྒྱལ་ཏོ་རེ་མདོ་སྨང་གིས་མཆིད་བླངས་པ། རུ་ཐང་ནྀ་བསར་ང་བ2། ཁོར་ཁྱིམ3ནྀ་སྤྱན་བུ་ཅུང4། རིས་བཀྲའ་ནྀ་བསར་ང་བ། མོན་ཀའྀ་ནི་སྟག་ཆིག་པ། བཙན་ཏེ་ནི་མྱི་མཁས་པ། རྒྱ་དྲུག་ནྀ་དགུང་མཐའི་རྗེ།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
བཙན་པོ་འདིའི་རིང་ལ་དབའས་དབྱི་ཚབ་དང་འདི་བུ་སྤུན་རྣམས་ཀྱིས་བཙན་པོའི་འཕྲིན་ལས་ལ་བྱས་རྗེས་ཆེར་བཞག་པས། དེ་དག་ལ་ཐོབ་ཐང་གི་ཡི་གེ་དང་ཞང་བློན་གྱི་གོ་གནས་བསྩལ་པ་དང་། བཙན་པོ་དང་དེ་རྣམས་ཀྱི་བར་དབུ་སྙུང་བོར་ཞིང་། དགྱེས་སྐྱེམས་སྟོན་མོ་གསོལ་དུས་རྗེ་བློན་གཉིས་ནས་གཤམ་གྱི་མགུར་དེ་བླངས་པ་ཡིན་ནོ།། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། དུས་སྐབས། སྲོང་བཙན་སྒམ་པོའི་སྐབས། མགུར་ལེན་མཁན། སྲོང་བཙན་སྒམ་པོ། དབའས་དབྱི་ཚབ། མ་ཡིག བཙན་པོ1ཞ་སྔ་ནས། མགུར་བླངས་པའ། ། ཡར་མོ2ནི་ཆུ་ཐུངས་ཀྱིས། ། མདོ་ནས་ནྀ་རྩང་དུ་བསྲིང་།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
ཏུན་ཧོང་ནས་ཐོན་པའི་ཡིག་ཆ་འདིའི་ནང་དུ་བོད་ཀྱི་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་རྒྱའི་བློན་པོ་འྭོང་ཀར་ཞང་ཤེ་གཉིས་ཀྱིས་ཕན་ཚུན་ལ་ཤགས་བཀྱེས་པའི་ཚིག་རྣམས་ཇི་བཞིན་བཀོད་ཡོད། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། དུས་སྐབས། འདུས་སྲོང་མང་པོ་རྗེ་ཡི་སྐབས། མ་ཡིག ༄།།བོད་ཀྱི་བློན་པོ། །མགར་ཁྲི་འབྲྀང་བཙན་བྲོད་དང་། ། རྒྱ་འྀ་བློན་པོ་འའོང་ཀེར་གཉིས། །ཁ་དོར2གྱིས་བརྒྱའ་བ3འྀ་ཚིག། །རྒྱ་འྀ་དམག་བྱྀན་ཆེད་པོ4། །དམག་པོན་འཱོང་ཀེར་ཞང་ཤེས་བདའསྟེ5། ། དཔུང་གིས་པུལ་ནས6། །མཚོ་སྔོན་པོ་པྱོགས་ཀྱྀ་དམག་པོན།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
འདི་ནི་གོང་རིམ་ལ་ཆང་རྒྱུ་འབྲུ་རིགས་སོགས་ཕུལ་བའི་རྩིས་ཐོ་ཞིག་ཡིན། ཁོངས་གཏོགས། ལོ་རྒྱུས། རིགས་དབྱེ། ཡིག་རྙིང་། མ་ཡིག 1.....གི་ལོའི་དཔྱིད་སླ་ར་བའི་ངོས་ལ། །གླ་འྀ་སྩང་། མངན1ཅང་འབུན་ཨན 2......དང་། སོང་འགག་གསུམ་གྱི་གཉེར་ལ་ཁྲེ་ནས་ལས་བླ་འི་ཆང་རྒྱུ་དང་། བླ.... 3.གཞིབ་རྒྱུ2དང་། ཡུ་མར3རྒྱུ་ཟར་མ་དང་། ཡ་ཡ་ནས། ༔ཕྱག་རྒྱ་གཏད་དེ་གཏན་[འཐོ...] 4.དུ་ཕོག་པ་འྀ་མྱིང་སྨྲ་དཀར་ཅག་དུ་བྲིས་པ། ། །ཚེས་བདུན་གྱི་གདུགས་ལ།བླའི་ཆང་རྒྱུ་ཁྲེ། 5.ཁལ་སུམ་ཅུ་ཕོག་སྟེ་ཨམ་འགག་ཧྭ་ལྱང་སིན་ཏང་། ཆང་པ་ཅང་ཧམ་དང་སག་པྀག་ཆི་འུ། 6.རྣམས་ལ་གཏད༔།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཐན་ཚའེ་ཝན་སུའེ་ཁྲི་ལོ་དང་པོའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས། འགྱུར་ཡིག ཐེན་ཚེ་ཝན་སུའེ་ཁྲི་ལོ་དང་པོ། (སྤྱི་ལོ695པ) ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན། བོད་དམག་ལིན་ཐའོ1ལ་དྲངས། ཝང་ཞའོ་ཅེ་སུའུ་པེན་ཏའོ་ཡི་རུ་འདེགས་སྤྱི་འདོམས་དམག་དཔོན་ཆེན་མོར་བསྐོས་ནས་འཐབ་ཏུ་བཏང་། (བམ་པོ205པའི་ཤོག་ངོས25པ། 6503) མཆན་འགྲེལ། 1.ལིན་ཐའོ་ཞེས་པ་གནའ་བོའི་རྫོང་གི་མིང་། སྲིད་གཞུང་ད་ལྟའི་ཀན་སུའུ་ཞིང་ཆེན་རྨིན་རྫོང(珉县)དུ་ཡོད།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁྲུའེ་ཀུང་ཁྲི་ལོ་གསུམ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས། འགྱུར་ཡིག ཁྲུའེ་ཀུང་ཁྲི་ལོ་གསུམ་པ།(སྤྱི་ལོ687པ) (ཟླ་བཅུ་གཅིག་པ)རྒྱལ་མོས་ཝེ་ཏའེ་ཅ་ལ་དམག་དཔུང་འཁྲིད་དུ་བཅུག་ནས་བོད་ལ་འཐབ་ཏུ་གཏོང་རྩིས་གནང་། ཧྥེང་ཀེ་ཧྲི་ལང(ཀྲུང་ཧྲུའུ་ལས་ཁུངས་ཀྱི་གཙོ་སྐྱོང་གཞོན་པ)གི་གོ་ཐོབ་ཅན་ཝེ་ཧྥང་ཀྲི་ཡིས་སྔོན་སྲོལ་ལྟར་ཡུས་ཧྲི(ཞིབ་དཔྱོད་དཔོན)དཔོན་རིགས་ཀྱང་དེ་དང་མཉམ་དུ་མངགས་ནས་དམག་དཔུང་ལ་ལྟ་རྟོག་བྱ་དགོས་ཚུལ་ཞུས་པར།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཀྲེན་ཀོན་ཁྲི་ལོ་ཉེར་གཅིག་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས། འགྱུར་ཡིག ཀྲེན་ཀོན་ཁྲི་ལོ་ཉེར་གཅིག་པ། (སྤྱི་ལོ647པ) (ཟླ་བཅུ་གཉིས་པ)ཆིའུ་ཚིའུ1རྒྱལ་པོ་ཧྥ་ཏེ་ཚེ་ལས་འདས་པས་དེའི་གཅུང་པོ་ཧོ་ལི་པུའུ་ཧྲི་པི་རྒྱལ་ཁྲིར་འཁོད། དེས་རིམ་བཞིན་བློན་པོའི་གུས་སྲོལ་མི་སྐྱོང་བར་ཉེ་འབྲེལ་གྱི་རྒྱལ་ཁབ་ལ་རྒོལ་ཞིང་གཙེས།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཀྲེན་ཀོན་ཁྲི་ལོ་ཉེར་གསུམ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས། འགྱུར་ཡིག ཀྲེན་ཀོན་ཁྲི་ལོ་ཉེར་གསུམ་པ། (སྤྱི་ལོ649པ) (ཟླ་བཅུ་པ)གོང་མས་བོད་ཀྱི་བཙན་པོ་ཁྲི་སྲོང་བཙན་ལ་ཧྥུ་མ་ཏུའུ་ཝེ1དང་ཞི་ཧའེ་ཀྱུན་ཝང2ཞེས་པའི་ཆོ་ལོ་བསྩལ། བཙན་པོས་ཀྲང་སུན་ཝུའུ་ཅི་སོགས་ལ་འཕྲིན་ཡིག་སྤྲིངས་ཏེ“གནམ་གྱི་སྲས་སྲིད་ཁྲིར་མངའ་གསོལ་མ་ཐག་ཡིན་པས།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཝུའུ་ཙེ་ཐེན་གྱི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས་ཁག་ཅིག འགྱུར་ཡིག ཁྲུའེ་ཀུང་ཁྲི་ལོ་དང་པོ།(སྤྱི་ལོ685པ) དགུན་ཟླ་བཅུ་གཅིག་པའི་ཚེས་གཅིག་གི་ཉིན། ཐེན་ཀོང་ཧྲང་ཧྲུའུ་བློན་ཆེན་ཝེ་ཏའེ་ཅ་ཞེས་པ་ཡན་རན་ཏའོ་ཡི་རུ་འདེགས་སྤྱི་འདོམས་དམག་དཔོན་ཆེན་མོར་བསྐོས་ནས་བོད་ལ་འཐབ་པའི་བཀའ་ཕབ། སྔར་གྲུ་གུ་ནུབ་མའི་ཁ་གན་ཞིང་ཞི་ཝང་དང་ཅི་ཝང་ཅུའེ་གཉིས་ཚེ་ལས་འདས་རྗེས་གྲུ་གུ་ཚོ་བ་བཅུར་མགོ་བདག་མེད་པར་གྱུར་ཏེ་ཚོ་བའི་མི་རྣམས་གང་སར་ཐོར།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།
རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཞན་ཆིང་ཁྲི་ལོ་གསུམ་པའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས། འགྱུར་ཡིག ཞན་ཆིང་ཁྲི་ལོ་གསུམ་པ། (སྤྱི་ལོ658) ཟླ་བཅུ་པའི་ཚེས་བཅུ་གཅིག་གི་ཉིན། བོད་ཀྱི་བཙན་པོས1གཉེན་སློང་མཁན་གྱི་ཕོ་ཉ་མངགས་པ་འབྱོར། (བམ་པོ199པའི་ཤོག་ངོས16པ། 6310) མཆན་འགྲེལ། 1.མང་སྲོང་མང་བཙན།
རིགས་དབྱེ། ལོ་རྒྱུས།• བོད་ཀྱི་ལོ་རྒྱུས།