ཕག་གྲུའི་སྲིད་སྐྱོང་དུས་རབས།

ཕག་གྲུའི་བརྒྱུད་པ་ནི《རླངས་ཀྱི་པོ་ཏི་བསེ་རུ》ལས། རུས་ཆེན་བཅོ་བརྒྱད་དང༌། འབྲས་ལ་དཀར་ནག་ཁྲ་གསུམ་སོགས་དང༌། བོད་མིའི་གདུང་དྲུག་བྱུང་ཚུལ་ཤིན་ཏུ་རྒྱས་པར་གསུངས་ཤིང༌། དེ་དག་གི་རྒྱུད་ལས་རླངས་ཀྱི་གདུང་བརྒྱུད་བྱུང་ཞིང༌། དེ་དག་ལས་ཨ་མེས་བྱང་ཆུབ་འདྲེ་འཁོལ་ནས་བཟུང་རིགས་བརྒྱུད་ཟམ་མི་ཆད་པར་བྱོན་ཞིང་དེ་དག་གི་རྒྱུད་པས་གདན་ས་ཐིལ་དུ་མཛད་པས་ཕག་གྲུ་པ་ཞེས་དང༌། རྒྱལ་ས་སྣེ་གདོང་དུ་བྱས་པས་སྣེ་གདོང་པ་ཞེས་གྲགས་སོ།།

རིགས་དབྱེ།  

སྟག་ལོའི་སྡེ་གཟར།

སྟག་ལོའི་སྡེ་གཟར་ཞེས་པ་ནི་སྤྱི་ལོ1434ལོར་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡང་ཡབ་ཀྱི་རང་ཉིད་སྡེ་སྲིད་ཀྱི་ཁྲི་ཐོག་ཡོང་རྒྱུའི་རེ་བ་གནང་བའི་མཛད་སྒོ་མ་ལེགས་པའི་རྐྱེན་གྱིས་འཁྲུག་རྩོད་རྒྱ་ཆེན་པོ་ལངས་པ་ཡིན།

རིགས་དབྱེ།  

ཕག་གྲུ་རླངས་ཀྱི་གདུང་རྒྱུད།

རླངས་ཀྱི་གདུང་རྒྱུད་ནི་རླངས་ཀྱི་པོ་ཏི་བསེ་རུ་ལས་བྱུང་བ་ལྟར། དང་པོ་འཇིག་རྟེན་ཆགས་པའི་དུས་ནས་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་སྙིང་བོ་ཚོགས་པ་ལ་བརྟེན་ནས་དུང་སྒོང་ཞིག་བྱུང་བར་རིམ་བཞིན་དབང་བོ་གཟུགས་ཅན་པ་ལྔ་དོད་ནས་ཁྱེའུ་མཚར་སྡུག་ལྡན་པ་ཞིག་བྱུང་བའི་རིམ་པ་དེའོ། །

རིགས་དབྱེ།  

ཕག་གྲུ་ནང་ཞིག་གི་ལོ།

ཡབ་སྲས་གཉིས་གཙོ་བྱས་པའི་ཕྱོགས་སོ་སོའི་བཀའ་བློན་གྱི་བར་འཐབ་རྩོད་ཆེ་ཕྲ་སྣ་ཚོགས་བྱུང་ཞིང་། ཕྱོགས་ཁག་གཉིས་ཀྱི་བར་ཟིང་འཁྲུག་ལངས་ནས་ཡུན་རིང་བོར་ཐག་མ་ཆོད་པ་དེ་ཕག་གྲུ་ནང་ཞིག་གི་ལོ་ཞེས་ཟེར་རོ། །

རིགས་དབྱེ།  

རིན་སྤུངས།

རིན་སྤུངས་ཞེས་པ་ནི་ས་མིང་སྟེ། ཕག་གྲུའི་སྡེ་སྲིད་སྐབས་ཀྱི་བོད་རྫོང་ཆེན་བཅུ་གསུམ་གྱི་ནང་ཚན་ཡིན་ཞིང་། ཡར་ཀླུང་གཙང་པོའི་རྐེད་རྒྱུད་དུ་ཡོད་ལ། སྔོན་ཕག་གྲུའི་སྡེ་སྲིད་ལྔ་པ་དབང་གྲགས་པ་རྒྱལ་མཚན་གྱིས་རིན་སྤུངས་རྫོང་དཔོན་སྒེར་ནམ་མཁའ་རྒྱལ་མཚན་གྱི་མི་རྒྱུད་ལ་འཇགས་དབང་ཐོབ་པའི་ཤེལ་དམ་སྤྲད་པ་ནས་བཟུང་སྒེར་གྱི་གདུང་རྒྱུད་རིམ་བྱོན་ལ་རིན་སྤུངས་པ་ཞེས་མིང་ཐོགས་པར་གྱུར་རོ། །

རིགས་དབྱེ།  

ཕག་གྲུའི་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱི་མཛད་རྗེས།

ཁོང་གིས་བཟོ་རྒྱལ་ཐང་སྟོང་རྒྱལ་པོར་མཐུན་རྐྱེན་སྦྱར་ནས་ས་ཆ་མང་པོར་ལྕགས་ཟམ་དང་ཤིང་ཟམ་བརྒྱ་ཕྲག་མང་པོ་བཙུགས་པ་དང་རྗེ་ཙོང་ཁ་པ་ལ་མཐུན་རྐྱེན་བསྒྲུབས་ཏེ་ལྷ་ལྡན་སྨོན་ལམ་ཆེན་པོ་གསར་འཛུགས་དང་དགའ་ལྡན་དགོན་ཕྱག་འདེབས་མཛད་ཅིང་སྦྱིན་བདག་བྱས་པ་སོགས་མང་ངོ་། །

རིགས་དབྱེ།  

རྒྱ་བོད་ཡིག་ཚང་ཆེན་མོ།

《རྒྱ་བོད་ཡིག་ཚང་ཆེན་མོ》ནི་སྟག་ཚང་དཔལ་འབྱོར་བཟང་པོས་སྤྱི་ལོ1434ལོར་བརྩམས་པར་གྲགས་ཤིང་། ཡིག་ཚང་འདི་ཉིད་ཀྱི་ནང་དཀར་ཆག་ཟུར་འཁོད་ལྟར་ལོ་རྒྱུས་མང་པོ་ཞིག་གནད་བསྡུས་བྱས་ཡོད་པ་དང་། ལྷག་པར་དུ་ས་སྐྱའི་ལོ་རྒྱུས་དང་། ཡོན་རྒྱལ་རབས་ཀྱིས་བོད་དུ་དམག་དོན་དང་ཁྲལ་འུལ་གྱི་ས་ཚིགས་བཙུགས་པ་དང་། ཁྲིམས་ལུགས་དང་། དཔོན་ཆེན་གྱི་གོ་གནས་བསྐོས་སྟངས་སོགས་ཡོན་རྒྱལ་རབས་དང་བོད་ཀྱི་འབྲེལ་བའི་སྐོར་གལ་ཆེ་བའི་ནང་དོན་མང་པོ་བཀོད་ཡོད།

རིགས་དབྱེ།  

སྡེ་སྲིད་ཕག་མོ་གྲུ་པ།

སྡེ་སྲིད་ཕག་མོ་གྲུ་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་བཅུ་བཞི་བ་ནས་བཅུ་དྲུག་པའི་བར་ཕག་མོ་གྲུ་པའི་ཡུལ་སྡེའི་སྲིད་དབང་འཛིན་མཁན་ནོ། །

རིགས་དབྱེ།  

སྡེ་པ་རིན་སྤུངས་པ།

རིན་སྤུངས་པའི་མི་རྒྱུད་ནི་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་གི་ནང་བློན་སྒེར་རིག་པ་འཛིན་བྱ་བ་ལས་སྒེར་ཞེས་པའི་གདུང་རྒྱུད་བྱུང་བར་གསུངས། དེ་ནས་མི་རབས20ཙམ་སོང་བ་ན། སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས་ཕག་གྲུའི་སྡེ་སྲིད་མི་དབང་གྲགས་པ་རྒྱལ་མཚན་གྱི་མངའ་ཞབས་སུ་སྤྱི་ལོ1408ལོར་རིན་སྤུངས་རྫོང་དཔོན་གྱི་གོ་གནས་དང་། གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་ཀྱི་འགན་བཞེས་པས། དེའི་རྒྱུད་པར་རིན་སྤུངས་པ་ཞེས་པར་གྲགས།

རིགས་དབྱེ།  

ཕག་གྲུའི་སྲིད་དབང་།

སྤྱི་ལོ1354ལོར་ཕག་གྲུ་ཁྲི་སྐོར་གྱིས་ས་སྐྱའི་སྲིད་དབང་འཕྲོག་སྟེ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་པ་ལ་ཟེར།

རིགས་དབྱེ།  

ཕག་གྲུའི་ཁྲི་དཔོན།

ཡོན་གོང་མས་རྡོ་རྗེ་དཔལ་ཕག་གྲུའི་ཁྲི་དཔོན་དུ་བསྐོ་གཞག་བྱས་ནས་ཕག་གྲུའི་ཁྲི་དཔོན་བྱུང་།

རིགས་དབྱེ།