སྡེ་པ་རིན་སྤུངས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེ་པ་རིན་སྤུངས་པ།
རིན་སྤུངས་པའི་མི་རྒྱུད་ནི་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་གི་ནང་བློན་སྒེར་རིག་པ་འཛིན་བྱ་བ་ལས་སྒེར་ཞེས་པའི་གདུང་རྒྱུད་བྱུང་བར་གསུངས། དེ་ནས་མི་རབས20ཙམ་སོང་བ་ན། སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས་ཕག་གྲུའི་སྡེ་སྲིད་མི་དབང་གྲགས་པ་རྒྱལ་མཚན་གྱི་མངའ་ཞབས་སུ་སྤྱི་ལོ1408ལོར་རིན་སྤུངས་རྫོང་དཔོན་གྱི་གོ་གནས་དང་། གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་ཀྱི་འགན་བཞེས་པས། དེའི་རྒྱུད་པར་རིན་སྤུངས་པ་ཞེས་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
第巴仁蚌巴
1 ངོ་སྤྲོད་མདོར་བསྡུས།

རིན་སྤུངས་པའི་མི་རྒྱུད་ནི་སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་གི་ནང་བློན་སྒེར་རིག་པ་འཛིན་བྱ་བ་ལས་སྒེར་ཞེས་པའི་གདུང་རྒྱུད་བྱུང་བར་གསུངས། དེ་ནས་མི་རབས20ཙམ་སོང་བ་ན། སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས་ཕག་གྲུའི་སྡེ་སྲིད་མི་དབང་གྲགས་པ་རྒྱལ་མཚན་གྱི་མངའ་ཞབས་སུ་སྤྱི་ལོ1408ལོར་རིན་སྤུངས་རྫོང་དཔོན་གྱི་གོ་གནས་དང་། གཙང་ཆུ་མིག་རིང་མོའི་ཁྲི་དཔོན། ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་ཀྱི་འགན་བཞེས་པས། དེའི་རྒྱུད་པར་རིན་སྤུངས་པ་ཞེས་པར་གྲགས། དེ་སྐབས་མི་དབང་གྲགས་པ་རྒྱལ་མཚན་གྱི་གཅུང་སངས་རྒྱས་རྒྱལ་མཚན་པས་རིན་སྤུངས་པའི་སྲས་མོ་ཀུན་དགའ་དཔལ་འཛོམས་ལྕམ་དུ་བསུས་པར་སྲས་ངག་དབང་གྲགས་པ་འབྱུང་གནས་འཁྲུངས། རིན་སྤུངས་པ་ནོར་བུ་བཟང་པོའི་སྐབས་བསམ་གྲུབ་རྩེའང་མངའ་འོག་ཏུ་བསྡུས་པས་ཕག་གྲུའི་དབང་ཐང་ཉམས་འགོ་ཚུགས། རིན་སྤུངས་པ་ནོར་བུ་བཟང་པོའི་སྲས་ལྔ་ལས་གཉིས་པ་ཀུན་ཏུ་བཟང་པོས་རིན་སྤུངས་རྫོང་དཔོན་བྱས། སྲས་གསུམ་པ་དོན་གྲུབ་རྡོ་རྗེས་བསམ་གྲུབ་རྩེའི་རྫོང་དཔོན་གྱི་དབང་ཆ་བཟུང་། སྲས་བཞི་བ་མཚོ་སྐྱེས་རྡོ་རྗེས་དབོན་ཞང་འབྲེལ་བ་དང་ཕག་གྲུའི་མངའ་ཐང་ཉམས་དམས་སུ་འགྲོ་བ་དང་བསྟུན་ཕོ་བྲང་སྣེ་གདོང་པའི་སྲིད་བསྐྱངས། དེའི་རིང་རིན་སྤུངས་པའི་དབང་ཐང་ཇེ་རྒྱས་སུ་སོང་། རླངས་ཀྱི་གདུང་རྒྱུད་ཕག་གྲུའི་དཔོན་ཐོག་བརྒྱད་པ་དང་དགུ་བའི་རིང་རིན་སྤུངས་པས་བློན་ཆེན་གཙོ་བོ་དང་དབོན་ཞང་གི་འབྲེལ་བར་བརྟེན་རྒྱལ་རྒྱུད་རྒྱུད་འཛིན་ཐད་ཐེ་ཇུས་དང་། སྲིད་དོན་ཐག་གཅོད། ཐ་ན་དྲག་པོའི་ཐབས་སྤྱད་ནས་རྒྱལ་ཚང་ལ་ཉེན་ཁ་བཟོས་ནས་སྒེར་བཙན་ཚུལ་དུ་དེའི་སྟོབས་ཤུགས་བོད་ཡོངས་སུ་རྒྱ་སྐྱེད་བྱས། ཆོས་ལུགས་ཐད་རིན་སྤུངས་པས་ཀརྨ་བཀའ་བརྒྱུད་ལ་དད་གུས་ཚད་མེད་དང་། དགེ་ལུགས་པར་སྡང་དགྲ་ཁོ་ན་བྱེད་པའི་གྲུབ་མཐའ་ཕྱོགས་ཞེན་གྱི་སྲིད་བཟུང་། མཐར་སྤྱི་ལོ1565ལོར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབངས་གྱེན་ལོག་བྱས་ཏེ། རིན་སྤུངས་པའི་དབང་བསྒྱུར་མཇུག་བསྡུས་པའོ།།

2 སྡེ་པ་རིན་སྤུངས་པའི་གདུང་རབས།

.png


.png


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-09

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།