ཤིང་ཁྲམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤིང་ཁྲམ།
ཤིང་ཁྲམ་ནི་བོད་ཀྱི་བཙན་པོ་དག་གིས་ས་ཁུལ་ཞིག་ལ་བཅའ་སྡོད་དམག་དཔུང་དང་རྩེ་རྗེ་སོགས་དཔོན་རིགས་མངག་གཏོང་བྱས་ནས་ས་ཚིགས་འཛུགས་ཚུལ་དང་། བཅའ་ཁྲིམས་བཟོ་ཚུལ། སོ་རྒྱགས་སྤྲོད་ཚུལ། འབངས་གཡུང་རྣམས་ཞིང་ཁ་འདེབས་སུ་འཇུག་ཚུལ། ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་ཚུལ། དེ་གར་ཆོས་ལུགས་ཆོ་ག་བྱེད་ཚུལ་སོགས་ཁྲམ་ཤིང་བྱང་བུའི་རྒྱབ་མདུན་ངོས་གཉིས་ལ་གསལ་པོར་འཁོད་ཡོད་པ་དེ་རེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཤིང་ཁྲམ།
ནང་དོན།
དམག་དོན་དང་ཆབ་སྲིད་སོགས།
དུས་སྐབས།
ཁྲི་མང་སྲོང་མང་བཙན་དང་ཁྲི་འདུས་སྲོང་།  ཁྲི་སྲོང་ལྡེ་བཙན། གླང་དར་མ་སོགས་ཀྱི་སྐབས།
ས་གནས།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས།
1 ​ཤིང་ཁྲམ་བྱུང་འཕེལ། 

སྤྱི་ལོ670ལོ་ནས་བཟུང་།  བོད་ཀྱིས་སྔ་རྟིང་དུ་ཨན་ཞི་ཞེས་པའི་མཁར་རྫོང་བཞི(安西四镇)དེང་སང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་ཐེངས་གཉིས་བྱེད་མྱོང་ཞིང་།  ཐེངས་དང་པོར་བཙན་པོ་ཁྲི་མང་སྲོང་མང་བཙན་དང་ཁྲི་འདུས་སྲོང་གི་སྐབས་ཏེ། སྤྱི་ལོ662~692བར་ཁྱོན་ལོ་སུམ་ཅུ་ཙམ་དབང་དུ་བསྒྱུར་ཡོད་པ་དང་།  ཐེངས་གཉིས་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་གླང་དར་མའི་རྗེས་ཏེ།  སྤྱི་ལོ755~866རྗེས་ཀྱི་བར་དུ་དབང་སྒྱུར་བྱས་ཡོད་པ་རེད(《ཐང་ཧྲུའུ་གསར་མ》ཡི་ནང་དུ་གསལ། )སྔ་རྟིང་དུ་ལོ་བརྒྱ་ལྷག་ཙམ་གྱི་རིང་ལ་བོད་ཀྱི་བཙན་པོས་ས་ཁུལ་དེར་བཅའ་སྡོད་དམག་དཔུང་དང་རྩེ་རྗེ་སོགས་དཔོན་རིགས་མངག་གཏོང་བྱས་ནས་ས་ཚིགས་འཛུགས་ཚུལ་དང་།  བཅའ་ཁྲིམས་བཟོ་ཚུལ།   སོ་རྒྱགས་སྤྲོད་ཚུལ།  འབངས་གཡུང་རྣམས་ཞིང་ཁ་འདེབས་སུ་འཇུག་ཚུལ།   ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་ཚུལ།  དེ་གར་ཆོས་ལུགས་ཆོ་ག་བྱེད་ཚུལ་སོགས་ཁྲམ་ཤིང་བྱང་བུའི་རྒྱབ་མདུན་ངོས་གཉིས་ལ་གསལ་པོར་འཁོད་ཡོད་པ་རེད། 

2 ཤིང་ཁྲམ་སྤྱིའི་གནས་ཚུལ། 

ཤིང་ཁྲམ་དེ་རིགས་མང་ཆེ་བ་ནི་ནོབ་ཆུང་གི་མི་རང་མཁར་རྫོང་རྙིང་པའི་ཤུལ་མལ་ནས་ཐོན་ཡོད་ཀྱང་།  མི་ཉུང་བ་ཞིག་དབྱིན་ཇིའི་སི་ཐན་དབྱིན་ཟེར་བ་དེས་བརྐུས་ཏེ་རྗེས་སུ་ཐུ་མ་སི་ཞེས་པས་ཁྲམ་དེ་རྣམས་བསྡུས་ཏེ་དེབ་ཀྱི་མིང་དུ《ཞིན་ཅང་སྐོར་གྱི་བོད་ཀྱི་གནའ་རབས་ཡིག་ཆ》ཞེས་པ་ཞིག་རྩོམ་སྒྲིག་བྱས་ཡོད་པ་དེའི་ནང་དུ་ཁྲམ389ཡོད་ཅིང་།  སུའུ་ལེན་གྱི་ཨའོ་ལོ་པི་ཡེ་ཧྲུའུ· ཅེ་ཞ་ཐུའོ་ཧྲུའུ་སི་ཅི་ཟེར་བས་ཁྲམ་དྲུག་བསྡུས་ནས་རྩོམ་སྒྲིག་བྱས་ཡོད་པ་རེད།   ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དངོས་མང་བཤམ་སྟོན་ཁང་གི་གནའ་རྫས་རྟོག་ཞིབ་ཚན་ཁག་ལ་རྙེད་པའི་ཁྲམ200ལྷག་ཙམ་གྱི་ནང་ནས་ཁྲམ80ཙམ་ཡི་གེ་གསལ་ཞིང་འགོ་མཇུག་ཚང་བ་ཞིག་ཡིན་ཞིང་།  ང་ཚོས་གོང་གསལ་ཕྱོགས་གསུམ་གྱི་ཁྲམ475ནང་ནས16བདམས་ནས་སློབ་ཚན་དུ་བསྒྲིགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།