གཙང་པའི་མཛད་ཆེན་ལྔ།

གཙང་པའི་མཛད་ཆེན་ལྔ་ནི་བསྟན་པའི་ཆེ་བ་འདེགས་པའི་ཕྱིར་སྡེ་སྲིད་ཀྱིས་སེར་མོ་བའི་ཕྱལ་འཚལ་མི་བཞེས་བ་དང་། གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་རྣམས་གཞིས་ཀ་བསམ་གྲུབ་རྩེར་གདན་དྲངས་ནས་ལོ་རེར་སེར་ཚོགས་ཐེངས་གསུམ་རེ་འཚོགས་པར་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུ་བ་སོགས་སོ། །

རིགས་དབྱེ།  

གཙང་པའི་གདུང་རྒྱུད།

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྡོ་རྗེ་ཐེག་པའི་སྐྱེས་ཆེན་དམ་པ་མང་དུ་བྱོན་པའི་ནང་ན་གཉགས་ཛྙ་ན་ཀུ་ར་མའམ་གཉགས་ཡེ་ཤེས་རུས་སྦལ་བྱ་བ་ལས་རིམ་བཞིན་མི་རབས་མང་པོ་སོང་པ་ན་གཙང་པ་སྡེ་སྲིད་ཀྱི་མེས་པོ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་བྱུང་བ་ཡིན།

རིགས་དབྱེ།  

གཙང་པ་རྒྱལ་པོ།

ལོ་རྒྱུས་ཡིག་ཚང་དུ་གཙང་སྟོད་རྒྱལ་པོ་ཞེས་གྲགས། ཐོག་མར་རིན་སྤུངས་པའི་མངའ་ཞབས་ཞིང་ཤག་ཚེ་བརྟན་རྡོ་རྗེས་རིན་སྤུངས་པའི་སྲིད་དབང་མགོ་རྟིང་བསློགས་ནས་སྲིད་བཟུང་བར་གོ།

རིགས་དབྱེ།