P.T•1083
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

P.T•1083
ཡིག་ཆ་ཨངP.T•1083ནང་དུ་རང་མོས་སྒོས་གཉེན་སྒྲིག་བྱེད་པ་ལས་གང་འདོད་དུ་བུ་མོ་རྣམས་གཉེན་སློང་བྱས་མི་ཆོག་པའི་བཀའ་རྒྱ་བཀྲམ་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་ཆ།
ནང་དོན།
གཉེན་དོན།
ལོ་དུས།
ཆུ་ཕག་ལོ།
ཡིག་ཆའི་མིང་།
P.T•1083
1 མ་ཡིག

1.།.།   བློན་ཆེན་པོས། ། འདུན་ཙ་ལོང་ཅུ་ནས། །  ཕགྀ་ལོེ་དཕྱྀད་བཀྱེའྀ་ཕྱག་རྒྱ

2.ཕོག་སྟེ། ། རྒྱ་སྡེ་ཉྀས་ཀྱྀ་དཔོན་སྣས་གསོལད་ཕ། །  རྒྱ་ཤ་ཆུ་པའྀ། བུ་སྲིང་ལས།  སྔོན་

3.ཆད།  བོད་སུམ་དང་།  ཞང་ལོན་ཡ་ཡ་ནས།   །མཆིས་བྲང་དུ་འཚལ་བ་སྐད་དུ།  སྙད་བཐགས་ནས།

4.འཚལད་ཏེ། ། བྲན་དུ་བགྱིས་པ་ཡང་མང། རྒྱལ་འབངས་ལས།  བླར་ཐབས་གིས།  གསོལད་ཐེ།

5.འདི་འདྲ་བར།  ཕྲོགས་པ་ཙམ་ཞིག  ། མཐོང་ཁྱབ་གྱི་བུ་སྲིང1ལྟ་བུ།  གཞན་དུ་གཉེན་འཚལ

6.ཏུ་མྱི་གནང་བ་དང་སྦྱར་ཞིང་། །ཁྲི་སྡེའྀ་ནང་དུ་དགའ་གཉེན་འཚལ་བར།  གཐད2དུ་ཅི་

7.གནང་ཞེས་གསོལ་ལོ། །བུ་བཟངས3ལྟ་བུར་ཕྱག་རྒྱ་དང་གཐད་ཐོགས་ཐེ།  སྤུས

8.འཛིན་དུ་ནི་མྱི་གནང་། ། དགའ་གཉེན་འཚལ་བར་གནང་སྟེ།  ཕྱག་རྒྱ་འཆང་དུ།

9.སྩལད་པའ། །

2 མ་ཡིག་གི་འབྲུ་འགྲེལ།

འདུན་ས་ལོང་ཅུ་ནས།  བློན་ཆེན་པོས་ཕག་ལོའི་དཔྱིད་ལ་གནང་བའི་བཀའ་རྒྱ

ཕབ་པ།  རྒྱ་སྡེ་གཉིས་ཀྱི་དཔོན་སྣ་དག་གིས་ཞུ་འབུལ་དུ།  སྔར་བོད་སུམ་དང་།  ཞང་བློན་འགའ་ཞིག་གིས།  རྒྱ་ཤ་ཅུ་པའི་བུ་མོ་རྣམས།  ཆུང་མར་ལེན་སྐད་དུ་བྱས་ནས་སྙད་བཏགས་ཏེ་འཁྱེར་ཞིང་།  དོན་ལ་གཡོག་མོར་བྱས་པ་ཡང་མང་དུ་བྱུང་།  རྒྱལ་པོའི་འབངས་ལས་བཙན་ཐབས་ཀྱིས་འཁྱེར་ཏེ།  འདི་ལྟར་འཕྲོག་པ་ནི་སྲོལ་མེད་པ་ཙམ་འགས་ན།  ད་ཕན་ཆད་མཐོང་ཁྱབ་ཀྱི་བུ་སྲིང་མ་འདྲ་ཡིན་ཕྱིན།  གཞན་ལ་བག་མར་མི་གཏོང་བའི་ཁྲིམས་སྦྱར་ཞིང་།  མཐོང་ཁྱབ་ཁྲི་སྡེའི་ནང་དུ་རང་མོས་བཞིན་དགའ་གཉེན་བྱས་ཆོག་པའི་བཀའ་གཏད་གནང་བར་ཞུས་པ་བཞིན་གོང་གི་བཀའ་རྒྱ་དང་བཀའ་ཤོག་བཟུང་སྟེ་ཁྲེལ་མེད་ལྟར་བྱས་ནས།  བྱད་མེད་བདམས་ཏེ་འཛིན་མི་ཆོག་པ་དང་།  དགའ་གཉེན་བྱས་ཆོག་པའི་བཀའ་རྒྱ་འཛིན་དུ་གནང་ངོ་། །

(《དེབ་ཐེར་དཀར་པོ》པར་གཞིའི་ཤོག་ལྷེ11ཁ12ཀ་པར་གསལ)

3 མཆན་འགྲེལ།

①བུ་སྲིང་།  དེ་ལ་བུ་སྲིང་ནི་བུད་མེད་སྲིང་མོ་བྱ་བ་སྟེ།  མཚོ་སྔོན་པོའི་ཕལ་སྐད་དུ་བུད་མེད་སྤྱིའི་མིང་ལ་བུ་སྲིང་མར་འབོད།

②གཐད།  གཏད།  གཏད་ནི་བཀའ་གཏད་བྱ་བ་སྟེ་བཀའ་ཤོག་གནང་བའི་དོན་ནོ།

③བུ་བཟངས།  བུ་བཟངས་བྱ་བ་ནི།  ཡ་མེད་དམ་ཁྲེལ་མེད་ལ་ཟེར།

(《དེབ་ཐེར་དཀར་པོ》པར་གཞིའི་ཤོག་ལྷེ11ཁ་པར་གསལ)


བརྡ་འགྲེལ་གདོང་འཛར།

ཡིག་ཆ། བོད། རྒྱ། བུད་མེད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།