Ⅱ390
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Ⅱ390
ཤིང་ཁྲམ་ཨངⅡ390ནི་བོན་པོ་རྣམས་གྲལ་ལ་བཞུགས་ཏེ་ཁ་ཟས་ལ་རོལ་བའི་སྐབས་སུ་དུས་ལྟར་ཆང་དྲངས་དགོས་པའི་སྐོར་གྱི་ཡིག་ཆ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཤིང་ཁྲམ།
ཤིང་ཁྲམ་མིང་།
Ⅱ390
1 མ་ཡིག

ཀ   1  ། ། ཐུགས(ཞུགས)གྲལ་རྣམ་གཉིས་ལ་བོན་པོ་བདུན་དང་།  བོན་རྗེས་གཉིས་

2.དང་དགུ་ཐང་བཉམ1སྟེ།  ལྕམ་སྐྱོ་ལ་ཐུགས་གི་བར་དུ2། གདུག་གཆིག3

ཁ  1.ལ་མྱི་ཆིག་ཀྱང་དྲུག(ཐུལ)གྱི་རབ4ལས་སྐྱོགས་ཡམས5བཅུ་

2.བཅུ་ལྩལད་པའི་སྡོམ།  སྐྱེམས་ཐུལ6གསུམ་

2 མ་ཡིག་གི་འབྲུ་འགྲེལ།

ཞུགས་གྲལ་ངོས་གཉིས་སུ་བོན་པོ་བདུན་དང་བོན་རྗེ་གཉིས་ཁྱོན་མི་དགུ་བཞུགས་པ།  ཁོང་ཚོའི་ཟས་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་ཞིང་།  དགོང་མོའི་ལྟོ་ཆས་ཟས་མ་ཚར་བར་དུ།  ཉིན་རེར་མི་རེར་ཆང་ཕུད་སྐྱོགས་ཁེངས་པ་བཅུ་བཅུ་འབུལ་བར་ཁྱོན་ཆང་ཐུལ་གསུམ་དགོས།

3 མཆན་འགྲེལ།

①ཐང་བཉམ།  ཐོབ་ཐང་མཉམ་པ།

②ལྕམ་སྐྱོ་ལ་ཐུགས་གི་བར་དུ།  དགོང་མོའི་ཐུག་པ་བཏང་མ་ཚར་བར་དུ། 

③གདུག་གཆིག  གདུགས་གཅིག  ཉིན་གཅིག

④དྲུག(ཐུལ)གྱི་རབ།  ཆང་བསྐོས་དང་པོ།  ཆང་ཕུད།

⑤ཡམས། ⑴སྣོད་ཁེངས་པ།  ⑵བྲེ《དེབ་ཐེར་དཀར་པོ》

⑥ཐུལ།  འབྲུ་འཇལ་བྱེད་ཀྱི་ཡོ་བྱད།  བྲེ་ལས་ཆེ་བ་དབྱིབས་སྒོར་མོ་ཡིན་པ་ཞིག་གི་མིང་ཡིན་ནམ་སྙམ།


བརྡ་འགྲེལ་གདོང་འཛར།

བོན་པོ། བོན་རྗེ། ལྟོ་ཆས། ཆང་། ཐུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།