ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >གནས་རི།

རྒྱལ་མོ་དམུ་རྡོ།

རྒྱལ་མོ་དམུ་རྡོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རོང་བྲག་རྫོང་མཁར་གྱི་བྱང་ཤར་དུ་གནས་པ་དང་། ཅིན་ཁྲོན་ཆུ་བོ་ཆེ་ཆུང་གཉིས་ཀྱི་བར་དུ་གནས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2000ནས་སྨི4800ཡོད་ལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ621ཡོད། དྲོད་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

རིགས་དབྱེ།  

བར་དབོན།

བར་དབོན་འདི་ནི་གནས་རི་ཞིག་སྟེ། རི་བོ་འདི་ནི་བློན་པོ་མཚོ་ལྷོ་ཁུལ་གསེར་ཆེན་རྫ་རྒྱུད་ཤར་ངོས་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་། གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ངོས་སུ་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3816ཡོད།

རིགས་དབྱེ།  

རི་བརྟན་སྤང་རྒན།

རི་བརྟན་སྤང་རྒན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་ན་ཡོད་ཅིང་། གནས་རི་ཞིག་ཡིན་པར་བཤད། འདི་ན་མཚམས་ཁང་དུ་མ་ཡོད་ལ་དར་ལྕོག་ཀྱང་འཐེན་འདུག རི་འདི་ནི་མཐོང་བ་ཙམ་གྱིས། འདིས་མི་ལ་ངང་ངམ་ཤུགས་ཀྱིས་བབ་ཆགས་བརྟན་བརླིང་གི་ཚོར་སྣང་སྟེར་བ་ཞིག་ཡིན།

རིགས་དབྱེ།  

མགོན་པོ་གདོང་།

མགོན་པོ་གདོང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྒྲུབ་གནས་ཁྱད་པར་བ་ཡོད་སའི་གནས་རི་ཞིག་གི་མིང་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད།

རིགས་དབྱེ།  

ཨ་མྱེས་འབའ་ཙེ།

ཨ་མྱེས་འབའ་ཙེ་ཞེས་པ་ནི་གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ14ཡི་མཚམས་ན་ཡོད་པ་དང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3067ཡོད་ཅིང་རི་རྒྱུད་ནུབ་ནས་ཤར་དུ་མཆེད་འདུག རམ་དཀར་རྩྭ་ཡིས་བཀླུབས་ཤིང་། རི་མགོར་ལབ་ཙེ་ཞིག་བསྟད་ཡོད།

རིགས་དབྱེ།  

ཨ་མྱེས་རྟ་ཁ་སྒང་།

ཨ་མྱེས་རྟ་ཁ་སྒང་ཞེས་པ་ནི་གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ10ཙམ་གྱི་མཚམས་ན་ཡོད། རི་འདིའི་བྱང་ཕྱོགས་མཐོ་ཞིང་ལྷོ་ཕྱོགས་དམའ་བ་དང་། ལྷོ་ཕྱོགས་ཀྱི་ས་མདོག་དམར་ཤས་ཆེ་ཞིང་དེ་རུ་རྩྭ་མི་སྐྱེ་བར་བཤད། མཐོ་ཚད་ལ་མཚོ་ངོས་ལས་སྨི3183ཡོད། རི་རྒྱུད་བྱང་ནས་ལྷོ་རུ་མཆེད་འདུག ཧོར་རྒྱལ་དང་ར་ཆག་སྐེ་སྡེ་བ་གཉིས་ཀྱི་གནས་རི་ཡིན།

རིགས་དབྱེ།  

བྲ་མ་ལ།

བྲ་མ་ལ་ཞེས་པ་ནི་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་སུ་ཡོད་ཅིང་། སྲིན་པོ་རྫ་རྒན་གྱི་རུ་ལག་ཅིག་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི2702ཡོད། རི་རྒྱུད་ཤར་ནས་བྱང་དུ་མཆེད་ཡོད།

རིགས་དབྱེ།  

སྲིན་པོ་རྫ།

སྲིན་པོ་རྫ་ཞེས་པ་ནི་གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ30ལྷག་གི་མཚམས་ན་ཡོད། རི་བོ་འདི་ནི་རི་ཟུར་གོང་ཁ་དང་། སྲིན་པོ་དབུ་རྩེ། གོ་དོར་ལ། ཉིན་ལུང་ལྕོག་འདུས། བྲ་མ་རི་རྒན། བྲ་མ་ལ་སོགས་རི་རྩེ་མང་བོས་གྲུབ་ཡོད་པ་ཞིག་ཡིན་པར་མ་ཟད། ཁྲི་ཀ་རྫོང་དང་གཅན་ཚ་རྫོང་གཉིས་ཀྱི་ས་མཚམས་སུ་ཡོད་པའི་རི་བོ་ཞིག་ཀྱང་ཡིན། རི་བོ་འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4444ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་ས་མུའུ193440ཡོད་པ་སྟེ། དེ་ལས་གནས་འདིར་ནགས་ཚལ་ས་མུའུ6660དང་། སྡོང་ཐུང་ནགས་ཚལ་ས་མུའུ39055། རྩྭ་ས་མུའུ119538ཡོད།

རིགས་དབྱེ།  

གཡུ་བཟང་དེའུ་སེར།

གཡུ་བཟང་དེའུ་སེར་ཞེས་པ་ནི་གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ15ལྷག་གི་མཚམས་ཀྱི་གཡུ་བཟང་ཐང་གི་བྱང་འདབས་སུ་ཡོད་ཅིང་། ཧ་ཅང་མཛེས་ཉམས་ལྡན་པའི་སྤང་རི་ཞིག་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི3380མཆིས།

རིགས་དབྱེ།  

ཨ་མྱེས་སེ་བོ།

ཨ་མྱེས་སེ་བོ་ཞེས་པ་ནི་གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་མེ་བརྒྱ་སྡེ་བའི་ཤར་ལྷོའི་མཚམས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད།

རིགས་དབྱེ།  

མགར་གྲོང་ཨ་མྱེས་བསྟན་སྐྱོང་།

མགར་གྲོང་ཨ་མྱེས་བསྟན་སྐྱོང་ཞེས་པ་ནི་གནས་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ14ཡི་མཚམས་ཏེ། བྲག་མདའ་བསྒྱིངས་ཀྱི་ཤར་ཕྱོགས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3000ཡས་མས་ཡོད། བྲག་རི་འདིའི་གཡོན་འདབས་སུ་དྭངས་བསིལ་གྱི་རྫ་ཆུ་ལྷུང་ལྷུང་དུ་འབབ་པ་དང་། གཡས་ཕྱོགས་སུ་མཚལ་དམར་གྱི་གཏེར་ཁ་མངའ་བ། མདུན་ཕྱོགས་ན་བྲག་རི་ནག་པོ་ཐོང་སྒྲོག་སྦྲེལ་འདྲ་ཡོད་ལ། རྒྱབ་ཕྱོགས་སུ་སྤང་རི་གཡུ་ཡི་མནྚལ་འདྲ་བ་ཡོད།

རིགས་དབྱེ།  

གླང་ཆེན།

གླང་ཆེན་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ7གྱི་མཚམས་ན་ཡོད།

རིགས་དབྱེ།  

མཚོ་འཁྱིལ་སྒང་།

མཚོ་འཁྱིལ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ན་ཡོད་ཅིང་། ཤར་ཕྱོགས་ནི་སྲིན་པོ་དབུ་རྩེ་དང་། ལྷོ་ཕྱོགས་ནི་སྒའུ་བཟུང་ལུང་བ། ནུབ་ཕྱོགས་ནི་བདེ་སྐྱིད་ཐང་། བྱང་ཕྱོགས་ནི་ལུང་བ་ཁྱ་ལྡང་བཅས་དང་འབྲེལ་ཡོད། རི་རྒྱུད་ཤར་ནས་ནུབ་ཏུ་མཆེད་འདུག

རིགས་དབྱེ།  

ཝ་མང་།

ཝ་མང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རི་ངོས་ཤིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ50ཡི་མཚམས་ན་ཡོད།

རིགས་དབྱེ།  

རི་ཕྱོར་སྒང་།

རི་ཕྱོར་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རི་བོ་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ37གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3800ལྷག་ཡོད།

རིགས་དབྱེ།  

རྟའི་ཕུར།

རྟའི་ཕུར་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རི་ངོས་ཤིག་སྟེ། འཕྲང་དམར་གྲོང་རྡལ་གྱི་རྐང་ཚ་གོང་མ་སྡེ་བའི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ45ཡིས་ཆོད་པའི་ཁྱ་ཆུའི་ཤར་རྒྱུད་དུ་ཡོད།

རིགས་དབྱེ།  

ཨ་མྱེས་བྱེ་མ།

ཨ་མྱེས་བྱེ་མ་ཞེས་པ་ནི་གཞི་བདག་ཅིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ8ཀྱི་མཚམས་ན་ཡོད་ཅིང་། སྲིན་པོ་རྫ་རྒན་གྱི་རི་རྒྱུད་ཅིག་ཡིན།

རིགས་དབྱེ།  

ཨར་བརླན་རྨོག་རྒན།

ཨར་བརླན་རྨོག་རྒན་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རི་བོ་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ23གྱི་མཚམས་ཏེ། ཨར་བརླན་ཆུ་དམར་གྱི་ཤར་ཕྱོགས་སུ་ཀྲོང་ངེར་ཆགས་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3400ཡས་མས་ཡོད།

རིགས་དབྱེ།  

ཐང་སྐྱ་རིས།

ཐང་སྐྱ་རིས་ཞེས་པ་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ4ཡིས་ཆོད་པའི་རྫོང་མགོ་སྡེ་བ་དང་སྣེའུ་སྣ་སྡེ་བ་གཉི་གའི་བར་རྒྱུད་ཀྱི་ཐང་སྐྱ་རིས་ཟེར་ས་དེ་ན་ཡོད།

རིགས་དབྱེ།  

དཀར་བརྗིད་ཞིང་རྒན།

དཀར་བརྗིད་ཞིང་རྒན་ཞེས་པ་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ3གྱི་མཚམས་ན་ཡོད།

རིགས་དབྱེ།  

རིན་ཆེན་གདུགས་རི།

རིན་ཆེན་གདུགས་རི་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་བོ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ11གི་མཚམས་ཏེ། སྟག་ལུང་སྡེ་བ་དང་རྡོ་ར་སྡེ་བའི་བར་རྒྱུད་དུ་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3988ཡོད།

རིགས་དབྱེ།  

ཨ་མ་ཟོ་དགུ

ཨ་མ་ཟོ་དགུ་ཞེས་པ་ནི་རྫ་རྒྱུད་ཅིག་གི་མིང་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མཁར་གྱི་ནུབ་བྱང་རྒྱུད་དམ། ལ་ཟེ་བ་གྲོང་རྡལ་གྱི་གཡག་ལུང་སྡེ་བའི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད། འདི་ནི་ཁྲི་ཀ་རྫོང་དང་། གསེར་ཆེན་རྫོང་། སྟོང་སྐོར་རྫོང་བཅས་ཀྱི་ས་མཚམས་དང་འབྲེལ་བའི་རི་བོ་ཞིག་ཡིན། འདིའི་རིང་ཚད་ལ་སྤྱི་ལེ20ལྷག་དང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4877ཡོད།

རིགས་དབྱེ།  

གླག་ཚང་།

གླག་ཚང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ2མཚམས་ཀྱི་མཛོ་སྣའི་ཀླད་འདལ་སྒང་གི་ཉེ་ཕྱོགས་སུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3057ཡོད།

རིགས་དབྱེ།  

ཤུར་གསུམ།

ཤུར་གསུམ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ6གི་མཚམས་ཀྱི་རྡོ་ར་སྡེ་བ་དང་རྫོང་མགོ་སྡེ་བ་གཉིས་ཀྱི་བར་རྒྱུད་དུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3349ཡོད།

རིགས་དབྱེ།  

གླང་ཆེན་འགྱིང་རི།

ཀྲུང་གོའི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རིའི་ཡུལ་ལྗོངས་ཀྱི་བཀོད་པ་ནི་ལྟ་ན་སྡུག་པ་མ་ཟད། དེ་གའི་གཞན་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཏེ། “སངས་རྒྱས་ཀྱི་འོད་ཟེར”གྱིས་གནས་སྐོར་པ་མང་བོའི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད།

རིགས་དབྱེ།  

ཉི་མ་དེའུ་རྩེ།

ཉི་མ་དེའུ་རྩེ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་གྱི་རྡོ་ར་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ8ལྷག་གི་མཚམས་ན་ཡོད་ཅིང་། རི་རྒྱུད་བྱང་ནས་ལྷོ་རུ་མཆེད་འདུག མཐོ་ཚད་ལ་མཚོ་ངོས་ལས་སྨི3853ཡོད།

རིགས་དབྱེ།  

དཔོན་རྒན་བྲག་ཐོད།

དཔོན་རྒན་བྲག་ཐོད་ཅེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་བོ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་གྱི་ཆུ་ནག་སྡེ་བའི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3535ཡོད།

རིགས་དབྱེ།  

གཡག་ཁམ་པ།

གཡག་ཁམ་པ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་གྱི་ཆུ་བཟང་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད་ཅིང་། ལ་རྒན་དང་རི་རྒྱུད་གཅིག་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི4203.2ཡོད།

རིགས་དབྱེ།  

ཀླད་འདལ།

ཀླད་འདལ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་གྱི་མཛོ་སྣ་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ཏེ། བྱ་ཕོ་སྒང་གི་ལྷོ་རྒྱུད་དང་འབྲེལ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3085ཡོད།

རིགས་དབྱེ།  

བྲག་དཀར་རྫ།

བྲག་དཀར་རྫ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་གྱི་རྡོ་ར་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ6གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4305ཡོད།

རིགས་དབྱེ།