ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ།
ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་ནི་ཧོ་པེ་ཞིང་ཆེན་ལུང་ཧྭ་རྫོང་གྲོང་གི་ནུབ་བྱང་གི་ཤར་ངོགས་སུ་གནས་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.16ཡོད་པ་དེ་ནི་རྒྱལ་ཡོངས་ཀྱི་བང་སོའི་སྐྱེད་ཚལ་ནང་རྒྱ་ཁྱོན་ཆེ་ཤོས་ཡིན། ལྡུམ་རའི་ནང་དུ་དྲན་གསོའི་སྒོ་བྱང་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་། ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་འཇིམ་སྐུ། སྔོན་གཤེགས་དཔའ་བོའི་བང་སོ། དྲན་གསོ་ཁང་། རྡོ་རིང་ནགས་ཚལ་སོགས་བཟོ་སྐྲུན་གཙོ་བོ་ཁག13ཡོད། སྤྱི་ལོ2017ལོའི་ཟླ1པོར་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་བདམས་ཐོན་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
董存瑞烈士陵园
མཛེས་ལྗོངས་རིམ་པ།
​རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ།
གནས་ཡུལ།
​ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ལུང་ཧྭ་རྫོང་།
བཙུགས་ལོ།
སྤྱི་ལོ1954ལོར།
1 ངོ་སྤྲོད།

ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་ནི་ཧོ་པེ་ཞིང་ཆེན་ལུང་ཧྭ་རྫོང་གྲོང་གི་ནུབ་བྱང་གི་ཤར་ངོགས་སུ་གནས་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.16ཡོད་པ་དེ་ནི་རྒྱལ་ཡོངས་ཀྱི་བང་སོའི་སྐྱེད་ཚལ་ནང་རྒྱ་ཁྱོན་ཆེ་ཤོས་ཡིན། ལྡུམ་རའི་ནང་དུ་དྲན་གསོའི་སྒོ་བྱང་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་། ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་འཇིམ་སྐུ། སྔོན་གཤེགས་དཔའ་བོའི་བང་སོ། དྲན་གསོ་ཁང་། རྡོ་རིང་ནགས་ཚལ་སོགས་བཟོ་སྐྲུན་གཙོ་བོ་ཁག13ཡོད། སྤྱི་ལོ2017ལོའི་ཟླ1པོར་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་བདམས་ཐོན་བྱུང་།

2 འགྲེམས་སྟོན་གཙོ་བོ།

བང་སོའི་ཐོག་ཁང་ནི་སྤྱི་ལོ1961ལོར་བསྐྲུན་པ་དང་སྔོན་གཤེགས་དཔའ་བོའི་བང་སོའི་ཐོག་མའི་འཛུགས་སྐྲུན་ཁོངས་སུ་གཏོགས་པ་དང་དེའི་རྣམ་པ་ནི་ཁྲའོ་ཞན་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྒོ་བྱང་ལྟར་བཟོས་ཡོད། འཛུགས་སྐྲུན་འདིའི་མཐོ་ཚད་ལ་སྨི7.5ཡོད། སྒོ་བྱང་གི་ཐོག་ཁང་དུ་ཀྲུའུ་ཞི་མའོ་ཙེ་ཏུང་གིས་དེ་སྔོན་ནན་ཅིང་ཡུའུ་ཧྭ་ཐའེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་བྲིས་གནང་བའི“སྔོན་གཤེགས་དཔའ་བོ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་གསེར་མདོག་ཅན་གྱི་ཡིག་འབྲུ་དྲུག་པོ་དེས་གསར་བརྗེའི་སྙིང་སྟོབས་མཚོན་ཡོད།

3 ​ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ།

ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ནི་སྤྱི་ལོ1961ལོར་བཙུགས་པ་དང་། དེའི་ཕྱི་དབྱིབས་དང་ནང་ཁུལ་གྱི་སྒྲིག་གཞི་ནི་ཁྲའོ་ཞན་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་དྲན་གསོ་ཁང་ལ་ལད་མོ་བྱས་ཏེ་བཟོས་པ་ཡིན། རྒྱབ་ངོས་སུ་སྔོན་གཤེགས་དཔའ་བོ་ཏུང་ཚུན་རེའི་ཡི་བྱས་རྗེས་བཀོད་ཡོད། 

4 སྔོན་གཤེགས་དཔའ་བོའི་འཇིམ་སྐུ།

ལྡིང་ཁང་དུ་དཔའ་བོ་ཏུང་ཚུན་རུའེ་ཡི་སྐུ་བརྙན་ཡོད་ལ། དཔའ་བོས་དམག་ཆས་གྱོན་པ་དང་། མགོ་འཕང་བཀྱགས་ཤིང་། ལག་གཡོན་པས་འབར་རྫས་ཁུག་མ་བཀྱག་པ་དང་། ལག་གཡས་པས་ཁུ་ཚུར་དམ་པོར་བསྡམས་ནས་ཏུང་ཚུན་རུའེ་ཡིས་འཆི་བ་མཐོང་བཞིན་དུ་ཕྱིར་ལོག་པའི་དཔའ་བོའི་བློ་སྟོབས་མངོན་ཡོད།

5 རང་སྲོག་ཤོར་བའི་གནས།

ཏུང་ཚུན་རུའེ་ཡི་རང་སྲོག་བློས་བཏང་བའི་ས་གནས་ནི་སྤྱི་ལོ2003ལོར་བཙུགས་ཤིང་། རང་སྲོག་བློས་བཏང་བའི་ས་ཆར་ལྕགས་ལན་ཀན་གྱིས་བསྐོར་ནས་སྲུང་ཡོད། ལྕགས་རིའི་ནང་གི་ལྷོ་བྱང་གི་རིང་ཚད་ལ་སྨི38.4དང་ཤར་ནུབ་ཀྱི་རིང་ཚད་ལ་སྨི37.2ཡོད། ལྷོ་ཕྱོགས་སུ་སྐྱོད་པའི་གཞུང་ལམ་ལ་རིང་ཚད་ལ་སྨི9དང་ཞེང་ཚད་ལ་སྨི4.8ཡོད་པའི་ཚོད་འཛིན་ཁུལ་ཡོད། 

6 སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་།

སྤྱི་ལོ1957ལོར་བཙུགས་པ་དང་། དྲན་གསོའི་རྡོ་རིང་གི་མཐོ་ཚད་ལ་སྨི14.5དང་།རྡོ་རིང་གི་རིང་ཚད་ལ་སྨི1.4ཞེང་ལ་སྨི0.75མཐོ་ཚད་ལ་སྨི0.85བཅས་ཡོད། རྡོ་རིང་གི་རིང་ཚད་ལ་སྨི3དང་།ཞེང་ལ་སྨི1མཐུག་ཚད་ལ་སྨི0.35ཡོད། རྡོ་རིང་ཞྭ་མོའི་རིང་ཚད་ལ་སྨི1.3དང་། ཞེང་ལ་སྨི0.65མཐོ་ཚད་ལ་སྨི0.66བཅས་ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ360ཡོད་པའི་སོ་ཕག་གི་བཟོ་སྐྲུན་ཡིན།རྡོ་རིང་གི་སྟེང་དུ་མིས་བཟོས་རྡོ་ཀ་མ་རུའི་པང་ལེབ་ཀྱི་རྒྱན་སྤྲས། སྐས་རིམ་དང་གྱང་ནི་རང་བྱུང་རྡོ་བརྩིགས་ནས་གྲུབ། རྡོ་རིང་གི་སྟེང་དུ་རྡོ་ཀ་མ་རུའི་པང་ལེབ་ཀྱི་ཀ་བ28ཡོད། ཀ་བའི་བར་དུ་ལྕགས་སྦུག་གཉིས་འབྲེལ་བའི་སྲུང་སྐྱོང་ཡོད། རྡོ་རིང་གི་སྟེང་དུ་ཟངས་ཀྱི་གསེར་གྱི་རྡོ་རིང་ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་སྤྱ་ལོ1987ལོར་རྒྱས་སྐྲུན་བྱས་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ440ཡོད། སྔར་གྱི་མ་དཔེ་སོར་བཞག་བྱས་པའི་རྨང་གཞིའི་སྟེང་མཐོ་ཚད་ལ་སྨི་གཅིག་ཁ་སྣོན་བྱས། དུས་མཚུངས་སུ་དྲན་གསོའི་རྡོ་རིང་གི་སྤྱི་ཁོག་ལ་འགྱུར་ལྡོག་འབྱུང་ཆེད། ཕྱོགས་བཞི་ནས་ཚན40ཡི་ལན་ཀན་གྱིས་བསྐོར་ཡོད། 

7 ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནང་གི་ཡུལ་ལྗོངས།

དྲན་གསོ་ཁང་གི་མདུན་ངོས་ནི་རིང་ཚད་ལ་སྨི30ཡོད་པའི་ཀ་བ་དང་། ཀ་བའི་བར་ཁྱམས་ཀྱི་མཐོ་ཚད་ལ་སྨི6.7དང་། གཏིང་ཚད་ལ་སྨི2.2ཡོད། ཞེང་ཚད་ལ་སྨི4ཡོད། རྒྱལ་སྒོའི་གཞོགས་གཉིས་སུ་སྨི0.3རེའི་མཚམས་སུ་མཐོ་ཚད་སྨི4.2ཡོད་པའི་ཀ་བ་རེ་ཡོད། 

8 སྔོན་གཤེགས་དཔའ་བོའི་བྱས་རྗེས།

ཏུང་ཚུན་རུའེ། མན་ཇུ་རིགས། སྤྱི་ལོ1929ལོར་ཧོ་པེ་ཞིང་ཆེན་ཀྲང་ཅཱ་ཁོའུ་གྲོང་ཁྱེར་ཧོའེ་ལའེ་རྫོང་ནན་ཧྲན་པའོ་སྡེ་བའི་ཞིང་བ་དབུལ་བོ་ཞིག་གི་ཁྱིམ་དུ་སྐྱེས། སྤྱི་ལོ1945ལོའི་ཟླ7པར་པ་ལུའུ་ཅུན་ལ་ཞུགས། རྗེས་སུ་པུའུ་ག་གེ་མོའི་འཛིན་གྲྭ་དྲུག་པའི་པན་ཀྲང་གི་འགན་བཞེས། སྤྱི་ལོ1947ལོའི་ཟླ3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོའི་དམག་དོན་གྱི་ལག་རྩལ་བྱང་ཆུབ་པ་དང་། འཐབ་འཛིང་བྱེད་སྐབས་སྤྱང་གྲུང་ལྡན་ཞིང་དཔའ་ངར་ཆེ་བས། འཐབ་འཛིང་ཐེངས་གཅིག་གི་ཁྲོད་དུ་དགྲ་བོ་བཅུ་ལྷག་བཟུང་། སྔ་རྗེས་སུ་བྱས་རྗེས་ཆེན་པོ་ཐེངས་གསུམ་དང་། བྱས་རྗེས་ཆུང་ངུ་ཐེངས་བཞི་བཞག དཔའ་ངར་ལྡན་པའི་བྱ་དགའི་རྟགས་མ3དང་མའོ་ཙེ་ཏུང་གི་བྱ་དགའི་རྟགས་མ1ཐོབ། ཁོང་གིས་འགོ་ཁྲིད་བྱེད་པའི་འཛིན་གྲྭར་ཏུང་ཚུན་རུའེ་ཡི་དམག་སྦྱོང་དཔེ་བཟང་འཛིན་གྲྭའི་མཚན་སྙན་ཐོབ།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ1982ལོར་ཏུང་ཚུན་རུའེ་ཡི་སྔོན་གཤེགས་དཔའ་བོའི་བང་སོ་ནི་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོར་གཏན་འཁེལ་བྱས།

སྤྱི་ལོ1986ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་གཙོ་བོའི་དྲན་གསོའི་རྩིག་བཟོས་སྲུང་སྐྱོང་སྡེ་ཚན་དུ་ཆོག་མཆན་བཀོད།

སྤྱི་ལོ1995ལོའི་ཟླ1པོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྲིད་པུའུ་ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས།

སྤྱི་ལོ1995ལོའི་ཟླ5པར་ཧོ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧོ་པེ་ཞིང་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས་པ་དང་། སྤྱི་ལོ1997ལོའི་ཟླ9པར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་དང་། དམངས་སྲིད་པུའུ། རིག་གནས་པུའུ། རྒྱལ་ཁབ་རིག་དངོས་ཅུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་། བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་བཅས་ཀྱིས་མིང་བཏགས་པ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ལ་འོས་སྦྱོར་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར།

སྤྱི་ལོ1997ལོའི་ཟླ6པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས། སྤྱི་ལོ1997ལོའི་ཟླ6པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིར་གཏན་འཁེལ་བྱས།  

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-26

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།