ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >སྤང་ཐང་།

ཡོབ་གླིང་ཤར་མའི་བདེ་ཐང་།

ཡོབ་གླིང་ཤར་མའི་བདེ་ཐང་ནི་ཡོ་རོབ་གླིང་གི་ཤར་ཕྱོགས་སུ་ཡོད་ལ། དེ་ནི་འཛམ་གླིང་གི་བདེ་ཐང་ཆེ་བ་ཨང་གཉིས་པ་ཡིན། དེའི་ཁྱབ་ཁོངས་བྱང་ཕྱོགས་ཀྱི་བྱང་འཁྱགས་རོམ་རྒྱ་མཚོ་ནས་ལྷོའི་མཚོ་ནག་དང་མཚེའུ་ནང་མའི་བར་དུ་ཡོད། ཤར་གྱི་ཝུ་ལར་རི་རྒྱུད་ནས་ནུབ་ཀྱི་པོ་ལུའོ་ཏི་མཚོ་བར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི400ལྷག་ཡོད་པའི་རྒྱ་ཆེ་བའི་ས་ཁོངས་ཡིན། ཆ་སྙོམས་ཀྱི་མཚོ་འཕགས་ཧ་ལམ་སྨི170ཙམ་ཡིན། ཡོབ་གླིང་ཤར་མའི་བདེ་ཐང་གི་ས་ཁོངས་མང་ཆེ་བ་ཨུ་རུ་སུའི་མངའ་ཁོངས་ན་ཡོད། དེའི་རྐྱེན་གྱིས་ཨུ་རུ་སུའི་བདེ་ཐང་ཡང་ཟེར།

རིགས་དབྱེ།  

ཡ་མ་སུན་བདེ་ཐང་།

ཡ་མ་སུན་བདེ་ཐང་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། ཡ་མ་སུན་གཙང་བོའི་སྨད་དབུས་རྒྱུད་དུ་ཡོད། ཀུའེ་ཡ་ན་མཐོ་སྒང་དང་པར་ཙིལ་མཐོ་སྒང་གི་བར་ན་ཡོད། ནུབ་ཕྱོགས་ཨན་ཏི་སི་རི་རྒྱུད་དང་ཤར་ཕྱོགས་ནུབ་རྒྱ་མཚོ་ཆེན་མོ། པར་ཙིལ་རྒྱལ་ཁབ། ཕེ་རུ་རྒྱལ་ཁབ། ཁོ་ལོམ་པི་ཡ་རྒྱལ་ཁབ། པོ་ལི་ཝེ་ཡ་བཅས་རྒྱལ་ཁབ་བཞིའི་ས་ཁོངས་བརྒལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ560ཡོད(པར་ཙིལ་ས་ཁོངས་སུ་སྟོང་སྨི་གྲུ་བཞི་མ220ཡོད་པ་དེས་པར་ཙིལ་རྒྱལ་ཁབ་ཀྱི1/3ཟིན་ཡོད)འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་འདེད་གསོག་བདེ་ཐང་ཡིན། ཡ་མ་སུན་བདེ་ཐང་དུ་ཚ་ཁུལ་ཆར་ནགས་སྟུག་པོར་ཁྱབ་ཡོད་ལ། སྐྱེ་དངོས་ཀྱི་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་སྲོག་ཆགས་ཀྱི་རིགས་དེ་བས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ལ་མང་ཤོས་སྡོང་བོའི་སྟེང་དུ་འཚོ་གནས་བྱས་པའི་སྲོག་ཆགས་ཡིན། གཏེར་ཁའི་རིགས་ལ་གཙོ་བོ་རྡོ་སྣུམ་ཡོད། མི་སྡེ་ཉུང་ཞིང་། སྤྱིའི་མི་གྲངས་ཁྲི1500ཡོད། དེའི་ནང་ཁྲི10ནགས་ཚལ་ཏུ་འཚོ་བ་རོལ་བའི་འབྱིན་ཏི་ཨན་པའི་མི་ཡིན། དུས་རབས20བའི་ལོ་རབས60ནས། འཆར་གཞི་ཡོད་པའི་སྒོ་ནས་ཡུལ་མི་གནས་སྤོ་བར་རྩ་འཛུགས་བྱས་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ། རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་ཏེ། ཡ་མ་སུན་བདེ་ཐང་ས་ཁོངས་ཧྲིལ་བོར་བརྒལ་བའི་གཞུང་ལམ་འཛུགས་སྐྲུན་བྱས་ཡོད།

རིགས་དབྱེ།  

ཀྱལ་རྟ་ཐང་།

ཀྱལ་རྟ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་ན་ཡོད། འདིའི་ཤར་ཕྱོགས་ནི་རྟ་རྒན་རྔོག་ཐང་དང་། ལྷོ་ཕྱོགས་ནི་ཤི་ནུ་དེའུ་རྒན། ནུབ་ཕྱོགས་ནི་ཀུན་དགའ་མཚོ། བྱང་ཕྱོགས་ནི་དཔའ་ཐུལ་རྫ་རྒན་བཅས་ལ་འབྲེལ་ཡོད་ཅིང་། རྒྱ་ཁྱོན་ལ་ཧ་ལམ་ས་མུའུ་ཁྲི་ཚོ3ཡོད།

རིགས་དབྱེ།  

གསེག་ལམ་སྔོ་ལྡང་།

གསེག་ལམ་སྔོ་ལྡང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་མཚམས་ན་ཡོད།

རིགས་དབྱེ།  

ཆུ་རུལ་གྲོག་རྒན་ཐང་།

ཆུ་རུལ་གྲོག་རྒན་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ནས་ཅུང་ཙམ་ཤར་ཕྱོགས་སུ་གཞོལ་བའི་མཚམས་ཏེ། སྤྱི་ལེ8.5ཙམ་གྱི་མཚམས་ན་ཡོད་ཅིང་། རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ14ཙམ་ཡོད།

རིགས་དབྱེ།  

ཐ་བུན་རྩི་ཤ

ཐ་བུན་རྩི་ཤ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ 2 ཙམ་ཡོད།

རིགས་དབྱེ།  

ཐང་ཆུ།

ཐང་ཆུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་ཐང་འདི་ན་ཆགས་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ50ཙམ་ཡོད།

རིགས་དབྱེ།  

རྔ་རྡུང་ཞིང་ཁ།

རྔ་རྡུང་ཞིང་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཕྱུགས་ས་ཞིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་ན་ཡོད།

རིགས་དབྱེ།  

བཏུལ་ཐང་།

བཏུལ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོའི་མངའ་ཁོངས་ཀྱི་ཐང་གཞོངས་ཤིག་ཡིན་ལ། ཐང་གཞོངས་འདི་ནི་ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་རྒྱུད་དུ་གནས་ཏེ། འདི་ནི་གསེར་ཆེན་རྫོང་དང་བྲག་དཀར་རྫོང་གཉིས་ཀའི་ས་མཚམས་བརྒྱུད་ནས་ཕྱོགས་གཉི་གའི་སྲིད་འཛིན་ས་ཁུལ་འགའི་མངའ་ཁོངས་དང་འབྲེལ་འདུག

རིགས་དབྱེ།  

དབུས་ལམ་ཐང་།

དབུས་ལམ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་ན་ཡོད།

རིགས་དབྱེ།  

ནགས་མཐའ་ཐང་།

ནགས་མཐའ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ10ཡི་མཚམས་ན་ཡོད། ཐང་འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ80ཙམ་ཡོད།

རིགས་དབྱེ།  

ཚྭ་ཆུ་ཐང་།

ཚྭ་ཆུ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ17གྱི་མཚམས་ན་ཡོད་ཅིང་། འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ36ཙམ་ཡོད།

རིགས་དབྱེ།  

རྟ་རྒན་རྔོག་ཐང་།

རྟ་རྒན་རྔོག་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་ན་ཡོད། ཐང་འདིའི་ཤར་ཕྱོགས་ནི་གནམ་གྲུ་འབབ་ཐང་དང་། ལྷོ་ཕྱོགས་ནི་གད་པ་ཏ་ལེན། ནུབ་ཕྱོགས་ནི་ཀུན་དགའ་མཚོ། བྱང་ཕྱོགས་ནི་དཔའ་ཐུལ་རྫ་རྒན་བཅས་ལ་འབྲེལ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ95ཡོད།

རིགས་དབྱེ།  

རྡོ་མ་ཎི་ཐང་།

རྡོ་མ་ཎི་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

རྡོ་རིས་དཀར་ལྡང་།

རྡོ་རིས་དཀར་ལྡང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་དང་ཁད་ཉེ་བའི་དཀར་ལྡང་སྡེ་བའི་ཁོངས་རོལ་ན་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ66.7ཡོད།

རིགས་དབྱེ།  

ལ་རྒན་ཐང་།

ལ་རྒན་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད།

རིགས་དབྱེ།  

ལྷ་རི་ཐང་།

ལྷ་རི་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད་ཅིང་། རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ18ཡོད།

རིགས་དབྱེ།  

ཤིང་མངར་ཐང་།

ཤིང་མངར་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་ཡིན་ལ། ཐང་སྐར་མ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད།

རིགས་དབྱེ།  

ར་སྒོ་ཐང་།

ར་སྒོ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ན་ཡོད་ཅིང་། ཤར་ཕྱོགས་ནི་ཆུ་ནུབ་གྲོང་རྡལ་སྲིད་གཞུང་དང་། ལྷོ་ཕྱོགས་ནི་འབའ་ཙེ་སྒང་། ནུབ་ཕྱོགས་ནི་ལ་ཟེ་བ་འགག བྱང་ཕྱོགས་ནི་རབ་རྒོད་ཁུག་བཅས་ལ་འབྲེལ་འདུག རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་གྲུ་བཞི་མ0.53ཡོད།

རིགས་དབྱེ།  

རྒོ་བ་ཐང་།

རྒོ་བ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ27གྱི་མཚམས་ན་ཡོད་ཅིང་། འདིའི་ཤར་ཕྱོགས་ནི་མ་བུག་འགག་དང་། ལྷོ་ཕྱོགས་ནི་བལ་བོ་སྒང་། ནུབ་ཕྱོགས་ནི་བདེ་སྐྱིད་ལུང་བ་དང་མདོ་བ་སྡེ་བ། བྱང་ཕྱོགས་ནི་ཆུ་ཁོལ་ཁྲེ་ཙེ་སྡེ་བ་བཅས་ལ་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12ཙམ་མཆིས།

རིགས་དབྱེ།  

སྤེན་ཐོག་ཐང་།

སྤེན་ཐོག་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ5ཡི་མཚམས་སུ་ཡོད། ཤར་ཕྱོགས་ནི་སྤེན་ཐོག་སྡེ་བ་དང་། ལྷོ་ཕྱོགས་ནི་བ་རྫོང་སྡེ་བ། ནུབ་ཕྱོགས་ནི་སྨད་པ་སྡེ་བ། བྱང་ཕྱོགས་ནི་ལུང་ནགས་གྲམ་པ་བཅས་ལ་འབྲེལ་འདུག རྒྱ་ཁྱོན་ལ་ས་མུའུ1800ཙམ་ཡོད།

རིགས་དབྱེ།  

གཡུ་བཟང་ཐང་།

གཡུ་བཟང་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡི་མཚམས་ན་ཡོད་ཅིང་། ལྷ་སྡེ་སྡེ་དམངས་ལྷན་ཁང་གི་གནས་ཡུལ་ཡིན།

རིགས་དབྱེ།  

ཆུ་མ་ཐང་།

ཆུ་མ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ34ཡིས་ཆོད་པའི་རྐང་ཚ་གོང་མ་སྡེ་བའི་བྱང་ཕྱོགས་སུ་ཡོད་ཅིང་། ཐང་འདིའི་ཤར་ཕྱོགས་ནི་གཅན་ཚ་ཐང་དང་། ལྷོ་ཕྱོགས་ནི་རྐང་ཚ་གོང་མའི་དགོན་པ། ནུབ་ཕྱོགས་ནི་བ་ལང་སྐེ། བྱང་ཕྱོགས་ནི་རྐང་ཚ་ཞོལ་མ་སྡེ་བ་བཅས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་ས་མུའུ1000ཡས་མས་ཡོད།

རིགས་དབྱེ།  

དཀར་རྩི་ཐང་།

དཀར་རྩི་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ10ཡི་མཚམས་ཀྱི་བདུད་ཤུལ་སྡེ་བའི་བྱང་ཕྱོགས་སུ་ཡོད་དེ། འདིའི་ཤར་ཕྱོགས་ནི་རྐང་ཚ་ཞོལ་མ་དང་། ལྷོ་ཕྱོགས་ནི་བདུད་ཤུལ་སྡེ་བའི་མཐའ་འདབས། ནུབ་ཕྱོགས་ནི་གོ་ར་ལུང་བ། བྱང་ཕྱོགས་ནི་སྟག་རིག་སྡེ་བ་བཅས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་ས་མུའུ12000ལྷག་ཡོད།

རིགས་དབྱེ།  

བཀྲ་ཤིས་ཐང་།

བཀྲ་ཤིས་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ28ཀྱི་མཚམས་ན་ཡོད་ཅིང་། འདིའི་ཤར་ཕྱོགས་ནི་མར་ཁུ་ཐང་དང་། ལྷོ་ཕྱོགས་ནི་སྤེན་མ་ལུང་། ནུབ་ཕྱོགས་ནི་དཀར་རྩི་ཐང་། བྱང་ཕྱོགས་ནི་གསེག་ལམ་མདོ་བཅས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་ས་མུའུ2500ཡས་མས་ཡོད།

རིགས་དབྱེ།  

བདེ་སྐྱིད་ཐང་།

བདེ་སྐྱིད་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ8ཀྱིས་ཆོད་པའི་ཨ་མྱེས་སྲིན་པོའི་རྫ་འདབས་སུ་ཡོད། འདིའི་ཤར་ཕྱོགས་ནི་སྲིན་པོ་རྫ་དང་། ལྷོ་ཕྱོགས་ནི་གཡག་བསྒྱིངས་ཐང་། ནུབ་ཕྱོགས་ནི་ལྷ་སྡེ་སྐེ། བྱང་ཕྱོགས་ནི་མཛོ་ཤི་ལུང་བ་བཅས་ལ་འབྲེལ་ཡོད། རྒྱ་ཁྱོན་ལ་ས་མུའུ་ཁྲི་ཚོ1.2ལྷག་ཙམ་ཡོད།

རིགས་དབྱེ།  

མར་ཁུ་ཐང་།

མར་ཁུ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ29ཡི་མཚམས་ཀྱི་རྐང་ཚ་ཞོལ་མ་སྡེ་བའི་ལྷོ་ཕྱོགས་སུ་ཡོད་ཅིང་། ཤར་ཕྱོགས་ནི་རྐང་ཚ་ཞོལ་མའི་དགོན་པ་དང་། ལྷོ་ཕྱོགས་ནི་རྒྱུ་ལུང་སྒང་། ནུབ་ཕྱོགས་ནི་བཀྲ་ཤིས་ཐང་། བྱང་ཕྱོགས་ནི་རྐ་མགོ་གཞུང་བཅས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་ས་མུའུ2000ཡས་མས་ཡོད།

རིགས་དབྱེ།  

ཡང་བཟང་ཐང་།

ཡང་བཟང་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་གྱི་ཨོལ་རིང་སྡེ་བའི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ7གྱི་མཚམས་ན་ཡོད།

རིགས་དབྱེ།  

རྒོད་མ་ཐང་།

རྒོད་མ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ།འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ39ཡིས་ཆོད་པའི་རྐང་ཚ་གོང་མ་སྡེ་བའི་ཤར་ཕྱོགས་སུ་ཡོད་ཅིང་། ཤར་ཕྱོགས་ནི་རབ་ཆུ་དང་། ལྷོ་ཕྱོགས་ནི་ཀོའུ་སྡེ་སྐེ། ནུབ་ཕྱོགས་ནི་རྐང་ཚ་གོང་མའི་དགོན་པ། བྱང་ཕྱོགས་ནི་རྡེའུ་འབུམ་ཁྱ་རོའུ་སྐེའི་ཉག་ཁ་བཅས་དང་འབྲེལ་ཡོད། རྒྱ་ཁྱོན་ལ་ས་མུའུ3000ཡས་མས་ཡོད།

རིགས་དབྱེ།  

སྟོན་མོ་ཐང་།

སྟོན་མོ་ཐང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་ཐང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡིས་ཆོད་པའི་གཡུ་བཟང་ཐང་གི་ཐང་སྟོད་དུ་ཡོད།

རིགས་དབྱེ།