དབང་མཛད་བཅུ།

དབང་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མིས་མི་ལ་དབང་སྒྱུར་བའི་དུས་རབས་ཀྱི་མགོ་ཚུགས་ཤིང་། དེ་ནི་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་མཇུག་རྫོགས་ནས་བྲན་གཡོག་ལམ་ལུགས་ཀྱི་མགོ་ཚུགས་པའི་དུས་རབས་ཤིག་ཡིན།

རིགས་དབྱེ།  

བསྐལ་པ་ཡ་ཐོག

གནའ་བོའི་ཡིག་ཚང་རྙིང་པ་རྣམས་སུ་དེ་ལྟར་འཁོད་ཡོད་དེ།《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས།། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད།། ཅེས་སོགས་བོད་ཡུལ་འདི་ཐོག་མར་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་ལ་རྗེས་སུ་རིམ་བཞིན་མཚོ་བྲི་ནས་སྐམ་ས་བྱུང་ཚུལ་གསུངས་ཡོད།

རིགས་དབྱེ།  

བོད་ཀྱི་གནའ་མིའི་རུས་ཚན།

གནའ་མི་རྣམས་ཀྱི་རྒྱུད་པ་རིམ་བཞིན་འཕེལ་བ་ལས་བོད་ཀྱི་མིའི་རིགས་བཞི་ཞེས་སེ་དང་། རྨུ་དང་། ལྡོང་དང་། སྟོང་སྟེ་རུས་ཚན་ཆེན་པོ་བཞི་ཆགས་པ་དང་། ཡང་དེའི་སྟེང་དབྲ་དང་འབྲུ་གཉིས་བསྣན་པས་མིའུ་རིགས་དྲུག་བྱུང་ཞེས་ཀྱང་གྲགས།

རིགས་དབྱེ།  

ཞང་ཞུང་རྒྱལ་རབས།

ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱིས་རྒྱལ་སྲིད་བསྐྱངས་ཚུལ་བརྗོད་ཡོད།

རིགས་དབྱེ།  

སྤུ་རྒྱལ་གྱི་དུས་རབས།

སྤུ་བོའི་ཡུལ་དུ་སྐྱེས་པའི་ཨུ་བེ་ར་བྱ་བའི་མི་ཞིག་བྱུང་བ་དེ། གཤིས་རྒྱུད་གྱོང་ལ་དཔའ་རྩལ་དང་སྙིང་སྟོབས་གཞན་གྱིས་འགྲན་ཟླ་དང་བྲལ་བ་ཞིག་བྱུང་བ་དེ་ཉིད། ཡུལ་ཡར་ཀླུང་དུ་ཕེབས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། སྟོད་ཀྱི་མངའ་རིས་སྐོར་གསུམ་གྱི་རྒྱལ་ཕྲན་རྣམས་ཕུད་པའི་རྒྱལ་ཕྲན་ཕལ་ཆེར་དབང་དུ་བསྒྱུར་ཏེ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་སྙན་གྱི་ཅོད་པན་གསོལ་བ་ལ། བོད་དུ་རྒྱལ་པོའི་མཚན་ཅན་ཐོག་མར་བྱུང་བའི་རྒྱལ་རབས་དང་པོ་དེ་ཡིན། དེ་ནས་བཟུང་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་ཞང་བོད་ཡུལ་གྲུ་གཉིས་སུ་ཆགས།

རིགས་དབྱེ།  

འོལ་མོ་ལུང་རིངས།

ད་ལྟའི་དུས་སུ་ཞང་ཞུང་ཟེར་བའི་མིང་གི་གདགས་གཞིའི་ལྟེ་བ་ནི་སྟོད་མངའ་རིས་ཀྱི་ཕྱོགས་སུ་ཡིན་ལ། དེའི་ནང་ནས་ཀྱང་བོན་བསྟན་ཐོག་མའི་འབྱུང་ཁུངས་འཁྲུལ་པ་དང་བྲལ་བ་ནི་རྒྱལ་སའི་ལྟེ་བ་འོལ་མོ་ལུང་རིངས་ཞེས་སུ་གྲགས།

རིགས་དབྱེ།  

རྒྱལ་རོང་།

སྲོང་བཙན་དང་ཐང་འཁྲུགས་ཏེ་བོད་དམག་གིས་བཅོམ་པའི་མཁར་མོའི་དམུ་རྡོ་ཞེས་གྲགས་པའི་ལྷ་རི་མཐོ་ཞིང་བརྗིད་པ་དེའི་རི་རྒྱུད་དང་བཅས་ཡུལ་ལུང་ཆེན་པོ་དེར་རྒྱལ་མོ་རོང་ཞེས་གྲགས།

རིགས་དབྱེ།  

བོད་ཀྱི་ལོ་ཚིགས་བརྩི་སྲོལ་སྐོར།

བོད་ཀྱི་ལོ་ཚིགས་བརྩི་སྲོལ་སྐོར་ཞེས་པ་འདིར་བོད་ཀྱི་ལོ་ཚིགས་བརྩི་སྲོལ་ལས་རབ་བྱུང་གི་བརྩི་སྲོལ་དང་མེ་མཁའ་རྒྱ་མཚོའི་བརྩི་སྟངས། འདས་ལོ་དང་བོད་རྒྱལ་ལོའི་བརྩི་སྟངས་སོགས་ཁ་གསལ་མདོར་བསྡུས་ཀྱི་སྒོ་ནས་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

སྟག་གཟིག་འོལ་མོ་ལུང་རིངས།

སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་གཡུང་དྲུང་བོན་ཐོག་མར་དར་སའི་ཡུལ། དེ་ཡང《མདོ་གཟེར་མིག》ལས། འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང་། ཆུ་བོ་བཞི་འདུས་ཀྱི་འགོ ལྷོའི་འཛམ་བུ་གླིང་གི་མིག འོལ་མོ་ལུང་རིངས། མཁར་བར་པོ་སོ་བརྒྱད་ཀྱི་ནང་ཞེས་པའོ། །

རིགས་དབྱེ།  

རྒྱལ་ཕྲན་བཅུ་གཉིས།

བོད་ཀྱི་ལོ་རྒྱུས་སྟེང་དུ་གཉའ་ཁྲི་བཙན་པོའི་སྔོན་དུ་བྱུང་བའི་རྒྱལ་ཕྲན་བཅུ་གཉིས་ཀྱི་རྒྱལ་ས་དང་དེ་དག་གི་རྗེ་བོ། བློན་པོ་སོགས་ཀྱི་མཚན་དེ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་བོད་ཀྱི་ལོ་རྒྱུས་དེབ་རྩ་ཆེན《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཇི་བཞིན་དུ་བཀོད་པ་དེའོ།།

རིགས་དབྱེ།  

ཐོ་ཐེམ།

གནའ་བོའི་མིའི་རིགས་ཀྱིས་བཞག་པའི་རྡོ་ཆས་དང་། ད་ལྟའི་དམངས་ཁྲོད་དུ་ཁྱབ་བརྡལ་ཆེ་བའི་དམངས་ཁྲོད་གཏམ་རྒྱུད། ལྷ་སྒྲུང་། གཞན་ཡང་་རང་རེ་ཚོའི་སྲོལ་རྒྱུན་དང་གོམས་སྲོལ་སོགས་ལས་ཀྱང་གདོད་མའི་མིའི་རིགས་ཀྱི་བསམ་བློ་གཏོང་སྟངས་རྣམས་རིག་འདེད་བྱེད་ཐུབ་པས། ང་ཚོས་འཕེལ་རིམ་མི་འདྲ་བའི་གདོད་མའི་མི་ལ་ཤེས་རྟོགས་ངེས་ཅན་ཞིག་བྱེད་ཐུབ། མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་ཕལ་ཆེར་འདྲ་མཚུངས་ཡིན་གཤིས། གདོད་མའི་མི་རིགས་ཤིག་ཡིན་ཕྱིན་ཐོག་མར་དད་པའི་འདུ་ཤེས་མེད་པ་ནས་ཡོད་པ་དང་། དེ་ནས་རིམ་བཞིན་རང་བྱུང་དད་པ་དང་སྲོག་ཆགས་དད་པ། ཐོ་ཐེམ་དད་པ། མེས་པོའི་དད་པ་སོགས་བྱུང་བ་རེད། དེའི་ནང་ཐོ་ཐེམ་དད་པས་གནས་བབས་ངེས་ཅན་ཞིག་བཟུང་ཡོད་ལ་གདོད་མ་མིའི་དད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

ཞང་ཞུང་རྒྱལ་རབས་ལོ་རྒྱུས།

ཞང་ཞུང་རྒྱལ་རབས་ལོ་རྒྱུས་ནི་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་བྱུང་ཚུལ་དང་རྒྱལ་པོ་རེ་རེས་ཞང་ཞུང་ལ་དབང་བསྒྱུར་ཚུལ་མདོར་བསྡུས་ཙམ་ཞིག་བཤད་ཡོད།

རིགས་དབྱེ།  

ཞང་ཞུང་གི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད།

ཞང་ཞུང་གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་དུ་ཡོད་པ་ལ། དེ་ཡང་གཡས་ནི་ཕུག་སྟག་རི་ཁྲ་བོ་སྨན་གྱི་རི་དང་། བར་ལ་མོ་གངས་ར་ཕྱི་ཡི་རི་དང་། སྒོ་མཁའ་འགྲོ་འདུས་གླིང་ཙ་ཡི་རི་དང་གསུམ་མོ། །དེ་ལྟར་དུའང་གཡོན་སྒོ་ཕུག་ཏི་སེ་དང་མ་པང་གཡུ་མཚོ། བར་རྟ་རྒོ་དང་དང་ར་གཡུ་མཚོ། སྒོ་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་གསུམ་མོ། །དེ་ལྟར་དུའང་དབུས་སྒོ་ནི། ཕུག་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་དངུལ་མཁར། བར་ལྷ་རི་གྱང་ཏོ་དང་རྒྱལ་མཁར་འཕན་གླིང་། སྒོ་ཤེ་ལེ་རྒྱ་སྐར་དང་ཁྱུང་པོ་གཏིང་རྫོང་སོགས་གསུམ་མོ། །དེ་ལ་སྤྱི་ལྟར་ན་སྟོད་མངའ་རིས་སྐོར་གསུམ་ཞང་ཞུང་གི་ཡུལ་དང་། བར་དབུས་གཙང་རུ་བཞི་བོད་ཡུལ་དང་། སྨད་མདོ་གང་སྒང་དྲུག་རྒྱ་ནག་གི་ཡུལ་སོགས། ཞང་ཞུང་སྒོ་ཕུག་བར་གསུམ་དང་། ཁྱད་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ། སྲིད་པ་གནམ་ནས་སྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ།

རིགས་དབྱེ།  

ཞང་ཞུང་རྒྱལ་རབས་ཀྱི་བང་སོ།

ཞང་ཞུང་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་ཁྲོད་ཀྱི་རྒྱལ་རབས་ཤིག་ཡིན་ལ། ཧ་ལམ་སྤྱི་ལོའི་དུས་རབས6པའི་སྐབས་སུ་ཐུ་བྷོད་རྒྱལ་རབས་ཀྱིས་དབང་སྒྱུར་བྱས་པ་ཞིག་ཡིན།

རིགས་དབྱེ།  

ཞང་ཞུང།

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་སྟེ། བོད་ཀྱི་གནའ་བོའི་རྒྱལ་ཕྲན་གཙོ་གྲས་ཤིག་དང་རྒྱལ་ཕྲན་དེ་ཉིད་གནས་པའི་ཡུལ་གྱི་མིང་།

རིགས་དབྱེ།  

བློ་ལྡན་མིའི་དུས་རབས།

འགྲེང་མི་རྣམས་ཀྱིས་སྐད་ཆ་ཐར་ཐོར་རེ་བཤད་འགོ་བརྩམས་པ་ནས་བཟུང་ལོ་འབུམ་ཕྲག་ལྔ་ཡི་ཡུན་ལ་འཕེལ་འགྱུར་བྱུང་རྗེས། བློ་ལྡན་མིའི་སྐབས་འདིར་གཞི་ནས་སྐད་ཆ་བཤད་ཤེས་པར་གྱུར་པ་དེའོ། །

རིགས་དབྱེ།  

དེང་མིའི་དུས་རབས།

ལོ་ངོ་ལྔ་ཁྲིའི་གོང་ཙམ་ནས་བློ་ལྡན་མི་ལས་དེང་རབས་མི་འཕེལ་འགྱུར་བྱུང་ཞིང་། གནའ་ཤུལ་རྙིང་པ་ལས་ཤེས་གསལ་ལྟར་ན་མེ་རྡོ་དང་རྡོ་ནར་བརྡར་ནས་བཟོས་པའི་རྩེ་རྣོ་ཞིང་ཟུར་གཉིས་དབལ་ཚ་བའི་རྡོ་ཡི་མདའ་མདུང་སོགས་བཟོ་ཤེས་པར་གྱུར་བ་མ་ཟད། རྒོད་གཡང་གི་དབྱེ་བ་བྱས་ཏེ་རྒན་པ་དང་བུད་མེད་རྣམས་ཁྱིམ་དུ་བསྡད་ནས་བུ་ཕྲུག་གཉོར་ཞིང་ཁྱིམ་ལས་བྱེད་པ་དང་། སྐྱེས་པ་རྣམས་ཕྱི་རོལ་ཏུ་སོང་ནས་རི་དྭགས་རྔོན་པ་དང་ཉ་འཛིན་པ་སོགས་ཀྱི་ལས་ཀ་གཉེར་བའི་དུས་རབས་ལ་ཟེར་རོ། །

རིགས་དབྱེ།  

གནོད་སྦྱིན་བཙན་གྱི་དུས་རབས།

མི་རྣམས་ཀྱིས་སེམས་ཅན་འགའ་བཟུང་ནས་བདག་གཉེར་བྱས་ཏེ་འོ་མ་བཞོས་ནས་བཟའ་བཏུང་གི་རིགས་གཡོ་ཤེས་པ་མ་ཟད། དགྲ་བོ་འགོག་པའི་ཆེད་དུ་ནགས་ཚལ་དང་བྲག་རི་སོགས་ལ་གནས་ཚང་བཅས་པ་ཡིན། ལྷ་ཀླུ་སོགས་ཀྱི་དབྱེ་བ་འབྱེད་ཤེས་པར་གྱུར། དེ་དག་ལ་མཆོད་པ་ཕུལ་ནས་དགྲ་བོ་བརླག་འགོ་ཚུགས་པ་ཡིན།

རིགས་དབྱེ།  

སྲིན་པོ་གཉའ་རེངས།

སྲིན་ཞེས་པ་སྤྱིར་བཏང་སྲོག་ཆགས་ཀྱི་རིགས་ཤིག་ལ་གོ་སྟེ། ཆུར་གནས་སྲོག་ཆགས་ཤ་གཟན་གྱི་རིགས་ལ་ཆུ་སྲིན་ཟེར་བ་དང་། དར་སྐུད་གཏོང་བའི་འབུ་ལ་དར་སྲིན། སྡིག་པ་ར་ཙ་ལ་སྡིག་སྲིན་ཟེར་བ་བཞིན་དུ། རྒྱལ་བོའི་རིགས་ལ་དམོན་མོ་བྱེད་སྐབས་རྒྱལ་སྲིན་ཟེར་བ་ལྟ་བུའོ། ། སྲིན་པོ་ནི་ཟས་སུ་ཤ་ཟ་ཞིང་གཞན་སྲོག་ལ་རྒོལ་བའི་ནུས་པ་དམིགས་བསལ་བ་ཡོད་པའི་འགྲོ་བ་སྤྱི་ལ་གོ་དགོས་པ་ཡིན་ནོ། །

རིགས་དབྱེ།  

དམར་འཇམ་ལྷ།

དམར་འཇམ་ཞེས་འབྱུང་པའི་གོ་དོན་ནི་དམར་ཞེས་པ་གཅེས་སུ་འོས་པའམ་ཕངས་པོའི་དོན་ལའང་འཇུག་ཅིང་། འཇམ་ནི་གཤིས་ཀ་དང་ཁྲིམས་ལུགས་འཇམ་པའི་མགོ་དཔོན་ལྷ་ལྟ་བུ་ཞེས་བཏགས་པར་སྙམ། ལྷ་ཞེས་པ་ཇི་ལྟར་བཏགས་པ་ཡིན་ནམ་སྙམ་ན། གཙོ་བོ་ནང་གི་གཤིས་ཀ་དང་ཕྱིའི་སྐྱེ་གཟུགས་ལང་ཚོའི་ཐོག་ནས་འདོགས་ཀྱིན་ཡོད་པ་འདྲ་སྟེ། གཤིས་ཀ་ལྷོད་ཅིང་བཟང་བ་ལ་ལྷ་ཟེར་རོ། །

རིགས་དབྱེ།  

ཀྲོག་ཀྲོག་འདྲེ།

རུ་སྡེ་ཚོ་བའི་ནང་ཀྲོག་ཀྲོག་བྱེད་མཁན་ལ་རླུང་རྟ་ཡོད་མི་སྲིད་སྟབས། མགོ་དཔོན་གྱིས་ནམ་རྒྱུན་ཀྲོག་ཀྲོག་བྱས་ཏེ་གཟི་བརྗིད་བཀོལ་བ་མི་དམངས་ཀྱིས་བློ་ལ་བབས་པར་ཀྲོག་ཀྲོག་འདྲེ་ཞེས་མཚང་མིང་བཏགས་པར་ཤེས་ནུས་པ་དེ་ཡིན་ནོ། །

རིགས་དབྱེ།  

བདུད་ཀྱི་དུས་རབས།

མི་རྣམས་ས་ཁུལ་དྲོ་ས་དང་མེ་ཏོག་སྐྱེས་འབུལ་ཆེ་སའི་ཡུལ་རྣམས་སུ་ཤིང་རྡོ་ཁང་བརྩིགས་ནས་མི་རྣམས་གཏན་སྡོད་བྱས་ལ་སྟ་རེ་སོགས་ལག་ཆ་བྱུང་བ་ཡིན། དམག་འཁྲུག་སྐབས་སུ་ནོར་རྫས་དང་སྒོ་ཕྱུགས་བཅོམ་འཕྲོག་བྱས་ཏེ། མི་རྣམས་བཟུང་ནས་བྲན་དུ་བཀོལ་བ་ཡིན། དེ་ལ་བདུད་ཀྱི་དུས་རབས་ཟེར།

རིགས་དབྱེ།  

གདོང་དམར་སྲིན་པོའི་དུས་རབས།

མི་རྣམས་ཀྱིས་གཙོ་བོ་རྔོན་ལས་བྱས་ཏེ་ཤ་ཁྲག་ལོངས་སྤྱོད་བྱེད་ཅིང་། འགལ་རྐྱེན་བར་ཆད་སེལ་བར་ཡུལ་ལྷ་གཞི་བདག་རྣམས་ལ་ཤ་ཁྲག་གི་མཆོད་པ་འབུལ་བར་མ་ཟད། སྐབས་འགའ་རེར་རི་དྭགས་སོགས་བཟུང་ནས་དམར་མཆོད་ཀྱང་བྱེད་སྲོལ་འདུག དེ་ལ་གདོང་དམར་སྲིན་པོའི་དུས་རབས་ཟེར།

རིགས་དབྱེ།  

བྲན་གཡོག་ལམ་ལུགས།

མི་ཡིས་མི་བྲན་དུ་བཀོལ་བའི་ལམ་ལུགས་ལ་བྲན་གཡོག་ལམ་ལུགས་ཟེར། ཡང་ན་བར་ལམ་ཞིག་ལ་ཟས་གོས་ཀྱི་ལྷག་མ་གསོག་འཇོག་བྱེད་ཤེས་པར་གྱུར་བ་ནས་བཟུང་ཕྱུག་པོ་དང་དབུལ་བའི་ཐ་སྙད་བྱུང་བ་ཡིན། དེ་བཞིན་དཔོན་གཡོག་གི་རྣམ་པ་བྱུང་བ་ཡིན། མི་སྟོབས་པོ་ཆེ་དང་འབྱོར་ཕྱུག་ཅན་རྣམས་ཀྱིས་འཚོ་བ་ཕན་ཚུན་ས་རྩོད་ཆུ་རྩོད་བྱེད་ཆེད་དུ་འཁྲུག་རྩོད་བྱས་ཏེ། འཁྲུལ་རྩོད་ཁྲོད་ནས་ཕམ་པ་རྣམས་བྲན་དུ་བཀོལ་བའི་དུས་རབས་ལ་ཟེར།

རིགས་དབྱེ།  

འཇོན་མིའི་དུས་རབས།

སྤྲ་མི་རྣམས་བློ་མིག་ལག་རྩལ་ཇེ་བཟང་དུ་གྱུར་ནས་འཇོན་མི་བྱུང་བ་ཡིན། འཇོན་མི་དེ་དག་གིས་རྡོ་གཡའ་མ་ལས་གྲུབ་པའི་གྲི་དང་མདུང་སོགས་བཀོལ་ཏེ་རི་དྭགས་རྣམས་རྔོན་པ་དང་བརྔོན་དངོས་བཤའ་བ་སོགས་ལ་ཉེ་བར་མཁོ་བའི་རྡོ་ཆས་ཀྱི་ལག་ཆ་བཟོས་པས། འཚོ་བ་སྔར་ལས་ཀྱང་ཅུང་ཟད་ཇེ་བཟང་དུ་གྱུར་པ་ཡིན། སྐབས་དེའི་དུས་རབས་ལ་འཇོན་མིའི་དུས་རབས་ཟེར།

རིགས་དབྱེ།  

གནའ་བོའི་བོད་དང་པར་སིག་གི་ཤེས་རིག

གནའ་བོའི་བོད་དང་པར་སིག་གི་ཤེས་རིག་ཅེས་པའི་དེབ་འདི་ནི་སྤྱི་ལོ2005ལོའི་ཟླ8པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་ཅིག་ཡིན་ལ། རྩོམ་པ་པོ་ནི་ཀྲང་ཡོན་ཡིན།

རིགས་དབྱེ།  

སྤྱི་ལོ67པ་མེ་ཡོས་ལོ།

བོད་ཀྱི་ཆོས་འབྱུང་ཁག་ལ་གཞིགས་ན། ལོ་འདིར་སངས་རྒྱས་ཆོས་ལུགས་རྒྱ་ཡུལ་དུ་ཐོག་མར་དར་བའི་ལོ་འགོ་མ་དེ་རེད།

རིགས་དབྱེ།  

སྤྱི་ལོ1040པ་ལྕགས་འབྲུག་ལོ།

སྤྱི་ལོ1040པ་ལྕགས་འབྲུག་ལོ། ལོ་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཕགས་ཡུལ་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་ཕེབས་རྡོག་ཐོན་པ་དང་། རྗེ་མི་ལ་རས་པ་དང་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་གཉིས་སྐུ་འཁྲུངས་པ། ཞྭ་ལུ་དགོན་པ་བཏབ་པ་བཅས་བོད་ཀྱི་ལོ་རྒྱུས་སུ་རིག་གནས་ཐད་ཀྱི་དོན་ཆེན་གསུམ་བྱུང་བ་རེད།

རིགས་དབྱེ།  

ཁྲིན་ཏེའི་རྟག་ཏུ་སྐྱོང་བའི་ལྷ་ཁང་གི་རྡོ་རིང་ཡི་གེ།

ཆིང་ཆན་ལུང་ཁྲི་ལོ་བཅུ་བདུན་པ་སྟེ། སྤྱི་ལོ1752ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་བྲིས་པ་དང་། རྡོ་རིང་དེ་ནི་ཁྲིན་ཏེ་གྲོང་ཁྱེར་གྱི་ཚ་འབྱོལ་ཕོ་བྲང་གི་རྟག་ཏུ་སྐྱོང་བའི་ལྷ་ཁང་ནང་བཞུགས།

རིགས་དབྱེ།  

རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་།

འདི་ནི་བོད་གདོད་མའི་དུས་ཀྱི་རྒྱལ་ཕྲན་རྣམས་ཅི་ལྟར་བྱུང་བ་དང་རྒྱལ་ཕྲན་དེ་དག་གིས་གཅིག་གིས་གཅིག་ཕམ་པར་བརྒྱབ་ནས་མཐར་འོ་ལྡེ་སྤུ་རྒྱལ་གྱིས་གཅིག་གྱུར་བྱས་པའི་གོ་རིམ་བརྗོད་ཡོད།

རིགས་དབྱེ།