ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >དུར་ཁྲོད།

སྐྱག་ཚང་ནང་དུར་ཁྲོད།

སྐྱག་ཚང་ནང་དུར་ཁྲོད་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྐྱ་རྒྱ་ཡུལ་ཚོ་སྲིད་གཞུང་ནས་ལྷོ་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་བྲག་དམར་ནང་གི་སྟོད་ཙམ་ན་ཡོད།

རིགས་དབྱེ།  

སྒོ་མོ་ཐང་གཞིས་དུར་ཁྲོད།

སྒོ་མོ་ཐང་གཞིས་དུར་ཁྲོད་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་ནང་ཁོག་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ15མཚམས་ཀྱི་སྒོ་མོ་ཐང་ཞེས་པའི་སར་ཡོད།

རིགས་དབྱེ།  

ལྭ་ཁ་དགོན་པའི་དུར་ཁྲོད།

ལྭ་ཁ་དགོན་པའི་དུར་ཁྲོད་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ལཱ་ཁ་དགོན་པའི་བྱང་ཤར་མཚམས་ཀྱི་སྤྱི་ལེ་ཕྱེད་ཙམ་གྱི་སར། མཚོ་ངོས་ལས་མཐོ་ཚད་ལ་སྨི3562དང་། སའི་གོ་ལའི་འཕྲེད་ཐིག34°44'དང་གཞུང་ཐིག101°38'སྟེང་ན་ཡོད།

རིགས་དབྱེ།  

གཙང་དགོན་པའི་དུར་ཁྲོད།

གཙང་དགོན་པའི་དུར་ཁྲོད་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ69ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3567དང་། སའི་གོ་ལའི་འཕྲེད་ཐིག34°42'དང་གཞུང་ཐིག100°53'སྟེང་ན་ཡོད།

རིགས་དབྱེ།  

དུང་དཀར་དུར་གནས།

དུང་དཀར་དུར་གནས་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་མཐོ་ཡུལ་མ་སྡེ་བའི་དུང་དཀར་རི་བོའི་ངོས། མཐོ་ཡུལ་མ་ཞང་ནས་ནུབ་ཕྱོགས་སྤྱི་ལེ20ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3720དང་། སའི་གོ་ལའི་འཕྲེད་ཐིག34°39'དང་གཞུང་ཐིག101°23'སྟེང་ན་ཡོད།

རིགས་དབྱེ།  

ཞིག་དཀར་ཐོ་ལོག

ཞིག་དཀར་ཐོ་ལོག་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ཆུ་ལུང་སྡེ་བའི་མངའ་ཁོངས། ཆུ་ལུང་དང་ཁུ་སིན་སྡེ་བའི་ས་མཚམས་མཐོ་ཡུལ་མ་ཞང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ51ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3725དང་། སའི་གོ་ལའི་འཕྲེད་ཐིག34°24'དང་གཞུང་ཐིག101°42'སྟེང་ན་ཡོད།

རིགས་དབྱེ།  

ཤིང་བཟའ་དགོན་པའི་དུར་ཁྲོད།

ཤིང་བཟའ་དགོན་པའི་དུར་ཁྲོད་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཤིང་བཟའ་དགོན་པའི་ནུབ་བྱང་ཕྱོགས་སུ་སྤྱི་ལེ1ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3536དང་། སའི་གོ་ལའི་འཕྲེད་ཐིག34°13'དང་གཞུང་ཐིག101°32'སྟེང་ན་ཡོད།

རིགས་དབྱེ།  

གཡང་རིའི་དུང་།

གཡང་རིའི་དུང་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོའི་ནུབ་ཕྱོགས་སུ་སྤྱི་ལེ23ཆོད་པའི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི3581དང་། སའི་གོ་ལའི་འཕྲེད་ཐིག34°30'དང་གཞུང་ཐིག101°55'སྟེང་ན་ཡོད། དུང་དཀར་གཡས་འཁྱིལ་གྱི་རྟགས་དབྱིབས་དང་འདྲ་བས་གཡང་རའི་དུང་ཞེས་འབོད།

རིགས་དབྱེ།  

ཝ་ལུང་སྒང་དུར་ཁྲོད།

ཝ་ལུང་སྒང་དུར་ཁྲོད་འདི་ནི་གནའ་བོའི་དུར་གནས་ཤིག་སྟེ།མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་ཏེང་ཅ་སྡེ་བའི་ཤར་ལྷོའི་ཕྱོགས་སུ་སྨི300ཙམ་གྱིས་ཆོད་པའི་ཝ་ལུང་སྒང་མགོ་ན་ཡོད།

རིགས་དབྱེ།  

དུར་ཁྲོད།

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ14ཡས་མས་སུ་ཡོད།

རིགས་དབྱེ།  

སོ་རྒྱབ་ཉག་དམར་དུར་ཁྲོད།

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ37ཡས་མས་སུ་ཡོད།

རིགས་དབྱེ།  

སྨུག་ལ་དུར་ཁྲོད།

ས་མིང་ཞིག་ཡིན་ཏེ། ཅོང་ཆུ་གྲོང་རྡལ་དང་བར་ཐག་སྤྱི་ལེ16ཡས་མས་ཡོད།

རིགས་དབྱེ།  

སྒང་ནག་ལྡང་།

སྒང་ནག་ལྡང་ནི་མཚོ་བྱང་ཁུལ་མདོ་ལ་རྫོང་གི་ཤར་ལྷོའི་ཕྱོགས་དང་མཁར་དམར་གྲོང་རྡལ་མི་དམངས་སྲིད་གཞུང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ10.5ཡི་མཚམས་སུ་ཡོད་ལ། མཚོ་ངོས་མཐོ་ཚད་ལ་སྨི3440ཡོད། མདོ་ལ་རིང་མོའི་བྱང་རྒྱབ་ལྷོ་རིའི་རི་རྒྱུད་ཁོངས་སུ་གཏོགས།

རིགས་དབྱེ།  

ཚ་ཁོ་དགོན་པའི་དུར་ཁྲོད།

​ཚ་ཁོ་ཡུལ་སྡེ་དུར་ཁྲོད་ཡོད་ས་ནི་ད་སྐབས་ཚ་ཁོ་དགོན་གྱི་ལྷོ་ཕྱོགས་ཀྱི་ཉེ་འགྲམ་ན་ཡོད། ས་འདི་ན་སྔོན་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེ་དང་སྒུ་རུ་ཐུབ་ཚེ་སོགས་ཀྱི་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་མྱོང་པའི་དུར་ཁྲོད་ལེགས་ཤོས་ཤིག་ཡིན།

རིགས་དབྱེ།  

ཧོར་སྐོར་དགོན་སྡེའི་དུར་ཁྲོད།

​ཧོར་སྐོར་དགོན་གྱི་རྒྱབ་རིའི་ནུབ་ཕྱོགས་སུ་ཡོད་པའི་དུར་ཁྲོད་དེ་སྔོན་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གཟིགས་གནང་བས་བཤད་སྲོལ་འདུག ད་སྐབས་དུར་ཁྲོད་དེར་རྡོ་རྐོས་ཀྱི་ཞི་ཁྲོ་དམ་རིག་བརྒྱ་དང་ཁང་བརྩེགས་མཆོད་རྟེན་ལ་སོགས་ཡོད། དགོན་པའི་ཤར་འགྲམ་དུ་བྱིས་པ་གཙོ་བྱས་པའི་དུར་ཁྲོད་ཞིག་འདུག་པ་དེ་སྔོན་ཨ་གནམ་བླ་མ་བསྟན་བཟང་གིས་ས་གཟིགས་གནང་པའི་དུར་ས་ཡིན་ཟེར།

རིགས་དབྱེ།  

མཛོ་བོ་ལུང་པའི་དུར་ཁྲོད།

​མཛོ་བོའི་ལུང་པའི་དུར་ཁྲོད་འདི་སྔོན་ནག་ཆུ་ཡུལ་ཚོའི་ཁོངས་སུ་གཏོགས་པའི་ཡུལ་མོ་དེ་ཚོའི་དུར་ཁྲོད་ཅིག་ཡིན། སྤྱི་ལོ1980ལོར་ཡས་མས་སུ་ཁྱད་དུ་འཕགས་པའི་བླ་མ་བགྲེས་པོ་ཨ་ཁུ་བཀོད་དམ་ཉིད་ཀྱིས་ས་གཟིགས་གནང་པ་ཡིན་ཟེར།

རིགས་དབྱེ།  

བླ་མ་རིག་འཛིན་གྱི་དུར་ཁྲོད།

​རྨ་ཆུ་ཡུལ་ཚོའི་ཐང་ཀར་སྡེ་བའི་དགུན་སའི་ཆར་གཏོགས་པའི་ན་འོང་སེར་པོ་ཟེར་པ་ཞིག་འདུག ས་དེ་ན་དུར་ཁྲོད་ཅུང་ཙམ་ཆེན་པོ་ཞིག་འདུག་པ་དེ་སྔོན་བླ་མ་རིག་འཛིན་གྱི་སྐུ་གདུང་ས་དེ་ནས་བཞུས་པ་ཡིན་ཟེར། དེ་ནས་རིམ་གྱིས་དུར་ཁྲོད་ཞིག་ངང་གིས་གྲུབ་སོང་ཟེར།

རིགས་དབྱེ།  

ཨར་ཆིན་སེར་ཨིན་ཏུར་ཐིག་ཏི།

ཨར་ཆིན་སེར་ཨིན་ཏུར་ཐིག་ཏི་ནི་སོག་སྐད་དུ་ཤུག་གདོང་དུར་ཁྲོད་ཅེས་པའི་དོན་ཡིན། གནས་འདིར་ནི་ཤུག་སྡོང་སྐྱེ་སའི་གདོང་ཁ་ཞིག་ཡིན་པར་མ་ཟད། ས་གནས་མང་ཚོགས་ཀྱིས་འདས་པོ་རྣམས་བྱ་སྦྱིན་གཏོང་སའི་དུར་ས་ཡིན་པས་དེ་ལྟར་ཐོགས།

རིགས་དབྱེ།  

སྲས་མཆོག་དུར་ཁྲོད།

ས་མིང་ཞིག་ཡིན་ཏེ། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ35ཡས་མས་སུ་ཡོད།

རིགས་དབྱེ།  

ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ།

ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་ནི་ཧོ་པེ་ཞིང་ཆེན་ལུང་ཧྭ་རྫོང་གྲོང་གི་ནུབ་བྱང་གི་ཤར་ངོགས་སུ་གནས་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.16ཡོད་པ་དེ་ནི་རྒྱལ་ཡོངས་ཀྱི་བང་སོའི་སྐྱེད་ཚལ་ནང་རྒྱ་ཁྱོན་ཆེ་ཤོས་ཡིན། ལྡུམ་རའི་ནང་དུ་དྲན་གསོའི་སྒོ་བྱང་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་། ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་འཇིམ་སྐུ། སྔོན་གཤེགས་དཔའ་བོའི་བང་སོ། དྲན་གསོ་ཁང་། རྡོ་རིང་ནགས་ཚལ་སོགས་བཟོ་སྐྲུན་གཙོ་བོ་ཁག13ཡོད། སྤྱི་ལོ2017ལོའི་ཟླ1པོར་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་བདམས་ཐོན་བྱུང་།

རིགས་དབྱེ།  

གྲམ་སྨད་སྒང་དུར་ས།

ཨེ་སི་ཀ་ལོག་སྡེ་བའི་ནུབ་ཕྱོགས་སུ་རྒྱབ་རི་ཞིག་ཡོད་པར་ཡུལ་དེ་གའི་མི་རྣམས་ཀྱིས་དུར་ཁུང་སྒང་ཟེར།

རིགས་དབྱེ།  

ན་ལུང་ས་དཀར་སྒང་དུར་ས།

དེ་ནི་ཡ་རྫི་གྲོང་རྡལ་ན་ལུང་ལུང་བའི་ན་ལུང་གོང་མོའི་གྲམ་པའི་ཤར་ཕྱོགས་སུ་མཆིས་ཤིང་། ཤར་ནུབ་ཕྱོགས་སུ་སྨི100དང་ལྷོ་བྱང་ཕྱོགས་སུ་སྨི50ལྷག་ཡོད།

རིགས་དབྱེ།  

གཙང་གི་དུར་ཁྲོད།

གཙང་གི་དུར་ཁྲོད་ནི་གཙང་དགོན་པའི་གཡོན་ཕྱོགས་ཀྱི་ཚེ་དཔག་མེད་ཀྱི་བླ་རི་དང་འཇམ་དབྱངས་ནག་པོའི་བླ་རི་གཉིས་འབྲེལ་མཚམས་ཀྱི་ཁ་གཞོང་དུ་ཡོད། སྔོན་དགོན་པའི་ཤར་ཕྱོགས་ཀྱི་དོམ་ཤུར་ཟེར་བའི་གནས་དེ་ནས་དོམ་ནག་ཅིག་གིས་མིའི་ལག་གཡས་ཤིག་ཁུར་འོངས་ཏེ་གནས་དེ་ནས་ཟོས་པས་ལྷ་བདེ་མཆོག་གི་དུར་གནས་ཡིན་པ་མཁའ་འགྲོ་མས་བརྡ་བསྟན་པར་གོ་ནས་དུར་མཆོད་བྱེད་སའི་གནས་ཁྱད་མཚར་ཅན་ཞིག་ཏུ་གྱུར་ཞིང་མིང་ལའང་དོམ་སྒང་དུ་ཐོགས།

རིགས་དབྱེ།  

གསེར་ལག་དགོན་པའི་དུར་ཁྲོད།

དུར་ཁྲོད་འདི་ནི་གསེར་ལག་དགོན་པའི་རྒྱབ་རི་ནོར་བུ་རི་རྒྱལ་གྱི་རི་སྐེད་དུ་ཡོད་ལ། རི་རྒྱལ་དུར་ཁྲོད་ཀྱང་ཟེར། དུར་ཁྲོད་ཅིག་ལ་ངེས་པར་དུ་ཚང་དགོས་པའི་སའི་རྟགས་མཚན་རྣམས་མ་ཚང་བ་མེད་པ་ཞིག་ཡིན།

རིགས་དབྱེ།  

མཁའ་འགྲོའི་བྲོ་རྭ།

དུར་ཁྲོད་འདི་ནི་དཀར་མོ་ཕུག་དགོན་པའི་ཤར་ཕྱོགས་ཀྱི་ཐེམ་ཐོག་ཞིག་ཏུ་ཡོད་ལ། དགོན་པ་དང་བར་ཐག་ཧ་ཅང་ཉེ། འདི་ནི་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་ཚང་དང་རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་ཚང་སོགས་ཀྱིས་རྗེ་བཙུན་མའི་བསྙེན་ཆེན་དང་དུར་བདག་གི་ལས་བཞི་མཛད་ཅིང་བཅུ་ཆའི་སྦྱིན་སྲེག་བླུག་པའི་གནས་ཡིན་ལ། མཁའ་འགྲོ་མའི་ཕྱག་གི་ཐོད་པའི་ནང་ཡིན་གསུངས།

རིགས་དབྱེ།  

བསང་ཁྲིའི་དུར་ཁྲོད།

དུར་ཁྲོད་འདི་ནི་ད་ལྟའི་དགོན་གོང་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཨུ་རྒེ་ལུང་བའི་ཕུ་མགོ་རུ་ཡོད་ཅིང༌། ལུང་བའི་ཕུ་སྟོད་དུ་གནས་ས་མང་པོར་ཐར་མདོའི་རྡོ་བརྐོས་བརྩིགས་ཡོད།

རིགས་དབྱེ།  

རྭ་རྒྱའི་དུར་ཁྲོད།

འབའ་རྫོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ལྷག་གི་སར་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་གླིང་གི་གཡས་ཕྱོགས་ཡ་ཕུག་འབྲུ་དྲུག་ཐང་གི་གདོང་སྣར། རྨ་ཀླུང་ཕྱུག་མོ་གཡུ་འབྲུག་གི་གདན་དང༌། རྔམས་འཐུག་པའི་ས་དམར་གྱི་གད་བྲག་སེང་གེའི་གདན། བདེ་ཞིང་འཇམ་པའི་ས་དཀར་གྱི་མགྲོན་ལམ་སྟག་གི་གདན་ཏེ། གདན་ཁྲི་སུམ་བརྩེགས་ཀྱིས་བཏེགས་པའི་ཁྲི་སྟེང་དུ་དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་དུ་གྲགས་པའི་ས་དབྱིབས་ཐོད་ཕོར་དང་འདྲ་བ་དེར་ཡོད།

རིགས་དབྱེ།  

ཏོར་ཐིག་ཏི།

ཏོར་ཐིག་ཏི་ནི་སོག་སྐད་དུ་དུར་ཁྲོད་ཅེས་པའི་དོན་ཡིན་ལ། གནས་དེ་ནི་བྱ་སྦྱིན་གཏོང་ས་ཡིན་པས་དེ་ལྟར་ཐོགས།

རིགས་དབྱེ།