ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >གཞན་དག

ཧུའོ་ཡན་རི་བོ།

ཧུའོ་ཡན་ཧྲན་ནི་རྒྱ་ནག་སྐད་དེ་མེ་ལྕེ་དགུང་དུ་མཆེད་པའི་རི་བོ་ཞེས་པའི་དོན་ཡིན་པ་རེད། རི་བོ་ཧུའོ་ཡན་ཧྲན་ནི་ཞིན་ཅང་གི་ཐུའུ་ལུའུ་ཧྥན་གཤོང་སའི་དཀྱིལ་དབུས་སུ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི་གོ་བརྒྱད་ཡོད་པ་དང་། ཞེང་ལ་སྟོང་སྨི་དགུ་ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་ལྔ་བརྒྱ་མཆིས། འདི་ནི་རྒྱལ་ཡོངས་ཀྱི་ཚ་བ་ཆེས་ཆེ་བའི་ས་གནས་ཡིན།

རིགས་དབྱེ།  

ཁི་ལུའོ་ལ་ཏུའོ་གྲོག་རོང་ཆེན་པོ།

ཁི་ལུའོ་ལ་ཏུའོ་གྲོག་རོང་ནི་ཨ་མེ་རི་ཁའི་ནུབ་ཁུལ་གྱི་ཡཱ་ལེ་སང་ན་ཀྲོའུ་ཡི་ནུབ་བྱང་གི་ཁའེ་པ་པུའུ་མཐོ་སྒང་དུ་མཆིས་ལ། སྤྱིའི་རིང་ཚད་ལ་སྟོང་སྨི446ཡོད། དེ་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གྲོག་རོང་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན། གྲོག་རོང་དེའི་རྣམ་པ་དོ་མི་མཉམ་ཞིང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྟོང་སྨི16དང་ཆེས་ཟབ་སར་སྨི1740ཡོད། ཤིན་ཏུ་རིང་བའི་གྲོག་རོང་དེ་ཁོད་ཡངས་དོག་གཉིས་སུ་ཡོད་ལ། བྲག་ངོས་ཀྱི་དབྱིབས་སྣ་ཚོགས་སུ་ཡོད་པ་དང་ཀྱག་ཀྱོག་ཆེ་བས་གཏུམ་དྲག་ཆེ་བའི་སྦྲུལ་ཆེན་ཞིག་ཁའེ་པ་པུའུ་མཐོ་སྒང་དུ་གོག་འགྲོག་བྱེད་པ་དང་མཚུངས།

རིགས་དབྱེ།  

ཁྲ་མདུང་ཆུ་ཁ།

ཁྲ་མདུང་ཆུ་ཁ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ཕྱུགས་ས་ཞིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

གཡང་ར་གདོང་ལམ།

གཡང་ར་གདོང་ལམ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ལམ་ཞིག་ཡིན་ལ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

བསང་ཁྲི་མཐོན་པོ།

བསང་ཁྲི་མཐོན་པོ་འདི་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མངའ་ཁོངས་ཀྱི་རི་ཞིག་སྟེ། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3600ཡོད།

རིགས་དབྱེ།  

རང་འཐག་སྣ།

རང་འཐག་སྣ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་གདོང་སྣ་ཞིག་སྟེ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

བཏུལ་ཐང་ཚོང་ལམ།

བཏུལ་ཐང་ཚོང་ལམ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ཆབ་ཆ་གྲོང་རྡལ་དང་། ཐེ་གེ་ཡུལ་ཚོ། བྲག་དཀར་རྫོང་གི་དཔལ་ཁ་གྲོང་རྡལ་སོགས་ཀྱི་མངའ་ཁོངས་སུ་གནས་ཤིང་། ཆབ་ཆ་གྲོང་རྡལ་མངའ་འོག་གི་ས་ཕྱུག་སྡེ་བའི་ནུབ་བྱང་གི་རྒྱུད་དང་། བཏུལ་ཐང་བར་མ་དང་། བཏུལ་ཐང་ཞོལ་མ། དཔལ་ཁ་གྲོང་རྡལ་ཁོངས་རོལ་གྱི་རྡོ་དཀར་ཉག་ཁ་སོགས་བརྒྱུད་ནས་དབུས་ཕྱོགས་སུ་འཐེན་འདུག་པའི་གནའ་བོའི་བོད་ཀྱི་ཚོང་ལམ་རྙིང་བ་ཞིག་ཡིན།

རིགས་དབྱེ།  

བུའུ་ཅི་ཆུ་ཁ།

བུའུ་ཅི་ཆུ་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོའི་མངའ་ཁོངས་ཀྱི་ཆུ་མིག་དུ་མ་ཡོད་སའི་ཕྱུགས་ས་ཞིག་གི་མིང་ཡིན་ལ། ཐེ་གེ་ཡུལ་ཚོ་སྲིད་གཞུང་གི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད།

རིགས་དབྱེ།  

ས་སྐྱའི་རྡོ་བརྐོས།

ས་སྐྱའི་རྡོ་བསྐོས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་རྡོ་བསྐོས་ཤིག་ཡིན་ལ། རྡོ་བརྐོས་ཀྱི་གསུང་རྟེན་འདི་ནི་ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཆུ་རིང་།

ཆུ་རིང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ7ཙམ་གྱི་མཚམས་ན་ཡོད་ཅིང་། ལུང་བ་ཁ་ནུབ་ལྟ་ཞིག་ཡིན།

རིགས་དབྱེ།  

ཉག་ཁ་སྔོ་རིས།

ཉག་ཁ་སྔོ་རིས་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ཉག་ཁ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད།

རིགས་དབྱེ།  

ཉི་མ་ལུང་།

ཉི་མ་ལུང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་ལུང་བ་ཞིག་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་ན་ཡོད། ལུང་བ་ཁ་ནུབ་ལྟ་ཞིག་ཡིན།

རིགས་དབྱེ།  

དགུག་གྱོད་པུ།

དགུག་གྱོད(གྲོད)པུ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་མངའ་ཁོངས་ཀྱི་འོབས་ར་ཞིག་སྟེ། ཆོས་རྗེ་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ28ཀྱི་མཚམས་ན་ཡོད།

རིགས་དབྱེ།  

དུང་དཀར།

དུང་དཀར་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ་མངའ་ཁོངས་ཀྱི་སྒང་ཞིག་ཡིན་ལ། ཨིར་སྟི་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3470ཡོད།

རིགས་དབྱེ།  

མཐའ་རྒན་སྒང་།

མཐའ་རྒན་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་རྡོ་རིས་ཚང་སྡེ་བའི་ཤར་ཕྱོགས་སུ་སྨི100ཙམ་གྱི་མཚམས་ན་ཡོད་ཅིང་། ཨ་མྱེས་རྟ་ཁ་སྒང་གི་རི་རྒྱུད་ཅིག་ཡིན།

རིགས་དབྱེ།  

མཚེར་ཐང་རི་རྒན།

མཚེར་ཐང་རི་རྒན་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་མཚེར་ཐང་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཡོད། རི་རྒྱུད་ལྷོ་ནས་བྱང་དུ་མཆེད་ཅིང་། རིང་ཚད་ལ་སྤྱི་ལེ10ལྷག་དང་མཐོ་ཚད་ལ་མཚོ་ངོས་ལས་སྨི2914ཡོད།

རིགས་དབྱེ།  

སྟོང་ཆེ་བྱེ་ལ།

སྟོང་ཆེ་བྱེ་ལ་ཞེས་པ་ནི་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་འབུམ་སྐུ་དཔོན་ཚང་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2900ཡོད། ལྷོ་ནས་བྱང་དུ་མཆེད་འདུག

རིགས་དབྱེ།  

སྟོང་ཆེ་བྱེ་ལ།

སྟོང་ཆེ་བྱེ་ལ་ཞེས་པ་ནི་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་འབུམ་སྐུ་དཔོན་ཚང་སྡེ་བའི་ནུབ་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2900ཡོད། ལྷོ་ནས་བྱང་དུ་མཆེད་འདུག

རིགས་དབྱེ།  

མ་བུག་འགག

མ་བུག(ཕུགས)འགག་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་བ་བརྒྱ་སྡེ་བ་དང་ཀབ་རོན་ཡུལ་ཚོའི་མ་བུག་སྡེ་བ་གཉིས་ཀའི་བར་རྒྱུད་དུ་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ7ལྷག་དང་། ཞེང་ཚད་ལ་སྨི500ཙམ་ཡོད།

རིགས་དབྱེ།  

ལ་བདུན།

ལ་བདུན་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་བ་བརྒྱ་སྡེ་བའི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ12ཀྱི་མཚམས་སུ་ཡོད་ཅིང་། སྟོང་ཆེ་ས་ཁུལ་གྱི་སྟོན་དགུན་གྱི་རྩྭ་ས་ཡིན་ལ། ཕྱུགས་ཟོག་ཆུ་ཁར་འདེད་སའི་བགྲོད་ལམ་གཙོ་བོ་ཡང་ཡིན།

རིགས་དབྱེ།  

ཕོ་རོག་ཚང་སྣ།

ཕོ་རོག་ཚང་སྣ་ཞེས་པ་ནི་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ2ལྷག་གི་མཚམས་ན་ཡོད།

རིགས་དབྱེ།  

བྲག་དཀར།

བྲག་དཀར་ཞེས་པ་ནི་བྲག་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ21གི་མཚམས་ཏེ་མེ་ལོང་དགོན་པའི་ཤར་ཕྱོགས་སུ་ཡོད་ཅིང་། ཤར་ནས་ནུབ་ཏུ་མཆེད་འདུག མཐོ་ཚད་ལ་མཚོ་ངོས་ལས་སྨི2500ཡོད།

རིགས་དབྱེ།  

རྡར་ཆེ་ཆུང་།

རྡར་ཆེ་ཆུང་ཞེས་པ་ནི་བྲག་རི་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ཀྱི་གཉན་ལུང་ན་ཡོད་ཅིང་། རི་རྒྱུད་ཤར་ནས་ནུབ་ཏུ་མཆེད་འདུག བྲག་རི་འདིའི་མདོག་ནི་རྡོ་ཐལ་དཀར་པོའི་མདངས་ལྟར་གསལ་བ་དང་། འདིའི་ནུབ་བྱང་རྒྱུད་ཀྱི་སྲིབ་ངོས་སུ་ཤིང་ཕྲན་གྱི་ནགས་རྫུབ་ཡོད་པར་མ་ཟད། ད་དུང་ཤིང་སྟག་པ་དང་གསོམ་པ། རི་ལྕང་ལ་སོགས་པའི་ལྗོན་ཤིང་གི་རིགས་ཀྱང་མང་དུ་སྐྱེས་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3588ཡོད།

རིགས་དབྱེ།  

ཀརྨ་བུ་ཁྲི།

ཀརྨ་བུ་ཁྲི་ཞེས་པ་ནི་གནའ་བོའི་གནས་རྙིང་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ16གི་མཚམས་ཏེ། སེར་ཐོ་ལུང་བའི་མདོ་དང་། དཀར་འཇམ་རི་བོའི་གཡས་འདབས་སུ་ཡོད།

རིགས་དབྱེ།  

བྲག་མདའ་བསྒྱིངས།

བྲག་མདའ་བསྒྱིངས་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་བྲག་རི་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ13ཙམ་གྱིས་ཆོད་པའི་གོ་ར་ཆུའི་ལྷོ་འགྲམ་དུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3000ལྷག་མཆིས།

རིགས་དབྱེ།  

རྫ་དམར་སྨན་སྒང་།

རྫ་དམར་སྨན་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་རྫ་རི་ཞིག་སྟེ། འཕྲང་དམར་གྲོང་རྡལ་གྱི་རྐང་ཚ་གོང་མ་སྡེ་བའི་ལྷོ་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ60ཡི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4170མཆིས།

རིགས་དབྱེ།  

གསེར་མང་ཁ་ཡ།

གསེར་མང་ཁ་ཡ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་བྲག་སྣ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ཏེ། མཛོ་སྣ་སྡེ་བའི་རྒྱབ་ཕྱོགས་ཀྱི་རྨ་ཆུའི་བྱང་འགྲམ་དུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2801ཡོད།

རིགས་དབྱེ།  

བར་གདོང་།

བར་གདོང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་གདོང་ཁ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་གྱི་སྟག་ལུང་དང་རྡོ་ར་སྡེ་བའི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ6གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4163ཡོད།

རིགས་དབྱེ།  

ཁྱ་ལྡང་སྣ་ཁ།

ཁྱ་ལྡང་སྣ་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་གདོང་སྣ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཕལ་ཆེར་སྤྱི་ལེ4ཡི་མཚམས་ཀྱི་རྨ་ཆུའི་འགྲམ་ངོགས་སུ་ཡོད་ཅིང་། ཏིག་གཏེར་སྒང་གི་རི་ལག་ཅིག་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི2804ཡོད།

རིགས་དབྱེ།  

ཐོང་ལྕགས་སུམ་སྣ།

ཐོང་ལྕགས་སུམ་སྣ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་གདོང་སྣ་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡི་མཚམས་ཀྱི་ལུང་ཕྲན་ཞེས་པའི་ཕུ་མགོ་རུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4170ཡོད།

རིགས་དབྱེ།