ཁི་ལུའོ་ལ་ཏུའོ་གྲོག་རོང་ཆེན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁི་ལུའོ་ལ་ཏུའོ་གྲོག་རོང་ཆེན་པོ།
ཁི་ལུའོ་ལ་ཏུའོ་གྲོག་རོང་ནི་ཨ་མེ་རི་ཁའི་ནུབ་ཁུལ་གྱི་ཡཱ་ལེ་སང་ན་ཀྲོའུ་ཡི་ནུབ་བྱང་གི་ཁའེ་པ་པུའུ་མཐོ་སྒང་དུ་མཆིས་ལ། སྤྱིའི་རིང་ཚད་ལ་སྟོང་སྨི446ཡོད། དེ་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གྲོག་རོང་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན། གྲོག་རོང་དེའི་རྣམ་པ་དོ་མི་མཉམ་ཞིང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྟོང་སྨི16དང་ཆེས་ཟབ་སར་སྨི1740ཡོད། ཤིན་ཏུ་རིང་བའི་གྲོག་རོང་དེ་ཁོད་ཡངས་དོག་གཉིས་སུ་ཡོད་ལ། བྲག་ངོས་ཀྱི་དབྱིབས་སྣ་ཚོགས་སུ་ཡོད་པ་དང་ཀྱག་ཀྱོག་ཆེ་བས་གཏུམ་དྲག་ཆེ་བའི་སྦྲུལ་ཆེན་ཞིག་ཁའེ་པ་པུའུ་མཐོ་སྒང་དུ་གོག་འགྲོག་བྱེད་པ་དང་མཚུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科罗拉多大峡谷
ཕྱི་ཡིག་གི་མིང་།
Grand Canyon National Park
ཁོངས་གཏོགས་རྒྱལ་ཁབ།
ཨ་རི།
སྲིད་འཛིན་ས་ཁུལ་རིགས་དབྱེ།
ཡ་ལི་སང་ན་ཁུལ།
ཁོངས་གཏོགས་ས་ཁུལ།
ཨ་རིའི་ནུབ་ཕྱོགས།
གནས་ཡུལ།
ཡ་ལི་སང་ན་ཁུལ་ནུབ་བྱང་ཕྱོགས་ཀྱི་ཁའེ་པ་པུའུ་མཐོ་སྒང་།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2724
རིང་ཚད།
སྟོང་སྨི446
ཟབ་ཚད།
ཆ་སྙོམས་སྨི1600
ཞེང་ཚད།
ཆ་སྙོམས་སྟོང་སྨི16
རྒྱལ་སྤྱིའི་མཛའ་མཐུན་སྤྱི་གླིང་།
ལྕམ་སྲིང་སྤྱི་གླིང་། ཡུན་ཐའེ་ཧྲན།
1 ངོ་སྤྲོད།

སྤྱི་ལོ1869ལོར་ཨ་མེ་རི་ཁའི་ཉེན་བརྟག་ཚོ་ཆུང་ཞིག་ཁི་ལུའོ་ལ་ཏུའོ་གྲོག་རོང་ཆེན་པོར་འབྱོར་དུས། གནས་དེ་གའི་ཡུལ་ལྗོངས་ཀྱིས་ཧ་ལས་སུ་བཅུག ཉི་མའི་འོད་སྣང་ལས་གྲོག་རོང་ཆེན་པོའི་བྲག་རྡོ་ནི་རི་མོའི་ཤོག་དྲིལ་ཞིག་དང་འདྲ་བར་ཁ་དོག་སྣ་ཚོགས་སུ་སྣང་། གཡང་གཟར་བྲག་རིའི་རྟིང་རིམ་དུ་ཁི་ལུའོ་ལ་ཏུའོ་ཆུ་བོ་དྲག་ཏུ་འབབ་བཞིན་ཡོད།

ཁི་ལུའོ་ལ་ཏུའོ་གྲོག་རོང་ནི་ཨ་མེ་རི་ཁའི་ནུབ་ཁུལ་གྱི་ཡཱ་ལེ་སང་ན་ཀྲོའུ་ཡི་ནུབ་བྱང་གི་ཁའེ་པ་པུའུ་མཐོ་སྒང་དུ་མཆིས་ལ། སྤྱིའི་རིང་ཚད་ལ་སྟོང་སྨི446ཡོད། དེ་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གྲོག་རོང་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན། གྲོག་རོང་དེའི་རྣམ་པ་དོ་མི་མཉམ་ཞིང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྟོང་སྨི16དང་ཆེས་ཟབ་སར་སྨི1740ཡོད། ཤིན་ཏུ་རིང་བའི་གྲོག་རོང་དེ་ཁོད་ཡངས་དོག་གཉིས་སུ་ཡོད་ལ། བྲག་ངོས་ཀྱི་དབྱིབས་སྣ་ཚོགས་སུ་ཡོད་པ་དང་ཀྱག་ཀྱོག་ཆེ་བས་གཏུམ་དྲག་ཆེ་བའི་སྦྲུལ་ཆེན་ཞིག་ཁའེ་པ་པུའུ་མཐོ་སྒང་དུ་གོག་འགྲོག་བྱེད་པ་དང་མཚུངས།

གྲོག་རོང་ཆེན་པོ་དེ་ནི་ཁི་ལུའོ་ལ་ཏུའོ་ཆུ་བོའི་ཕུལ་བྱུང་བརྩམས་ཆོས་ཏེ། ཆུ་བོའི་རྒྱུན་ཁི་ལུའོ་ལ་ཏུའོ་མཐོ་སྒང་བརྒྱུད་དུས། རྒྱུན་ཆད་མེད་པར་དེ་གའི་བྲག་རྡོ་བྲུས་པ་དང་བཤལ་བས་ད་གཟོད་ད་ལྟའི་རྣམ་པ་དེ་བྱུང་བ་རེད། གྲོག་རོང་དེའི་ཞབས་ནས་ཁའི་བར་གྱི་བྲག་ངོས་སུ་བརྩེགས་རིམ་དུ་ཆགས་པའི་བྲག་རྡོ་ཡིན། དེ་དག་ལ་ཧན་ཝུའུ་ནས་གསར་ཐོན་དུས་རབས་སོ་སོའི་སའི་ཆགས་རིམ་གྱི་དབྱེ་བ་གསལ་ཞིང་ཁ་དོག་ཀྱང་གཅིག་འདྲ་མིན། ད་དུང་ས་གཤིས་དུས་རིམ་སོ་སོའི་སྐྱེ་དངོས་ཀྱི་འགྱུར་རྡོ་ཡང་ཡོད་པས། མི་རྣམས་ཀྱིས་གྲོག་རོང་ཆེན་པོ་དེ་ནི་ས་གཤིས་ལོ་རྒྱུས་ཀྱི་སློབ་དེབ་གསོན་པོ་ཞེས་བསྔགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།