ཡ་མ་སུན་བདེ་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡ་མ་སུན་བདེ་ཐང་།
ཡ་མ་སུན་བདེ་ཐང་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། ཡ་མ་སུན་གཙང་བོའི་སྨད་དབུས་རྒྱུད་དུ་ཡོད། ཀུའེ་ཡ་ན་མཐོ་སྒང་དང་པར་ཙིལ་མཐོ་སྒང་གི་བར་ན་ཡོད། ནུབ་ཕྱོགས་ཨན་ཏི་སི་རི་རྒྱུད་དང་ཤར་ཕྱོགས་ནུབ་རྒྱ་མཚོ་ཆེན་མོ། པར་ཙིལ་རྒྱལ་ཁབ། ཕེ་རུ་རྒྱལ་ཁབ། ཁོ་ལོམ་པི་ཡ་རྒྱལ་ཁབ། པོ་ལི་ཝེ་ཡ་བཅས་རྒྱལ་ཁབ་བཞིའི་ས་ཁོངས་བརྒལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ560ཡོད(པར་ཙིལ་ས་ཁོངས་སུ་སྟོང་སྨི་གྲུ་བཞི་མ220ཡོད་པ་དེས་པར་ཙིལ་རྒྱལ་ཁབ་ཀྱི1/3ཟིན་ཡོད)འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་འདེད་གསོག་བདེ་ཐང་ཡིན། ཡ་མ་སུན་བདེ་ཐང་དུ་ཚ་ཁུལ་ཆར་ནགས་སྟུག་པོར་ཁྱབ་ཡོད་ལ། སྐྱེ་དངོས་ཀྱི་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་སྲོག་ཆགས་ཀྱི་རིགས་དེ་བས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ལ་མང་ཤོས་སྡོང་བོའི་སྟེང་དུ་འཚོ་གནས་བྱས་པའི་སྲོག་ཆགས་ཡིན། གཏེར་ཁའི་རིགས་ལ་གཙོ་བོ་རྡོ་སྣུམ་ཡོད། མི་སྡེ་ཉུང་ཞིང་། སྤྱིའི་མི་གྲངས་ཁྲི1500ཡོད། དེའི་ནང་ཁྲི10ནགས་ཚལ་ཏུ་འཚོ་བ་རོལ་བའི་འབྱིན་ཏི་ཨན་པའི་མི་ཡིན། དུས་རབས20བའི་ལོ་རབས60ནས། འཆར་གཞི་ཡོད་པའི་སྒོ་ནས་ཡུལ་མི་གནས་སྤོ་བར་རྩ་འཛུགས་བྱས་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ། རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་ཏེ། ཡ་མ་སུན་བདེ་ཐང་ས་ཁོངས་ཧྲིལ་བོར་བརྒལ་བའི་གཞུང་ལམ་འཛུགས་སྐྲུན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚马逊平原
ཕྱི་ཡིག་གི་མིང་།
Amazon Plain
ས་ཁམས་གནས་ཡུལ།
མེ་གླིང་ལྷོ་མའི་བྱང་ཕྱོགས།
ཁོངས་གཏོགས་ས་ཁུལ།
མེ་གླིང་ལྷོ་མའི་བྱང་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི་ལྔ་བརྒྱ་དྲུག་བཅུ།
གནམ་གཤིས།
ཚ་ཁུལ་ཆར་ནགས་ནམ་ཟླ།
ས་ཁོངས་རྒྱལ་ཁབ།
པར་ཙིལ། ཕེ་རུ། ཁོ་ལོམ་པི་ཡ། པོ་ལི་ཝེ་ཡ།
མི་གྲངས།
ཁྲི་སྟོང་གཅིག་དང་ལྔ་བརྒྱ།
ཡུལ་སྐད།
སི་ཕེན་གྱི་སྐད། ཕུའུ་ཐའོ་ཡའི་སྐད། དབྱིན་ཏི་ཨན་སྐད།
1 ངོ་སྤྲོད།

ཡ་མ་སུན་བདེ་ཐང་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ།  ཡ་མ་སུན་གཙང་བོའི་སྨད་དབུས་རྒྱུད་དུ་ཡོད།  ཀུའེ་ཡ་ན་མཐོ་སྒང་དང་པར་ཙིལ་མཐོ་སྒང་གི་བར་ན་ཡོད། ནུབ་ཕྱོགས་ཨན་ཏི་སི་རི་རྒྱུད་དང་ཤར་ཕྱོགས་ནུབ་རྒྱ་མཚོ་ཆེན་མོ།  པར་ཙིལ་རྒྱལ་ཁབ། ཕེ་རུ་རྒྱལ་ཁབ། ཁོ་ལོམ་པི་ཡ་རྒྱལ་ཁབ། པོ་ལི་ཝེ་ཡ་བཅས་རྒྱལ་ཁབ་བཞིའི་ས་ཁོངས་བརྒལ་ཡོད།  རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ560ཡོད(པར་ཙིལ་ས་ཁོངས་སུ་སྟོང་སྨི་གྲུ་བཞི་མ220ཡོད་པ་དེས་པར་ཙིལ་རྒྱལ་ཁབ་ཀྱི1/3ཟིན་ཡོད)འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་འདེད་གསོག་བདེ་ཐང་ཡིན།  ཡ་མ་སུན་བདེ་ཐང་དུ་ཚ་ཁུལ་ཆར་ནགས་སྟུག་པོར་ཁྱབ་ཡོད་ལ།  སྐྱེ་དངོས་ཀྱི་རིགས་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་སྲོག་ཆགས་ཀྱི་རིགས་དེ་བས་ཀྱང་ཕུན་སུམ་ཚོགས་པོ་ཡོད་ལ་མང་ཤོས་སྡོང་བོའི་སྟེང་དུ་འཚོ་གནས་བྱས་པའི་སྲོག་ཆགས་ཡིན།  གཏེར་ཁའི་རིགས་ལ་གཙོ་བོ་རྡོ་སྣུམ་ཡོད།  མི་སྡེ་ཉུང་ཞིང་། སྤྱིའི་མི་གྲངས་ཁྲི1500ཡོད། དེའི་ནང་ཁྲི10ནགས་ཚལ་ཏུ་འཚོ་བ་རོལ་བའི་འབྱིན་ཏི་ཨན་པའི་མི་ཡིན། དུས་རབས20བའི་ལོ་རབས60ནས། འཆར་གཞི་ཡོད་པའི་སྒོ་ནས་ཡུལ་མི་གནས་སྤོ་བར་རྩ་འཛུགས་བྱས་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ།  རང་བྱུང་ཐོན་ཁུངས་གསར་སྤེལ་བྱས་ཏེ། ཡ་མ་སུན་བདེ་ཐང་ས་ཁོངས་ཧྲིལ་བོར་བརྒལ་བའི་གཞུང་ལམ་འཛུགས་སྐྲུན་བྱས་ཡོད། 

2 ས་དབྱིབས།

ཡ་མ་སུན་བདེ་ཐང་གི་ནུབ་ཡངས་ཤིང་ཤར་དོག་པ་ཡིན། ཆེས་ཁོད་ཡངས་པའི་ས་ཁུལ་གྱི་ཞེང་ལ་སྟོང་སྨི1280ཡོད་ལ་དེའི་ས་བབ་དམའ་ཞིང་བདེ་བ་ཡིན།  ས་ཁུལ་མང་ཆེ་བའི་མཚོ་འཕགས་སྨི150མན་ཡིན་ལ་བདེ་ཐང་དབུས་ཁུལ་གྱི་མ་ནི་སིའི་ས་ཁུལ་གྱི་མཚོ་འཕགས་སྨི44ཙམ་ཡིན།  ཤར་རྒྱུད་དེ་ལས་དམའ་ཞིང་རིམ་གྱིས་རྒྱ་མཚོའི་ངོས་དང་མཉམ་པ་ཡིན།  ཡ་མ་སུན་བདེ་ཐང་གི་གྲམ་ཁའི་ཞིང་ཁ་ཡིས་བདེ་ཐང་ཧྲིལ་བོའི་རྒྱ་ཁྱོན་གྱི10%ཟིན་ཡོད། ས་རྒྱུ་སོབ་པའི་ཉེ་རབས་ཕུང་འདེད་རིམ་པས་གྲུབ་པ་ཡིན་པས་ས་བབ་ཧ་ཅང་དམའ་ཞིང་གྲམ་པའི་ཞིང་ཁའི་ཕྱི་རོལ་ནི་མཚོ་འཕགས་སྨི45ནས60བར་གྱི་གནས་བབ་ཅུང་མཐོ་བའི་མཐོ་སྒང་ཡིན།  ནུབ་ཀྱི་གཞུང་ཐིག60 °མན་ཆད་ཆེས་ཁོད་ཡངས་པ་ཡིན། ཕྱི་ངོས་ཀྱི་དངོས་པོ་དེ་ས་གཞི་ཆགས་རིམ་གསུམ་པ་དང་ས་གཞི་ཆགས་རིམ་བཞི་བའི་སྐབས་ཀྱི་བྱེ་མ་དང་ས་མྱགས་ཀྱིས་གྲུབ་པ་ཡིན། ཡ་མ་སུན་བདེ་ཐང་ནི་མེ་གླིང་ལྷོ་མའི་སྐམ་ས་ཡར་འཕགས་ཤིང་ཡ་མ་སུན་མར་རྡིབ་པའི་རྨང་གཞི་ཐོག་ས་གཞི་ཆགས་རིམ་བཞི་བ་ཡར་འཕགས་ཏེ་སྐམ་ས་གྲུབ་རྗེས། ཡ་མ་སུན་གཙང་བོའི་གཞུང་ཆུ་དང་ཆུ་ལག་གིས་ཕུང་བསགས་ཀྱིས་གྲུབ་པ་ཡིན། སྨད་རྒྱུད་ཆུ་མདོའི་ཉེ་འདབས་སུ། ཉེ་རབས་ས་བབ་མར་རྡིབ་པའི་བྱེད་རྩོལ་འོག་ཏུ་ཟུར་གསུམ་གླིང་ཕྲན་གྲུབ་ཐུབ་མེད།

3 ནམ་ཟླ།

ཡ་མ་སུན་གཙང་བོའི་ས་ཁོངས་ཧྲིལ་བོ་ཚ་ཁུལ་ཆར་ནགས་ནམ་ཟླར་གཏོགས་ཤིང་། དེ་ནི་འཛམ་གླིང་ཐོག་རྒྱ་ཁྱོན་ཆེས་ཆེ་བའི་ཐིག་དམར་ཆར་མང་ཁུལ་ཡིན། ལོ་ཧྲིལ་བོར་ཐིག་དམར་རླུང་གནོན་དམའ་ཤས་ཀྱིས་ཚོད་འཛིན་འོག་ཏུ་གྱེན་འཕྱུར་རླུང་རྒྱུན་དར་རྒྱས་ཆེ་བ་ཡིན་པས་འཁོར་རྒྱུག་ཆར་བ་མང་བ་ཡིན། ལོའི་ཆ་སྙོམ་དྲོད་ཚད27℃ནས28℃དང་། གནམ་ཆུ་འབབ་ཚད་ཧའོ་སྨི1500ནས2500བར་ཡིན།

ཆར་ཆུ་འབབ་ཚད་ཀྱི་གནས་ཚུལ་གཞིར་བཟུང་ནས་བལྟས་ན།  ཡ་མ་སུན་ས་ཁུལ་གྱི་ནམ་ཟླ་རིགས་གསུམ་ལ་དགར་ཆོག་སྟེ།  རིགས་དང་པོར་ཡ་མ་སུན་གཙང་བོའི་ཆུ་མདོ་དང་འབབ་རྒྱུད་ནུབ་ཕྱོགས་གཏོགས་པ་ཡིན་ལ།  ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི2000ཡན་ཡོད།  ལོ་ཧྲིལ་བོར་ཆར་ཆུ་འབབ་ཚད་ཀྱི་ཁྱབ་ཚུལ་ཆ་སྙོམས་ཡིན།  ལོ་ལ་ལར་རྒྱུན་ལྡན་གྱི་གནམ་ཆུ་འབབ་ཚད་ལས་ལྡབ་གཅིག་གིས་མང་བ་ཡིན་པ་དང་ཡང་ལོ་ལ་ལར་ཡིན་རིང་ཐན་དུས་ཡིན་པས་ཆར་ཆུ་ཧ་ཅང་ཉུང་།   རིགས་གཉིས་པར་ཡ་མ་སུན་ས་ཁུལ་མང་ཆེ་ཤས་གཏོགས་པ་ཡིན་ཏེ།  དུས་ཚིགས་གཅིག་ལ་ཆར་ཆུ་འབབ་ཚད་ཧ་ཅང་ཉུང་བ་དང་དེས་སྐྱེ་དངོས་ཀྱི་སྐྱེ་ཚད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་མེད།  རིགས་གསུམ་པར་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ལྷོ་རྒྱུད་ས་ཁུལ་གཏོགས་པ་ཡིན། ནམ་ཟླ་རིམ་པ་ལྟར་པར་ཙིལ་དབུས་ཁུལ་དང་ནུབ་ཁུལ་གྱི་ནམ་ཟླར་འགྱུར་བ་དང་ཕྱེད་ལྷོ་མ་དགུན་དུས་ཡིན་དུས་མངོན་གསལ་གྱི་ཐན་དུས་ཞིག་བྱུང་། 

ཡ་མ་སུན་བདེ་ཐང་ས་བབ་དམའ་ཞིང་བདེ་ལ་ས་ཁུལ་མང་ཤས་ཀྱི་མཚོ་འཕགས་སྨི150མན་ཆད་ཡིན།   དེ་བས་འདི་རུ་ཆུ་རྒྱུན་གྱ་གྱུར་བཞུར་ཞིང་མཚེའུ་མང་བོ་ཡོད།  ཆར་མང་དང་བཞའ་ཚན་ཆེ་བ།  དྲོད་ཚད་མཐོ་བ་བཅས་ཆེས་མངོན་གསལ་གྱི་ནམ་ཟླའི་ཁྱད་ཆོས་ཡིན། 

4 ཆུ་དཔྱད།

ཡ་མ་སུན་གཙང་བོ་ནི་འཛམ་གླིང་ཐོག་བཞུར་ཚད་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ཆུ་རྒྱུན་ཡིན།  ཆུ་རྒྱུན་གྱ་གྱུར་ལུག་གི་རྒྱུ་མ་ལྟར་དུ་འཁྱིལ་ཞིང་མཚེའུ་སྐར་ཚོགས་བཞིན་ཁྱབ་པ་ཡིན།  ས་ཁུལ་མང་ཆེ་བར་ཆུ་བོ་བྲིག་དུས་སུ་ཆུ་ལོག་གི་གནོད་འཚེ་ཐེབས་པ་ཡིན།   

ཡ་མ་སུན་གཙང་བོའི་སྤྱིའི་རིང་ཚད་ལ་སྟོང་སྨི6400ཡོད་པ་དང་འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར་གྲགས།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་691.5ཡོད་པ་དེས་མེ་གླིང་བྱང་མའི་བརྒྱ་ཆའི་བཞི་བཅུ་ཟིན་པ་དང་།  འཛམ་གླིང་སྟེང་གི་བཞུར་ཚད་དང་འབབ་རྒྱུད་རྒྱ་ཁྱོན་ཆེས་ཆེ་བའི་གཙང་བོ་ཡིན་ལ།  འབབ་རྒྱུད་དུ་པར་ཙིལ་དང་ཕེ་རུ།  ཁོ་ལོམ་པི་ཡ།  པོ་ལི་ཝེ་ཡ། ཀུའེ་ཡ་ན། སུའུ་རི་ནན།  ཝེ་ནེ་ཙུའེ་ལ། ཨེ་ཁྭ་ཏོར་བཅས་རྒྱལ་ཁབ་བརྒྱད་ཡོད།  ཡ་མ་སུན་གཙང་བོའི་མགོ་ཁུངས་ཕེ་རུའི་ཧུའུ་ཁ་ཡ་ལི-ཨ་ཕུའུ་ལི་མ་ཁོ་ཆུ་ལག་ནས་བརྩིས་ན་རིང་ཐུང་ལ་སྟོང་སྨི6751ཡོད་ལ།  ཆེས་ནུབ་ཕྱོགས་ཀྱི་མགོ་ཁུངས་ནི་ཞི་བདེ་རྒྱ་མཚོ་ཆེན་པོར་སྟོང་སྨི་160ཙམ་ཡང་མེད་པའི་ཨན་ཏི་སི་རི་རྒྱུད་ཡིན་ལ་འབབ་ས་ནི་ནུབ་རྒྱ་མཚོ་ཆེན་པོ་ཡིན།   ལོ་རེར་ནུབ་རྒྱ་མཚོ་ཆེན་པོར་འབབ་པའི་བཞུར་ཚད་སྨི་ལྷམ་པ་དུང་ཕྱུར་ཁྲི6.6ཡིན་པ་འཛམ་གླིང་གི་གཙང་བོ་རྒྱ་མཚོ་ལ་འབབ་པ་སྤྱིའི་བཞུར་ཚད་ཀྱི་དྲུག་ཆའི་གཅིག་རེད།

ཚ་ཁུལ་ཆར་ནགས་ནམ་ཟླར་གཏོགས་པའི་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་གནམ་ཆུ་འབབ་ཚད་ཧའོ་སྨི2000ཡན་ཡིན། སྐམ་རློན་དུས་ཚིགས་ཀྱི་དབྱེ་བ་ཡོད་པ་དང་ཆར་བ་མང་ཤས་རློན་དུས་སུ་འབབ་པ་ཡིན།   ཆེས་ཆེ་བའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི22.5ཡིན།  ཆེས་ཆུང་བའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི9ཡིན།  སོ་སོར་ཟླ5ནས6དང་ཟླ11ནས12བྱུང་བ་ཡིན།  ཆ་སྙོམས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི17.5རེད། ཕལ་ཆེར་ཁོང་ཀོ་གཙང་བོའི་ལྡབ་བཞི་དང་འདྲ་ཞིང་སྨི་ཞི་ཞི་པི་གཙང་བོའི་ལྡབ10དང་འདྲ།  ཡ་མ་སུན་གཙང་བོའི་ལོ་རེའི་རྒྱ་མཚོ་ལ་འབབ་ཚད་སྨི་ལྷམ་པ་དུང་ཕྱུར་ཁྲི5.4ཡིན་པ་དེས་འཛམ་གླིང་གི་སྤྱིའི་འབབ་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད། 

ཡ་མ་སུན་གཙང་བོའི་འཕེལ་འགྲིབ་ནི་ཉིན་ཕྱེད་འཕེལ་འགྲིབ་ཀྱི་རིགས་སུ་གཏོགས་པ་དང་ཆེས་ཆེ་བའི་རྦ་རླབས་ཀྱི་ཧེ་བག་སྨི11.8ལས་མེད།  མ་ལ་ཁ་གླིང་ཕྲན་གྱི་ཉེ་འཁོར་ནས་རྒྱ་མཚོ་དང་གཙང་བོའི་སྟོད་རྒྱུད་ལ་རིམ་གྱིས་ཇེ་ཆུང་དུ་འགྲོ་བཞིན་ཡོད།  རླབས་རྒྱུན་གྱི་མྱུར་ཚད་སྐར་ཆ་རེར་སྨི2.5ཡིན། ཆུ་མདོ་ཁོད་ཡངས་ཤིང་སྟོད་ཕྱོགས་གུ་དོག་པའི་གཙང་བོའི་ས་བབ་དང་ཆུ་གཞུང་དུ་ཡོད་པའི་བྱེ་གླིང་མང་བོའི་འགོག་ཤུགས་ཀྱིས་ཆུ་རླབས་དྲག་པོའི་སྣང་ཚུལ་བྱུང་དུ་བཅུག་སྟེ།  རྦ་རླབས་ཀྱི་མཐོ་ཚད་ལ་སྨི1ནས2ཙམ་ཡོད།  ཆུ་ཆུང་བའི་དུས་སུ་སྨི5གཡས་གཡོན་དུ་ཐོན།  ཆུ་ལོག་གིས་རྦ་རླབས་རྒྱས་པ་རླུང་ཆེན་དང་འཕྲད་ཚེ་ཆུ་གནས་ཚད་ཆེན་པོས་ཇེ་མཐོར་འགྲོ་བ་ཡིན་ལ།  ཆུ་རླབས་སྨི15ནས30བར་ཐོན་པས་ངོགས་གཉིས་སུ་ཆུ་ལོག་གི་འཇིགས་པ་ཆེན་པོ་བྱུང་བ་ཡིན། 

དུས་ཚིགས་རང་བཞིན་གྱི་ཆར་ཆུ་འབབ་པ་དེས་ཡ་མ་སུན་གཙང་བོའི་གཞུང་ཆུ་དང་ཆུ་ལག་གང་ཡིན་ནའང་རྒྱུན་དུ་ཆུ་ལོག་རྒྱུག་པ་དང་། ཆར་དུས་སུ་ཆུ་གཞུང་གི་གཏིང་ཚད་ཆ་སྙོམས་སྨི40ལ་སླེབས།   ཞེང་ཆ་སྙོམས་སྨི38ཇེ་ཆེར་འགྲོ་བ་ཡིན།   ཟླ11ནས་ཆུ་བོ་རྒྱས་ཤིང་ཕྱི་ལོའི་ཟླ6བར་དུ་ཆུ་བོ་རྒྱས་པའི་དུས་ཡིན།  དེ་ནས་ཟླ10བར་ཆུ་བོ་འགྲིབ་པའི་དུས་ཡིན།  ཡིན་ཡང་གཞུང་ཆུ་དང་ཆུ་ལག་ལ་ལའི་ཆུ་བོ་འཕེལ་འགྲིབ་ཀྱི་དུས་གཅིག་མཚུངས་མིན་ཏེ།  ཆུ་ལག་ནེ་ཀོ་ལུའོ་གཙང་བོའི་ཆར་དུས་ནི་ཟླ2ནས3པར་མགོ་བརྩམས་ཤིང་ཟླ6པར་ཐོན་དུས་མར་འགྲིབ་པ་ཡིན།  ཡང་ཆུ་ལག་མ་ཏའེ་ལ་གཙང་བོའི་འཕེལ་འགྲིབ་དེ་གཞུང་ཆུ་དང་བསྡུར་ན་ཟླ་གཉིས་ཀྱི་སྔོན་ལ་སླེབས་པ་ཡིན། 

ཆུ་མདོའི་ཞེང་ལ་སྟོང་སྨི240ཡོད་ལ་གཙང་བོ་རྒྱས་པའི་དུས་ཀྱི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི28ཡིན།  འདི་ལྟ་བུའི་བཞུར་ཚད་ཆེན་པོས་ངོགས་གཉིས་ཀྱི་སྟོང་སྨི160ཚུན་གྱི་མཚོ་ཆུ་དེ་ཚྭ་མེད་ཆུ་ལ་གྱུར་ཡོད།  ཡ་མ་སུན་གཙང་བོ་དེ་གལ་ཏེ་མ་ལ་ཉི་ཝུང་གཙང་བོ་མགོ་ཁུངས་ཡིན་པར་ཆ་བཞག་ན་རིང་ཚད་སྟོང་སྨི6299ཡིན་ལ།  གལ་ཏེ་ཧུའུ་ཁ་ཡ་ལི་གཙང་བོ་མགོ་ཁུངས་ཡིན་པར་ཆ་བཞག་ན་རིང་ཚད་ལ་སྟོང་སྨི6436ཡོད་པས་ཉི་ལུའོ་གཙང་བོའི་རིང་ཚད་ལས་བརྒལ་འདུག་པ་འཛམ་གླིང་གི་གཙང་བོ་རིང་བོ་ཨང་དང་པོར་གྲགས་ལ་ཆུ་བོ་ཆེན་པོ་ཨང་དང་པོརའང་གྲགས་སོ། །ཆུ་མདོའི་ལོ་དུ་མའི་ཆ་སྙོམས་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་ཁྲི17.5ཡིན། ལོ་རེའི་བཞུར་རྒྱུག་ཚད་སྨི་ལྷམ་པ་དུང་ཕྱུར་ཁྲི་6.93ཡིན་ལ། ལོ་རེའི་ཆ་སྙོམས་བཞུར་རྒྱུག་གི་གཏིང་ཚད་ཧའོ་སྨི1200ཡིན།  ཆུ་བོའི་བཞུར་རྒྱུག་ཏུ་གཡེང་འཕྱོའི་བྱེ་རྡུལ་འདུས་ཚད་ལོ་རེའི་ཆ་སྙོམས་སྨི་ལྷམ་པ་རེར་སྟོང་ཁེ0.22ཡིན་ལ་བྱེ་མ་སྐྱེལ་འདྲེན་གྱི་ཚད་སྟོང་ཁེ་དུང་ཕྱུར10ཡིན།  ཆུ་རྒྱས་པའི་དུས་སུ།  དབུས་རྒྱུད་ཀྱི་མ་ནའོ་སི་ཉེ་འཁོར་དུ་ཆུའི་ཞེང་ལ་སྟོང་སྨི5ཙམ་ཡོད་ལ། སྨད་རྒྱུད་ཀྱི་ཞེང་ལ་སྟོང་སྨི20ཡོད།  ཆུ་མདོའི་ཁུལ་དུ་ཞེང་ལ་སྟོང་སྨི80ཡོད།  དུང་ཆེན་ཁའི་དབྱིབས་ལྟར་མདལ་བའི་ཆུ་མདོའི་མཚོ་ཁུག་གི་ཞེང་ལ་སྟོང་སྨི240ཡོད། 

ཡ་མ་སུན་གཙང་བོའི་ཆུ་རྒྱུན་ལ་ཁྱད་ཆོས་འགའ་ཡོད་དེ།

(1) བཞུར་འབོར་ཆེ་བ(ཐིག་དམར་ཉེ་འཁོར་དུ་ཡོད་པས་ཐིག་དམར་རླུང་གནོན་དམའ་མས་ཚོད་འཛིན་འོག་གནམ་ཆུ་ཧ་ཅང་ཕུན་སུམ་ཚོགས་པ་ཡོད) 

(2)ཆུ་གནས་ལ་འགྱུར་ལྡོག་ཆུང་བ (ཚ་ཁུལ་ཆར་ནགས་ནམ་ཟླར་གཏོགས་པས་ལོ་ཧྲིལ་བོར་གནམ་ཆུ་ཕུན་སུམ་ཚོགས) 

(3)འབབ་རྒྱུད་རྒྱ་ཆེ་བ(ཡ་མ་སུན་བདེ་ཐང་དུ་ཡོད)

(4) གཙང་རྒྱུན་དུ་བྱེ་མའི་འདུས་ཚད་ཆུང་བ(ཚ་ཁུལ་ཆར་ནགས་རྒྱ་ཆེར་ཁྱབ་པས་སྔོ་ཁེབས་ལེགས) 

(5)ཆུ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ(ཆུ་རྒྱུན་རི་ཁུལ་དང་བདེ་ཐང་བརྒྱུད་པས་མར་ལྟུང་ཚད་ཆེ་བ་དང་བཞུར་ཚད་ཆེ་བ)

(6)དར་ཆགས་པའི་སྐབས་དང་དར་ཞུ་བའི་སྐབས་ཀྱི་སྣང་ཚུལ་མེད་པ(ཚ་རྒྱུད་དུ་ཡོད་པས་གཙང་བོར་དར་མི་ཆགས)

5 རང་བྱུང་ཐོན་ཁུངས།

ཡ་མ་སུན་བདེ་ཐང་དུ་འཛམ་གླིང་ཐོག་སྐྱེ་དངོས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པོ་གསགས་ཡོད་ལ་སྐྱེ་དངོས་རིགས་མི་འདྲ་བ་ཁྲི་བརྒྱ་ལྷག་ཡོད།   དེ་ཡང་ཡ་མ་སུན་བདེ་ཐང་གི་སྐྱེ་དངོས་རིགས་མི་འདྲ་བ་མང་བོའི་ཁྲོད་དུ་ཁྱད་འཕགས་ཅན་གྱི་སྐྱེ་དངོས་ཀྱིས1/3ཟིན་པ་དང་། ནགས་ཚལ་གྱི་རྒྱ་མཚོ་ཁྲོད་དུ་སྨི་ལྷམ་པ་དུང་ཕྱུར8ཙམ་གྱི་ཤིང་ཆ་གསོག་འཇོག་བྱས་ཡོད་པ་དེས་འཛམ་གླིང་གི་ཤིང་ཆ་གསོག་ཚད་ཀྱི 1/5ཟིན་ཡོད།

ཡ་མ་སུན་གཙང་བོ་དེ་ཚྭ་མེད་ཆུའི་སྤྱན་གཟིགས་ཉ་མོའི་ཐོན་ཁུངས་གཙོ་ཡིན་པའི་རྐྱེན་གྱིས་འཛམ་གླིང་ལ་མིང་དུ་གྲགས་སོང་།  དེའི་ཕུན་སུམ་ཚོགས་ཤིང་མཚར་སྡུག་བཀྲ་བའི་ཚྭ་མེད་ཆུའི་སྤྱན་གཟིགས་ཉ་མོས་འཛམ་གླིང་གི་སྤྱན་གཟིགས་ཉ་མོར་དགའ་མཁན་དང་སྐྱེ་དངོས་རིག་པ་ཚོའི་ཡིད་ཀྱི་དུངས་པ་འདྲེན་བཞིན་ཡོད།

ཡ་མ་སུན་ཚྭ་ཁུལ་ཆར་ནགས་དེ་ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་བཞའ་ཚན་ཆེ་བའི་ནམ་ཟླ་ལ་རག་ལས་པ་ཡིན།   ཆར་ནགས་འདིའི་སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་འབུར་ཐོན་ཡིན།  འབུ་སྲིན་དང་རྩི་ཤིང་།  འདབ་ཆགས་སོགས་རིགས་ཁྲི་བརྒྱ་ལྷག་ཡོད་ལ་དེ་མང་ཤས་ཤིག་ཚན་རིག་པ་ཚོས་ད་དུང་ཟིན་ཐོར་བཀོད་མེད།   འདི་རུ་འབུ་སྲིན་རིགས་ཁྲི250དང་།  རྩི་ཤིང་རིགས་ཁྲི་ཡན་ཡོད།  འདབ་ཆགས་དང་འོ་འཐུང་སྲོག་ཆགས་རིགས2000ལྷག་ཡོད།  འཛམ་གླིང་གི་འདབ་ཆགས་སྤྱིའི་གྲངས་འབོར་གྱི་ལྔ་ཆའི་གཅིག་ཟིན་ཡོད།  ཆེད་མཁས་ལ་ལས་རགས་རྩིས་བྱས་པ་ལྟར་ན།   སྟོམ་སྨི་གྲུ་བཞི་མ་རེའི་ནང་དུ་ཧ་ལམ་ལྗོན་ཤིང་རིགས་མི་གཅིག་པ750ལྷག་ཡོད་པ་དང་མཐོ་རིམ་སྐྱེ་དངོས་རིགས་ཁྲི15ཡོད། 

ཡ་མ་སུན་གཙང་བོའི་ནང་དུ་ཆུ་སྐྱེས་སྐྱེ་དངོས་སྣ་ཚོགས་འཚོ་གནས་བྱས་ཡོད་ལ།  ཡ་མ་སུན་མཚོ་ཕག་ནི་འཛམ་གླིང་ཐོག་གཟུགས་དབྱིབས་ཆེས་ཆེ་བའི་ཚྭ་མེད་མཚོ་ཕག་ཡིན་ལ་རིང་ཚད་ལ་སྨི2.6ལྷག་ཡོད། ད་དུང་མི་ཟན་ཉ་ཡོད་ལ་དེ་དག་གིས་རྒྱུན་དུ་མི་དང་དུད་འགྲོ་ལ་ཚུར་རྒོལ་བྱེད་བཞིན་ཡོད།  ཆེད་མཁས་ལ་ལས་ཁོ་ཚོ་དེ་འདྲ་འཇིགས་སུ་རུང་བ་ཞིག་ཡིན་པར་མི་འདོད་མོད། སྤྱི་ལོ1981ལོར་ཨོ་པི་ཏའོ་སི་ནས་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཁྲོད་མི་ཟན་ཉས་ཚེ་སྲོག300འཕྲོག་པ་དོན་དངོས་ཡིན། ། 

ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་ཆུ་གཏིང་ཐུང་དུ་ཆུ་སྦྲུལ་ཆེན་པོ་ཡོད།  དེ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་སྦྲུལ་ཡིན་ལ་དུས་ཚོད་མང་ཆེ་བ་ཆུ་ནང་དུ་འཚོ་ཞིང་ནམ་ཡང་སྣ་ཁུང་ཆུ་ཁར་བུད་དེ་གནས་ལ་སྤྱིར་བཏང་དུ་ཉ་པར་ཚུར་རྒོལ་མི་བྱས།  ཆུ་ནང་དུ་ད་དུང་ཉའི་རིགས་དང་སྡིག་སྲིན་གྱི་རིགས། རུས་སྦལ་གྱི་རིགས་སོགས་སྟོང་ཕྲག་འགའ་ཤས་འཚོ་གནས་བྱེད་འདུག

“སའི་གོ་ལའི་གློ་བའི”མཚན་སྙན་ཐོབ་པའི་ཡ་མ་སུན་གཙང་བོའི་འབབ་རྒྱུད་དུ་རྩི་ཤིང་རིགས་མང་བ་འཛམ་གླིང་གི་ཨང་དང་པོ་ཡིན་ལ།  ལྗོན་ཤིང་མང་བོའི་རིང་ཚད་ལ་སྨི་དྲུག་ཅུ་ལྷག་ཡོད་པས་གནམ་འགེབས་ཉི་སྒྲིབ་བྱས་འདུག་པའི་རྐྱེན་གྱིས་ཐན་དུས་སུ་ནགས་ཚལ་གྱི་ས་ངོས་སྐྱ་ཐང་ཐང་དང་རུལ་མྱགས་སུ་སོང་བའི་ཡལ་འདབ་ལས་མེད།  ཡིན་ཡང་ཆུ་འཁྱིལ་སླ་བའི་ནགས་ཚལ་དུ་སྡོང་ཐུང་ལྗོན་ཤིང་དང་སྡོང་རིང་ལྗོན་ཤིང་གི་ཡལ་ག་ཚང་ཚིང་དུ་འཁྲིགས་ཡོད།  ཤིང་སྡོང་གི་ཡལ་འདབ་མཐོ་ས་ནས་དམའ་སར་རིམ་པ་ཆགས་ཡོད་ལ་རིམ་པ་སོ་སོར་སྐྱེས་སྟོབས་ཀྱིས་ཁེངས།  སྦ་ཤིང་དང་སྣ་མའི་མེ་ཏོག   ཤིང་ཏོག་ཧྥེང་ལི་སོགས་རྩི་ཤིང་དག་གིས་སྐྱེས་སྟོབས་ཀྱི་དཔལ་འགྲན་བཞིན་ཡོད།  སྤྲེལ་དང་སྡོང་སྲམ།  བྱ་སྦྲང་མ།  ནེ་ཙོ།  ཕྱེ་མ་ལེབ་ཆེ་བ།  གྲངས་མེད་པའི་ཕ་ཝང་སོགས་གནས་དེ་རུ་བབ་སྡོད་བྱས་ཡོད།   ཆུ་ནང་དུའང་ཁན་མོན་ཉ་ཆེན་རྨིགས་པ་དང་ཚྭ་མེད་རུས་སྦལ།  མཚོ་གླང་དང་མཚོ་ཕག་སོགས་འཚོ་གནས་བྱས་ཡོད།   སྐམ་སར་མེ་གླིང་གཟིག་དང་ཞི་ལ་སྐེད་ཕྲ།   མཚོ་ཕག་སོགས་འཚོ་གནས་བྱས་ཡོད། 

6 གྲུབ་རྐྱེན།

ཡ་མ་སུན་གཙང་བོས་བདས་བསགས་ཀྱིས་གྲུབ་པའི་རྒྱ་ཆེ་བའི་བདེ་ཐང་ས་དབྱིབས་ཡིན།

7 ཁོར་ཡུག་གི་གནད་དོན།

མིའི་རིགས་ཀྱིས་དུས་རབས16བ་ནས་ཡ་མ་སུན་བདེ་ཐང་གི་གདོད་མའི་ནགས་ཚལ་གསར་སྤེལ་གྱི་མགོ་བརྩམས་ཤིང་། སྤྱི་ལོ1970ལོར། པར་ཙིལ་གྱི་ཙུང་ཐུང་གིས་བྱང་ཤར་ས་ཁུལ་གྱི་དབུལ་ཕུངས་སེལ་ཆེད་དུ་ཡང་བསྐྱར“ཡ་མ་སུན་ས་ཁུལ་གསར་སྤེལ”ཞེས་པའི་ཐབས་ཇུས་བཏོན་པ་རེད། ཐབས་ཇུས་བཏོན་པ་དེས་ས་ཁུལ་དེའི་ལོ་རེའི་གདོད་མའི་ནགས་ཚལ་སྟོང་སྨི་གྲུ་བཞི་མ་ཁྲི8ཙམ་ལ་གཏོར་བརླག་ཐེབས་ཡོད། སྤྱི་ལོ1969ལོ་ནས་སྤྱི་ལོ1975ལོའི་བར་དུ། པར་ཙིལ་དབུས་ནུབ་རྒྱུད་དང་ཡ་མ་སུན་ས་ཁུལ་གྱི་ནགས་ཚལ་སྟོང་སྨི་གྲུ་བཞི་མ་ཁྲི11ལ་གཏོར་བརླག་ཐེབས། པར་ཙིལ་གྱི་ནགས་ཚལ་གྱི་རྒྱ་ཁྱོན་ལོ400སྔོན་དང་བསྡུར་ན་ཕྱེད་ཀའི་ཇེ་ཉུང་དུ་སོང་འདུག  ཚ་ཁུལ་ཆར་ནགས་ཇེ་ཉུང་དུ་སོང་བ་དེས་ནགས་ཚལ་གྱི་ཐོན་ཁུངས་ཇེ་ཉུང་དུ་སོང་བ་ཙམ་མ་ཡིན་པར་གོ་ལ་ཧྲིལ་བོའི་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའང་མཚོན་ཐུབ།  ནགས་ཚལ་ལ་ཆུ་རྩ་གསོ་འཁྱོངས་དང་ནམ་ཟླ་སྙོམ་སྒྲིག  བཙོག་སྐྱོན་ཇེ་ཆུང་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་བྱེད་ནུས་ཇེ་ཞན་དུ་འགྲོ་བ་ཡིན། ཡ་མ་སུན་བདེ་ཐང་གི་ཚ་ཁུལ་ཆར་ནགས་ནམ་ཟླས་གོ་ལ་ཧྲིལ་བོ་དང་གོ་ལ་ཧྲིལ་བོར་འཚོ་གནས་བྱས་པའི་སྐྱེ་དངོས་ཐམས་ཅད་ཀྱི་བདེ་ཐང་ལ་དེ་བས་གལ་ཆེའོ། །

ཚ་ཁུལ་ཆར་ནགས་དེ་ཧ་ཅང་ཆེ་བའི་འདྲེན་གཏོང་འཕྲུལ་ཆས་ཤིག་དང་འདྲ་བར།  ལོ་རེར་གོ་ལ་ཧྲིལ་བོས་ཕྱིར་གཏོང་བྱས་པའི་དབྱང་གཉིས་ཐཱན་རྫས་མང་བོ་ཞིག་ནགས་ཚལ་གྱིས་འཇིབ་པ་དང་།  རླུང་གཟུགས་འདི་རིགས་མང་བོ་གསོག་འཇོག་བྱས་པ་དེས་སའི་གོ་ལ་ཇེ་དྲོར་འགྲོ་བ་དང་། སྣེ་གཉིས་འཁྱགས་པས་བཏུམས་པ་དེ་རིམ་གྱིས་ཞུ་བས་ཆུ་ལོག་གང་སར་ཁྱབ་ཡོད།  ལྗོན་ཤིང་ལས་ཐོན་པའི་དབྱང་དབུགས་ནི་མིའི་རིགས་དང་སྲོག་ཆགས་ཀྱི་ཚེ་སྲོག་ལ་ངེས་པར་མཁོ་བ་ཡིན། ཡ་མ་སུན་ཚ་ཁུལ་ཆར་ནགས་ལ“སའི་གོ་ལའི་གློ་བ”ཟེར་བའི་མཚན་སྙན་ཡང་ཐོབ་ཡོད། གལ་ཏེ། ཡ་མ་སུན་གྱི་ནགས་ཚལ་ཡོད་ཚད་བཅད་ཚར་བའི་དབང་དུ་བཏང་ན་སའི་གོ་ལའི་ཐོག་གི་མིའི་རིགས་ཀྱི་འཚོ་གནས་སྲུང་འཛིན་ལ་མཁོ་བའི་དབྱང་དབུགས1/3ཇེ་ཉུང་དུ་འགྲོ་བ་ཡིན།  ཆར་ནགས་ས་ཁུལ་ལ་ལའི་ལྗོན་ཤིང་སྐྱེས་པ་ཧ་ཅང་མཐོ་སྟེ་སྨི60ཡན་ལ་ཐོན་ཡོད། ཆར་གདུགས་དང་འདྲ་བའི་ལོ་མ་ཆེན་པོ་དེ་དག་གིས་ཉི་འོད་ཡོངས་སུ་བསྒྲིབས་པས། ལྗོན་ཤིང་གི་འོག་ཏུ་སྐྱེ་དངོས་དམའ་ཤས་སྐྱེས་ཐུབ་ཀྱིན་མེད།

ཚ་ཁུལ་ཆར་ནགས་དེ་ཧ་ཅང་ཆེ་བའི་ཆུ་འདྲེན་འཕྲུལ་འཁོར་ཞིག་དང་འདྲ་བར། ས་རྒྱུ་ཁྲོད་ཀྱི་རླན་གཤེར་འབོར་ཆེན་བསྡུ་ལེན་བྱས་པ་དང་། དེ་ནས་རླུང་འགྱུར་གྱི་བྱེད་ནུས་ལ་བརྟེན་ནས་རླན་གཤེར་ཁ་དབུགས་ཁྲོད་དུ་ཁྱབ་པ་ཡིན། གཞན་ནགས་ཚལ་གྱི་ས་རྒྱུའི་ཆུ་སིམ་པ་ཅུང་བཟང་བོ་ཡོད་སྟབས། གནམ་ཆུ་མང་བོ་བསྡུ་ལེན་དང་རང་སོར་འཇོག་ཐུབ་པ་ཡིན།  ཡ་མ་སུན་ཚ་ཁུལ་ཆར་ནགས་ཀྱི་ཚ་མེད་ཆུའི་གསོག་ཚད་ནི་ས་ངོས་ཀྱི་ཚ་མེད་ཆུའི་གསོག་ཚད་ཀྱིས23%ཟིན་ཡོད། ནགས་ཚལ་བཅད་པ་ཚད་ལས་བརྒལ་བ་དེས་ས་རྒྱུ་བསླད་པ་དང་ས་རྒྱུ་བྱེ་འགྱུར་དུ་གྱུར་བས་ས་ཆུ་ཤོར་བའི་གནས་ཚུལ་བྱུང་བ་ཡིན། པར་ཙིལ་བྱང་ཤར་གྱི་ས་ཁུལ་འགའ་ཤོས་སུ་ནགས་ཚལ་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་ས་ཁུལ་དེ་དག་ཐན་ཁུལ་ཏུ་གྱུར་བ་དང་ཆེས་དབུལ་ཕུངས་ཀྱི་གནས་སུ་ལྷུང་ཡོད། ཕེ་རུ་རྒྱལ་ཁབ་ནས། ནགས་ཚལ་ལ་གཏོར་བརླག་ཆེན་པོ་ཐེབས་པས། སྤྱི་ལོ1925ལོ་ནས་སྤྱི་ལོ1980ལོའི་བར་གཞི་ཁྱོན་ཅུང་ཆེ་བའི་འདམ་རྡོའི་ཆུ་རུད་ཐེངས4300བྱུང་བ་དང་རི་ངོས་ས་རྡོ་བཤུད་ཐེངས193བྱུང་། ཐད་ཀར་གྱིས་ཤི་བའི་མིའི་ཁ་གྲངས་ཁྲི4.6ལ་ཐོན། ཡ་མ་སུན་བདེ་ཐང་གི་ལོ་རེར་སྟོང་སྨི་གྲུ་བཞི་མ་ཁྲི0.3གྱི་མཐུག་ཚད་ལ་ལི་སྨི20ཡོད་པའི་ས་ངོས་རྒྱ་མཚོ་ནང་དུ་བདས་པ་ཡིན། གཞན།  ནགས་ཚལ་དེ་ནི་གཞི་རྒྱུའི་མཛོད་ཁང་ཆེན་པོ་ཞིག་ཡང་ཡིན་ཏེ། སའི་གོ་ལའི་ཐོག་གི་དངོས་རིགས་ཧ་ལམ་ཁྲི1000ནང་དུ།  ཁྲི200ནས400ལྷག་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་ནགས་ཚལ་ཁྲོད་དུ་ཡོད། ཡ་མ་སུན་གཙང་བོའི་འབབ་རྒྱུད་ཀྱི་སྟོང་སྨི་གྲུ་བཞི་མ0.08ཡས་མས་ཀྱི་མ་དཔེ་ཟུར་ལེན་གྱི་ས་དུམ་ཐོག་ཏུ་འབུ་སྲིན་རིགས་ཁྲི4.2རྙེད་ཐུབ། ཡ་མ་སུན་ཚ་ཁུལ་ཆར་ནགས་ཁྲོད་དུ་སྟོང་སྨི་གྲུ་བཞི་མ་རེའི་ཐོག་ནས་སྐྱེ་དངོས་རིགས་མི་གཅིག་པ1200ལྷག་ཡོད་ལ། སའི་གོ་ལའི་ཐོག་གི་སྲོག་ཆགས་དང་རྩི་ཤིང་གི1/5གནས་འདི་ནས་སྐྱེ་བ་ཡིན།  དེའི་རྐྱེན་གྱིས་ཚ་ཁུལ་ཆར་ནགས་མང་བོ་བཅད་པས། ས་ཁུལ་དེ་ན་ཉིན་གཅིག་ལ་དངོས་རིགས་གཅིག་རྩ་མེད་འགྲོ་བཞིན་ཡོད།  ཚོད་དཔག་བྱས་པ་ལྟར་ན། འདི་ལྟར་ཚ་ཁུལ་ཆར་ནགས་ཇེ་ཉུང་དུ་སོང་། ལོ་དུ་མའི་རྗེས་སུ་མ་མཐའ་ཡང་སྲོག་ཆགས་དང་རྩི་ཤིང་རིགས་ཁྲི50ནས80རྩ་མེད་དུ་འགྲོ་ཉེན་ཆེ་རེད་ཟེར། 


བརྡ་འགྲེལ་གདོང་འཛར།

ས་ཁམས། བདེ་ཐང་། ཡ་མ་སུན་བདེ་ཐང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།