མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིག་ཆ་ཨངⅢནང་དུ་ས་ཞིང་རྨོ་འདེབས་ཀྱི་ལམས་ལུགས་ལག་བསྟར་བྱེད་དགོས་པའི་བཀའ་ཡིག་བཀྲམ་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་ཆ།
ནང་དོན།
ས་ཞིང་བདག་དབང་།
ལོ་དུས།
ཡོས་བུ་ལོ།
ཡིག་ཆའི་མིང་།
1 Ⅲ1མ་ཡིག

1.༄།   །ཡོས་བུ་ལོའི་དཔྱྀད་ནོབ་ཆུངུའྀ་རྗེ་ཞིང་བཞེངས་ཁ2ལྔར་བགྱྀས་ཏེ། ཞྀང་པ་མྱི་གྲངས་ཀྱྀས།  བགོ་བར།  བཀཱ་གྲོས་

2.ཆད་ནས།  དབང་པོ་དང་ཞྀང་བགོད་ཀྱྀ་རིང་ལུགས་ཀྱྀས་སུག་ལས་འཚལ་པའྀ་རྩིས་མགོ་མྱིང་སྨྲ་བྲིས་པ་

3.།  །དབང་ཐང་ཅན་དང་།  གཏན་ཞྀང3དང་ར་ཤུལ4གཅྀག་ཀྱང་མྱི་བརྩན་ཏེ།  ཞྀང(ཅུང་སྣ)མྱི་གྲངས་ཀྱྀས(བགོ)།

4.(བར)ཆད(ན)ཐོང་བྲོས5དང་བཞེངས་དྲལ6བགྱྀད་དུ་གཅྀག་ཀྱང་མྱི་གནང་སྟེ།  བཞེངས་ཁ་ལྔར་བཅད་ནས།

5.བཞེངས་འཚམས་ཐོ་རྒྱ་ཅན7དུ་བགྱྀ། ། རྩིས་མགོ་ལས་འགལ་ཏེ།  བཞེངས་དྲལ་དང་ཐོང་བྲོས་བགྱྀས་

6.པ་ཞྀག་མཆྀས་ན།  ཞིང་བྱེའུ་ནོན8དུ་བགྱྀས་ཏེ།  ཐོག་བླར་བསྡུ། ། དངོས་ཆད་པ་རྀང་རེས9གཅྀག་གིས་གཅད། ། སོསོ་

7.ཞིང་པའྀ་མྱི་གྲངས་ཀླུ་ཡྀག10ཏུ་བགྱྀས་ནས་མཁར་རིས་ཀྱྀ་དཔོན་སྣ་ལ་གཏན(གཏད)། ལོག་གཅོད་པ་དང་ཆབ།

8.སྐམ་བགྱྀད་པ་དང་།  དཔོན་ཁ་སློག་པ་དང་།  བཙན་སྡུར་འདོད་པ་ཞྀན་མཆྀས་ན། །  སྔོན་ཀྱྀ་མཁར་ཁྲྀམས་

9.རྙྀང་བཞིན་འཚོལ་ཅིག །  ཞང་ལོན་ཆེན་པོ་བློན་དགེ་བཟང་དང་།  བློན་བརྩན་ལ་འཕན(འདི)

10.སྣམས་ག(ས)ར་དུ་འཛུགས་ཤིང་ལོག་མར་གྱུར་པས།  རྩེ་རྗེ་དཔེ་གཞན་དང་མདོ་བཞེར་བར་བགྱིས11ཞིང་དོར་……

2 མ་ཡིག་གི་འབྲུ་འགྲེལ།

ཡོས་བུ་ལོའི་དཔྱིད་ཀར།  ནོབ་ཆུང་ངུའི་རྗེ་ཞིང་དུམ་བུ་ལྔར་བཏང་སྟེ་ཞིང་པ་མི་གྲངས་ལ་བལྟས་ནས་བགོ་བཤའ་རྒྱག་པར་བཀའ་གྲོས་ཐག་ཆོད་ནས་དབང་པོ་དང་ཞིང་བགོད་མགོ་དཔོན་གྱིས་ཕྱག་ལས་མཇུག་སྡོམ་བྱས་རྗེས་མིང་ནས་བོས་ཏེ་ཐོ་བཀོད་པ་ཡིན།

དབང་ཐང་ཅན་གྱི་ཞིང་དང་།  གཏན་ཞིང་།  ར་ཤུལ་བཅས་གཅིག་ཀྱང་མི་ཚུད་པ་རྣམས་ཕར་ཕུད།  དུམ་བུར་བཏང་བའི་རྗེ་ཞིང་བགོ་མཚམས་ཆོད་ཚེ།  རྗེ་ཞིང་མ་རྨོས་པར་འདེབས་པ་དང་ཞིང་མཚམས་རྒྱ་སྐྱེད་གཏོང་བ་གང་ཡང་མི་ཆོག   རྗེ་ཞིང་དུམ་བུ་ལྔར་བཏང་རྗེས་ཞིང་ཁ་དུམ་བུ་བར་ལ་མཚམས་རྟགས་ཡོད་པ་བྱེད་དགོས།  མཇུག་སྡོམ་གྱི་ཚིག་དོན་ལས་འགལ་ནས་ཞིང་མཚམས་རྒྱ་བསྐྱེད་བཏང་བ་དང་ཞིང་མ་རྨོས་པར་བཏབ་པ་ཡིན་ན་ཞིང་ཁ་གཞུང་བཞེས་གཏོང་རྒྱུ་དང་།  སྟོན་ཐོག་གོང་གིས་བསྡུ་རྒྱུར་མ་ཟད།  ཆད་པ་ནན་པོ་གཅོད་ངེས་ཡིན།  ཞིང་པའི་ངོ་གྲངས་ཡི་གེའི་གྲངས་སུ་བཀོད་ནས་མཁར་རིས་ཀྱི་དཔོན་སྣ་ལ་གཏད་དགོས།  ཞིང་ཁ་མ་བཏབ་པ་དང་ཆུ་མ་དྲངས་པར་སྐམ་དུ་འཇུག་པ།  དཔོན་ཁ་སྤོས་པ།  ལོ་ཏོག་བཙན་བསྡུ་བྱས་པ་བཅས་ཀྱི་གནས་ཚུལ་བྱུང་ན་སྔོན་གྱི་མཁར་ཁྲིམས་རྙིང་པ་ལྟར་ཁྲིམས་གཅོད་གྱིས་ཤིག   ཞང་ལོན་ཆེན་པོ་བློན་དགེ་བཟང་དང་།  བློན་བརྩན་ལ་འཕན་འདི་གཉིས་ནི་གསར་དུ་སྣོན་པའི་མཁར་དཔོན་ཡིན་པས་རྩེ་རྗེའི་དཔེ་གཞན་དང་འདྲ་བར་དེ་དག་གི་བཀའ་ལ་བརྩི་སྲུང་བྱེད་དགོས……།

3 མཆན་འགྲེལ།

①(Ⅲ)རྟགས་འདི་ནི་ཐུ་མ་སིས་བསྒྲིགས་པའི《ཞིན་ཅང་གི་བོད་ཀྱི་གནའ་རབས་ཡིག་ཆ》དེབ་གསུམ་པའི་བསྡུས་མིང་ཡིན།

②བཞེངས་ཁ།  དུམ་བུ།

③གཏན་ཞིང་།  གཞན་ལ་ནང་ཤུགས་བྱས་མི་ཆོག་པའི་གཏན་འཇགས་ས་ཞིང་།

④ར་ཤུལ།  ⑴མ་བཏབ་པའི་ཞིང་།  ⑵ཞིང་ཁར་ཉ་ལུས་པ།

⑤ཐོང་བྲོས།  ཞིང་ཁ་མ་རྨོས་པར་བཏབ་པ།

⑥བཞེངས་དྲལ།  ཞེང་དྲལ།  ས་ཞིང་ཐོ་ནང་དུ་བཀོད་པ་ལས་ཀྱང་རྒྱ་ཆེ་རུ་བཏང་བ།

⑦ཐོ་རྒྱ་ཅན།  ཞིང་ཁ་ཕན་ཚུན་བར་གྱི་ས་རྟགས།

⑧བྱའུ་ནོན།  ཡོངས་རྫོགས་ཚུར་ལེན་པ།

⑨ཆད་པ་རིང་རེས།  ཆད་པ་ནན་པོ།

⑩གླུ་ཡིག   ངོ་གྲངས་རྣམས་ཨང་ཀི་མ་ཡིན་པར་ཡི་གེ་རང་དུ་བྲིས་པ།

11མདོ་བཞེར་བར་བགྱིས།  བཀའ་ལ་བརྩི་བཀུར་ཞུས།


བརྡ་འགྲེལ་གདོང་འཛར།

ས་ཞིང་། བགོ་བཤའ། མཁར་དཔོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།