སྲོང་བཙན་སྒམ་པོའི་སྐོར་གྱི་ཡིག་ཆ་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོང་བཙན་སྒམ་པོའི་སྐོར་གྱི་ཡིག་ཆ་གཉིས་པ།
སྲོང་བཙན་སྒམ་པོའི་ཡིག་ཆ་གཉིས་པའི་ནང་དུ་མཐའ་ཁུལ་གྱི་འབངས་དང་རྒྱལ་ཕྲན་མང་པོས་བཙན་པོར་ངོ་ལོག་བྱས་པ་དང་བཙན་པོ་སྐུ་ན་གཞོན་ཡང་བློ་དང་རིག་པར་བརྟེན་ཏེ་མཐའ་བཞིའི་རྒྱལ་ཕྲན་དེ་དག་དབང་དུ་བསྡུས་ནས་གཅིག་གྱུར་བྱས་པའི་གནས་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
རྒྱ་ཡིག་གི་མིང་།
松赞干布
རྒྱལ་རབས།
རྒྱལ་རབས་སོ་གསུམ་པ།
ཕྱི་ཡིག་གི་མིང་།
srong btsan sgam po
སྲིད་ལོ།
(?-650)
འཁྲུངས་འདས་ལོ་ཚིགས།
(617-650)
འཁྲུངས་ཡུལ།
ཕོ་བྲང་བྱམས་པ་མི་འགྱུར་གླིང་།
མཛད་རྗེས།
ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་རྒྱལ་སྲིད་བཟུང༌། ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས།
1 མ་ཡིག

༄། ། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ།  ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག ། །  གཉེན་ཞང་ཞུང་། མཛོ་སུམ་པ། ། ཉག་ཉྀ་དགས་པོ།། རྐོང་པོ། མྱང་པོ་ཀུན་ཀྱང་ལོག ། ། ཡབ་གནམ་རྀ་སློན་མཚན་དུག་བོན་ཏེ་བཀྲོངས་སོ། ། སྲས་སྲོང་བརྩན་སྐུ་གཞོན་མ་ཕན་ཏེ། གཟོད་མ་1དཀུའ་བ་དང་། དུག་པ་རྣམས་རབས་བཆད་དོ། ། དེ་འི་རྗེས་ལ།  དེ་འྀ་མྱི་ལོག་ཀུན་འབངསུ་སླར་བཀུག་གོའ། ། འུང་གྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གྀས། སུམ་པ་མཐའ་དག་དམགིས་གདབ་མྱི་དགོས་པར། ལུག་རྟུག་2གིས་སྒྱུ་ཕབ་སྟེ། ལྕེའྀ་ཐོར་ཐོ་3ལ་བརྗོད་ནས། ཁྱིམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ ། ། འུང་གྀ་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ། ། བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས4དཔྱའ་གཅལ་ལོ། །ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ། །འུང་གྀ་འོག་དུ་བཙན་པོ་སྲོང་བརྩན་དང་། མང་པོ་རྗེ་ཞང་སྣང་རྗེས་འབངས་ཀྱི་བར་དུ།  ཁྱུང་པོ་སྤུང་སད་ཀྱིས་འཕྲའ་མ་བཅུག་སྟེ། བཙན་པོ་ཞ་སྔར།  ཞང་སྔང་གློ་བ་མྱི་འདྲྀང་དུ་ནྀ་འདྲིང་ཞེས་གསོལ་ཏོ། ། ཞང་སྣང་ལ་བཙན་པོ་མྱི་བཀྱོན་དུ་བཀྱོན་ཞེས་བྱས་སོ། ། འུང་ནས།  ཞང་སྣང་གྀ་གློ་བ་ལ། ། ཁྱུང་པོ་སྤུང་སད་བདག་དང་ཤག་རག་པོ་5་སྟེ། སྤུང་སད་ཟེར་བ་བདེན་སྙམ་ནས། །བཙན་པོ་འི་བཀའ་བྱུང་ན་ཡང་། ན་ཞེས་བྱསྟེ། མཁར་སྔུར། བར་ཐེན་ཏེ6མཆིར་མ་རུང་ངོ་། ། འུང་ནས། །བཙན་པོ་ཞ་སྔ་ནས། །ཞང་སྣང་གློ་བ་འདྲྀང་ཡང་དག་ཆེས་བཀའ་སྩལ་ནས། ཞང་སྣང་གྀ་མཁར་སྔུར་བ་ཡང ་བསྡིགས་སོ7། འུང་ནས་ཞང་སྣང་གི་བྲན། པ་ཚབ་གྱིམ་ཕོ་འཁུསྟེ། ཞང་སྣང་བརླག་གོ། ། མཁར་སྔུར་བ་ཡང་བཤིག་གོ ། འུང་གྀ་འི་འོག་དུ། །ཁྱུང་པོ་སྤུང་སད་ཟུ་ཙེས།  མྱང་ཞང་སྣང་བཙན་པོ་ལ་གློ་བ་རིངས་པ། ། ཟུ་ཙེས་དཀུའ་བེལ་ཏེ། ། ཞབ་སྣང་བཀུམ་སྟེ། །ཟུ་ཙེ་གློ་བ་ཉེ་འོ། ། བཙན་པོ་འི་བློན་པོ་འི་ནང་ན། ། ཁྱུང་པོ་སྤུང་སད་ཟུ་ཙེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ་། ། ཟུ་ཙེ་འཛངས་ཤེ་ན་འཛངས། དཔའ་ཞེ་ན་དཔའ་འོ། །ཆུ་གང་ཆེ་ཞེ་ན་ཆེ། ། ཡང་བ་8རྀང་ཞེ་ན་རིངོ་།།མྱྀ་ཆིག་ལ་ཚོགས་དགུའ་ཚོགས་ན། །སྤུང་ཟད་ཟུ་ཙེའོ། །འུང་གྀ་འོག་དུ། བཙན་པོ་འདི་འི་རིང་ལ། ། ཁྱུང་པོ་སྤུང་སད་ཟུ་ཙེ་ལྟ་ཞྀག། ། རྒས་ཏེ་ཉི་མ་འདེར9གནང་ངོ་། །བཙན་པོ་ཞ་སྔར་ཁྱུང་པོ་སྤུང་སད་ཀྱིས་གསོལ་པའ། སྔོན་བཙན་པོ་འི་ཡབ་གནམ་རི་འི་རིང་ལ། ། བདགྀས་རྩང་བོད་འབངས་སུ་བཀུག་པ་ལྟ་ཞིག ། །ཡབ་ཀྱྀས་སྤྱན་གྱྀས་མ་གཟིགས། ། ཞབས་ཀྱིས་མ་བཆགས་ན། །

བཙན་པོ་སྲས་ཀྱིས་སྤྱན་གྱྀས་གཟིགས། །ཞབས་ཀྱྀས་བཆགསྟེ། ། བདགྀ་སྡུམ་པ་ཁྲི་བོམསུ། ། དགྱེས་སྐྱེམས་སྟོན་མོ་གསོལ་དུ་ཇྀ་གནང་ཞེས་གསོལ་ནས། ། བཙན་པོས་སྤུང་སད་གསོལ་བ་བཞིན་གནང་སྟེ། །མགར་ཡུལ་ཟུང་ཕོ་བྲངས་འདྲིར་བཀའ་སྩལ་ནས། ། ཡུལ་ཟུང་ཁྲི་བོམས་སུ་མཆིས་ཏེ། ། བརྟགས་ན། ། དཀུ་གང་10པུབ་པར་ཡུལ་ཟུང་གྀས་ཚོར་ནས། ། ཡུལ་ཟུང་སླར་བྲོསྟེ་བཙན་པོ་འི་སྙན་དུ་གསོལ་ཏོ། ། ཡུལ་ཟུང་སླར་བྲོས་པའི་རྗེས་ལ། ། ཁྱུང་པོ་སྤུང་སད་རང་ལྕེབསྟེ་གུམ་ནས། མགོ་བཆད་དེ། ། བུ་ངག་རེ་ཁྱུང་བསྐུར་ནས། ། སྐུར་(སྐུ)མཁར་པྱིང་བར་མཆིས་སོ། །བཙན་པོ་འི་སྙན་དུ་ངག་རེ་ཁྱུང་གྀས་གསོལ་པའ། ། བདགྀ་ཕ་རྒས་ཀྱི་ལ་གར། །བཙན་པོ་འི་ཞ་སྔར་ལ་གློ་བ་རྀངས་ནས། །ཚམས་བསྡམས་བར་ཆད་པའ11། ། མགར་ཡུལ་ཟུང་ལ་འཐོལ་བར་12བགྱིས་པ་ལས། ། ཡུལ་ཟུང་གྀས་ཀྱང་ཚོར་ཏེ། ཡུལ་ཟུང་ནྀ་སླར་མཆྀས་ན། སྲིད་མྱི་བརླག་པར་ཇྀ་གནང་ཞེས་གསོལ་ཏོ། ། བཙན་པོ་ཁྲི་སྲོང་བརྩན་གྱིས་ཀྱང་། ། ངག་རེ་ཁྱུང་གིས་གསོལ་བ་བཞིན་གནང་སྟེ། སྲིད་མ་བརླགོ་། །

2 དཀའ་འགྲེལ།

1.གཟོད་མ།  དང་པོའམ་ཐོག་མ་ཞེས་པའི་དོན།

2.ལུག་རྟུག  ལུག་གི་རིལ་མ་ཡིན་པ་འདྲ།

3.ལྕེ་འི་ཐོར་ཐོ། ལྕེའི་ཐོར་ཏོ་སྟེ་ལྕེ་རྩེ།

4.འ་ཞ། གནའ་དུས་རང་ཚུགས་སུ་སྡོད་པའི་བོད་རིགས་ཀྱི་ཡ་གྱལ་ཞིག་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོ་དང་ཀན་ལྷོ་སོགས་སུ་མཆིས་ཤིང་། སྤྱི་ལོ་638ཙམ་ལ་སྲོང་བཙན་སྒམ་པོས་ཐོག་མར་མངའ་འོག་དུ་བསྡུས་སོ། །

5.ཤག་རག་པོ། ཤག་པོ་སྟེ་གྲོགས་པོ་ཞེས་པའི་དོན།

6.ཐེན་ཏེ། རྟེན་ཏེ་ཞེས་པའི་དོན།

7.བསྡིགས་སོ། འཇིགས་སྐུལ་བ་སྟེ་འདིར་དམག་ཤུགས་ཀྱིས་འཇིགས་སྐུལ་པའི་དོན་ཡིན་པ་འདྲ།

8.ཡང་བ། ཡངས་པ་སྟེ་འདིར་ཁོག་རྒྱ་ཡངས་པའམ་བློ་རྒྱ་ཆེ་བའི་དོན་ཡིན་པ་འདྲ།

9.ཉི་མ་འདེར།  ཉི་མ་ལྡེ་བ་རུ་སྟེ་ཉི་མ་བསྲོས་པ་རུ་ཞེས་པའི་དོན་ལ་འཇུག་སྟེ།  གོ་གནས་ལས་བབས་ནས་ངལ་གསོ་བའོ། །

10.དཀུ་གང་། སྒྱུ་གང་ངམ་གཡོ་ཇི་ཞེས་པའི་དོན།

11ཚམས་བསྡམས་བར་ཆད་པ་། ཚམ་རྔམ་པར་འཆད་པ་སྟེ་འཇིགས་སུ་རུང་བའི་ལས་བྱེད་པར་བགྱིས་པའི་དོན།

12.འཐོལ་བ།  མཐོལ་བ་སྟེ་གསང་བ་མེད་པར་དྲང་བོར་བརྗོད་པའི་དོན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-12

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།