ཁྲིན་ཏེའི་རྟག་ཏུ་སྐྱོང་བའི་ལྷ་ཁང་གི་རྡོ་རིང་ཡི་གེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིན་ཏེའི་རྟག་ཏུ་སྐྱོང་བའི་ལྷ་ཁང་གི་རྡོ་རིང་ཡི་གེ།
ཆིང་ཆན་ལུང་ཁྲི་ལོ་བཅུ་བདུན་པ་སྟེ། སྤྱི་ལོ1752ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་བྲིས་པ་དང་། རྡོ་རིང་དེ་ནི་ཁྲིན་ཏེ་གྲོང་ཁྱེར་གྱི་ཚ་འབྱོལ་ཕོ་བྲང་གི་རྟག་ཏུ་སྐྱོང་བའི་ལྷ་ཁང་ནང་བཞུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
永德永佑寺碑记
བཞེངས་ལོ།
སྤྱི་ལོ1752ལོ།
བཞེངས་ཡུལ།
ཁྲིན་ཏེ་གྲོང་ཁྱེར་ཚ་འབྱོལ་ཕོ་བྲང་ནང་གི་རྟག་ཏུ་སྐྱོང་པའི་ལྷ་ཁང་།
1 ངོ་སྤྲོད།

ཆིང་ཆན་ལུང་ཁྲི་ལོ་བཅུ་བདུན་པ་སྟེ། སྤྱི་ལོ1752ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་བྲིས་པ་དང་། རྡོ་རིང་དེ་ནི་ཁྲིན་ཏེ་གྲོང་ཁྱེར་གྱི་ཚ་འབྱོལ་ཕོ་བྲང་གི་རྟག་ཏུ་སྐྱོང་བའི་ལྷ་ཁང་ནང་བཞུགས།

2 མ་ཡིག

རྟག་ཏུ་སྐྱོང་བའི་ལྷ་ཁང་གི་རྡོ་རིང་ཡི་གེ།

༄༅། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོས་འཇིག་རྟེན་འདུལ་བས། ལྷ་མི་ཀུན་ལ་སྨན་པ་ཆེར་མཛད། ཕྱོགས་བཅུ་ཡོངས་སུ་གསལ་བར་བྱས་ནས། ཞི་བའི་དབྱིངས་སུ་ཅི་ནས་ཀྱང་མི་གནས་པར། ཆོས་ཀྱི་གྲོང་ཁྱེར་འཛུགས་པར་མཛད་པ་ནི། ངེས་པར་རྨད་དུ་བྱུང་བའི་རི། རིན་པོ་ཆེའི་གྲོང་། བྱ་རྒོད་ཕུང་པོའི་རི་བྲག། རི་དྭགས་ཀྱི་ནགས་ངོ་མཚར་བའི་རྒྱན་དང་ལྡན་པའི་གཙུག་ལག་ཁང་རྣམས་མཛད་པར་གྲགས་སོ། ། འཕགས་པ་རྣམས་ཀྱིས་སྲོལ་བཏོད་པ་ནི་ངེས་པར་བསོད་ནམས་དང་བཀྲ་ཤིས་པ་ཚོགས་པའི་གནས་ཡིན་ནོ། ངེད་ཀྱི་༧ཡབ་མེས་ཤིང་ཙུ་རྒྱལ་པོ་ཐུགས་རྗེ་ཅན་ནི། ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཉིད། འཁོར་ལོས་བསྐོར་པོའི་རྣམ་ཐར་བསྟན་པ། བསོད་ནམས་དང་མཁྱེན་རབ་མངོན་ཤེས་ལོས་བསྐོར་བའི་རྒྱལ་པོའི་རྣམ་ཐར་བསྟན་པ། བསོད་ནམས་དང་མཁྱེན་རབ་མངོན་ཤེས་དང་ལྡན་པ་བླ་ན་མེད་པ་ཕུལ་དུ་བྱུང་བའི་མཐར་ཐུག་པ་ལགས་སོ། ཡུལ་ལྗོངས་ལའང་གཟིང་རྟོགས་དང་འབངས་ཚོད་བགམ་པའི་ཕྱིར་དུ། ཞེ་ཧོར་གྱི་གནས་བརྟགས་ནས་རིའི་གྲིང་ཁྱེར་བཀོད་ནས་ཚད་བྱོལ་གྱི་གནས་སུ་བྱས། སྒང་གཤོང་ངང་གིས་གྲུབ་པའི་གནས་དང་བསྟུན་ནས། འཁན་ལྡུམ་བྲེ་གང་མེད་པར། ལུས་ཟུངས་བརྟས་ཤིང་། སེམས་སྤྲོ་གསིང་བས། བག་ཕེབས་ཤིང་ཡོངས་སུ་རྫོགས་པར་བྱས་ཏེ་རླུང་དང་འབྲུག་གི་སྒྲས་སྐྱོ་བ་བསངས། ཆར་དང་ཟིལ་པས་དབུགསབདེ་བར་རྒྱུ། རྨད་དུ་བྱུང་པའི་བཀས་སློབ་མ་དང་། ཀུན་ལ་ཁྱབ་པར་བཀྲལ་སྟེ། མི་རིངས་བཞིན་དུ་མྱུར་བར་གྲུབ་པར་སངས་རྒྱས་ཉིད་ནགས་སུ་བདེ་བར་གཞིས་ཏེ། བྲིམ་མེ་ཏིང་ངེ་འཛིན་ལ་བཞུགས་ཏེ། ཆོས་འཆད་པའི་གསུང་དབྱངས་དཔག་ཚད་སྟོང་ཕྲག་དུ་མར་གསལ་བྲིང་ངེ་ཁྱབ་པས། འགྲོ་བའི་དབུགས་འབྱིན་པའི་བཀའ་དྲིན་ཀུན་ཏུ་ཁྱབ་པ་དང་མཛུངས་སོ། ང་རང་ན་ཕྲ་བའི་སྐབས་སུ་ཞབས་ཕྱིར་སྲི་ཞུ་བགྱིད་སྐབས་ངེད་ཀྱི༧ཡབ་མེས་རྒྱལ་པོ་རིང་གར་བཞུགས་པ་དང་། སྐྱོ་བསང་མཛད་སྐབས་བདེ་བའི་དོན་དུ་འབད་པ་མེད་བཞིན་དུ་བདེ་བར་གནས་པས། དུས་དང་བསྟུན་ནས་ཐམས་ཅད་སྐྱོང་བས། གནམ་སའི་སྲོལ་དང་མཚུངས་པ་མཇལ་མོད། ད་ལྟ་རྟོག་པར་བཅུག་པར་ལོ་སུམ་ཅུ་ལྷག་སོང་། རི་དྭགས་བདའ་བར་འགྲོ་རེས་ཀྱིས་འདི་གར་སྒར་བཏབས། ཐང་ཤིང་སྤྲིན་བསྡང་དང་འདྲད(འདྲ)ལ། ཕོ་བྲང་གི་ཏོག་དང་འཁྱམས་ཚད་མཐོ་ཞིང་འདབ་བསྲིངས་ཤིང་གནས་པ་མཐོང་བས། ཕོ་བྲང་དུད་ལྟར་ཡང་གཤེགས་བཞུགས་བྱེད་བཞིན་པའི་ཉམས་དྲན་པས་ཡིད་བསྐྱོད་དེ། བཀའ་དྲིན་བསངས་ཤིང་བསོད་ནམས་འཕེལ་ཕྱིར། རི་འདི་ཉིད་ཀྱི་གྲོང་ཁྱེར་གྱི་ནང་དུ་ནགས་ཚལ་ཁྲི་ཕྲག་འཁྲིགས་པའི་སྐྱེད་ཚལ་དུ། གསར་དུ་ལྷ་ཁང་རྣམ་པར་དག་པ་བཞེངས་ཏེ། རྟག་ཏུ་སྐྱོང་པའི་ལྷ་ཁང་ཞེས་མིང་བཏགས། དྲིལ་ཆེན་གཎྚིའི་སྒྲ་དང་། ཆོས་དང་སྔགས་ཀྱི་དབྱངས་ལས། གནས་སུམ་ཅུ་རྩ་དྲུག་ཐམས་ཅད་ཉན་ཐོས་ཀྱི་བསྟི་གནས་སུ་མཚུངས་པར་བྱེད་པར་མ་ཟད། ངེད་ཀྱ༧ཡབ་མེས་རྒྱལ་པོའི་གཟི་བརྗིད་ཀྱིས་ཉི་མ་ཁྱབ་པའི(པ)བཞིན་ལོ་ཁྲི་ཕྲག་ཁྲི་ཕྲག་གི་བར་དུ། བུ་ཚ་བོ་བློན་པོ་མཐའ་འབངས་རྟག་ཏུ་གནས་པར་སེམས་པར་གདོན་མི་ཟ། འདིན་ནི་རྒྱལ་བ་ཤཱཀྱ་ཐུབ་པའི་ཛེ་ཏ་ཀའི་རིའི་རྡོ་རྗེ་གདན་གྱི་ཁྲི། ལྷ་དང་ཀླུས་བསྲུང་ཞིང་བསྐོར་ཏེ། ཚུལ་དང་རྣམ་པ་སྔོན་ཇི་ལྟ་བ་བཞིན་ཡོད་པ་དང་མཚུངས་སོ།

ངེད་ཀྱིས་སྤྱོད་ལམ་མཐུན་པར་སྲོང་ཞིང་། ༧གོང་མར་སྲི་ཞུ་དང་བསོད་ནམས་གསོག་ཕྱིརགསོལ་བ་བཏབས་ནས། སེམས་ངལ་གསོ་བ་ཡང་འདི་ལ་རག་ལས་པས་རྒན་རབས་ཀྱི་

ཐུགས་བསམ་པ་མ་སྙིགས་པ་ཙམ་དུ་འགྲོ་སྙམ་མོ། ། གནམ་སྐྱོང་ཁྲི་ལོ་བཅུ་བདུན་པའི་ཆུ་མོ་སྦྲེལ་ལོའི་སྟོན་ཟླ་དང་པོའི་ཆེ་གཅིག་ལ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-10-28

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།