ཧུའོ་ཡན་རི་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའོ་ཡན་རི་བོ།
ཧུའོ་ཡན་ཧྲན་ནི་རྒྱ་ནག་སྐད་དེ་མེ་ལྕེ་དགུང་དུ་མཆེད་པའི་རི་བོ་ཞེས་པའི་དོན་ཡིན་པ་རེད། རི་བོ་ཧུའོ་ཡན་ཧྲན་ནི་ཞིན་ཅང་གི་ཐུའུ་ལུའུ་ཧྥན་གཤོང་སའི་དཀྱིལ་དབུས་སུ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི་གོ་བརྒྱད་ཡོད་པ་དང་། ཞེང་ལ་སྟོང་སྨི་དགུ་ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་ལྔ་བརྒྱ་མཆིས། འདི་ནི་རྒྱལ་ཡོངས་ཀྱི་ཚ་བ་ཆེས་ཆེ་བའི་ས་གནས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
火焰山
ཕྱི་ཡིག་གི་མིང་།
Flaming Mountains
གནམ་གཤིས།
སྐམ་ས་རང་བཞིན་གྱི་ཐན་པ་ཐང་རྒོད་ནམ་ཟླ།
མཛེས་ལྗོངས་རིམ་ཚད།
རིམ་ཚད AAAA
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
ཞིན་ཅང་ཞིང་ཆེན་ཐུའུ་ལུའུ་ཧྥན་གྲོང་ཁྱེར།
མཛེས་ལྗོངས་གྲགས་ཆེན།
ཐའོ་ཨེར་ལུང་བ། མུའུ་ཐོའུ་ལུང་བ། ཐུའུ་ཡུས་ལུང་པ་སོགས།
ཡུལ་སྐོར་དུས་ཚིགས།
སྟོན་ཀ
1 ངོ་སྤྲོད།

ཚང་མས་ཤེས་གསལ་ལྟར་ཞིན་ཅང་དུ་རི་བོ་ཧུའོ་ཡན་ཞེས་པ་ཞིག་ཡོད་པ་དང་། འདི་ནི་རྒྱའི་གནའ་རབས་ཀྱི་རྩོམ་པ་པོ་གྲགས་ཅན་ཝུའུ་ཁྲེང་ཨེན་གྱིས་བརྩམས་པའི《ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་ཟིན་ཐོ》ལས་ཐང་སིན་བླ་མ་རྒྱ་གར་དུ་ཆོས་ལེན་དུ་འགྲོ་བའི་དུས་སུ། མེ་ལྕེ་དགུང་དུ་མཆེད་པའི་རི་བོ་ཞིག་གིས་ཁོ་ཚོའི་འགྲོ་ལམ་བཅད་པ་དང་། སུན་ཝུའུ་ཁུང་གིས་ཆུ་ཤིང་ལོ་མའི་རླུང་གཡབ་ཐེངས་གསུམ་ལ་གཡབ་བའི་གཏམ་རྒྱུད་ཡོད་པ་དེ་ནི་ཡོངས་གྲགས་སུ་ཞིན་ཅང་དུ་ཡོད་པའི་རི་བོ་ཧུའོ་ཡན་འདི་ཡིན་པར་བཤད། ཧུའོ་ཡན་ཧྲན་ནི་རྒྱ་ནག་སྐད་དེ་མེ་ལྕེ་དགུང་དུ་མཆེད་པའི་རི་བོ་ཞེས་པའི་དོན་ཡིན་པ་རེད། རི་བོ་ཧུའོ་ཡན་ཧྲན་ནི་ཞིན་ཅང་གི་ཐུའུ་ལུའུ་ཧྥན་གཤོང་སའི་དཀྱིལ་དབུས་སུ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི་གོ་བརྒྱད་ཡོད་པ་དང་། ཞེང་ལ་སྟོང་སྨི་དགུ་ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་ལྔ་བརྒྱ་མཆིས། འདི་ནི་རྒྱལ་ཡོངས་ཀྱི་ཚ་བ་ཆེས་ཆེ་བའི་ས་གནས་ཏེ། ཆེས་མཐོ་བའི་དྲོད་ཚད47.8℃ལ་བསླེབས་པ་དང་། ས་ངོས་ཀྱི་ཆེས་མཐོ་བའི་དྲོད་ཚད་ལ70℃ལྷག་ཡོད། གནས་འདིའི་རི་སྒང་ནི་རྡེའུ་ཟེགས་དམར་བོས་གྲུབ་པ་དང་། རི་མགོར་སྐྱེ་དངོས་གཅིག་ཀྱང་སྐྱེས་མེད་པས།  ས་གནས་ཀྱི་མི་ཡིས་རི་དམར་ཞེས་འབོད། དབྱར་དུས་ཚ་བ་ཆེ་བའི་དུས་སུ། ས་ངོས་ཀྱི་ཚ་བའི་རྒྱུན་མི་ཆད་པར་ཡར་རྒྱས་པས། ཐག་རིང་ནས་བལྟས་ན་ཚ་རླབས་ལང་ལོང་དུ་གཡོ་བའི་དམར་མདོག་གི་རི་བོ་དེ་མེ་འབྲུག་ཞིག་མཁའ་ལ་འཕྱོ་བ་དང་ཡོངས་སུ་མཚུངས་པས་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་རེད། རི་བོ་ཧུའོ་ཡན་གྱི་ཉིན་གཅིག་གི་དྲོད་ཚད་ལ་འགྱུར་ལྡོག་ཧ་ཅང་ཆེ་སྟེ། ཉིན་མོར་རབ་ཏུ་ཚ་ཞིང་མཚན་མོར་ཉལ་གོས་གོན་ཏེ་ཉལ་དགོས།  ས་གནས་ཀྱི་ཁ་དཔེ་ལ་ཞོགས་པར་དགུན་ཆས་ཉིན་གུང་གོས་རྐྱང་གྱོན། ། ལྕགས་ཐབས་མཐའ་རུ་འཚོགས་ནས་ཆུ་ཀུབ་ཟ། ། ཞེས་བཤད་སྲོལ་ཡོད་པ་རེད། 

2 མཛེས་ལྗོངས།

རི་བོ་ཧུའོ་ཡན་འདབས་སུ་ལུང་གྲོག་མང་བོ་མཆིས་ཤིང་། དེ་རུ་སྔོ་ལྗང་གི་འདབ་ལོ་ཚང་ཚིང་འཁྲིགས་ཤིང་བསིལ་གྲིབ་དང་ལྡན་པས་ལུས་ཁམས་དྭངས་པ་ཞིག་རེད། དེ་བས་མིང་གྲགས་ཆེ་བའི་རྒུན་འབྲུམ་ལུང་བ་ནི་འདི་གར་ཡོད་དེ། ལུང་བའི་སྤྱིའི་རིང་ཚད་ལ་སྟོང་སྨི་བརྒྱད་ཡོད་པ་དང་། ཞེང་ལ་ཕལ་ཆེར་སྨི་ལྔ་བརྒྱ་ཡོད། ལུང་བར་ཝུའུ་ཧོ་རྒུན་འབྲུམ་དཀར་པོ་དང་མཱ་ནའེ་ཙི་རྒུན་འབྲུམ། པི་ཅ་ཀན་རྒུན་འབྲུམ།  ཁི་ཧྲི་ཧ་ཨེར་རྒུན་འབྲུམ་སོགས་རྒུན་འབྲུམ་རིགས་བརྒྱ་ཕྲག་ལྷག་འདེབས་འཛུགས་བྱས་ཡོད་ལ། གནས་འདི་ནི་ཀྲུང་གོའི་མིང་གྲགས་ཆེ་བའི་རྒུན་འབྲུམ་ཐོན་སྐྱེད་ཀྱི་ལྟེ་གནས་ཡིན། རྒུན་འབྲུམ་ལུང་བར་གནས་སྐོར་བྱེད་མཁན་དག་གིས་རྒུན་འབྲུམ་ར་བའི་བར་གསེང་དུ་རྒུན་འབྲུམ་གྱི་གྲིབ་བསིལ་ལ་ཉམས་སུ་མྱང་ཆོག་པར་མ་ཟད། མིང་གྲགས་ཆེ་བའི་མིག་ཆུ་སྟོང་ལྡན་དུ་འབོད་པའི་ཆུ་མིག་དྭངས་བསིལ་གྱི་ཆུ་བླངས་ཆོག དམངས་སྲོལ་ཁང་དུ། སྐུ་དྲག་པཱ་ཡེ་དང་ཨ་ཧྥན་ཐེ་ཡི་ཁྱིམ་ཚང་སོགས་ཡོད་དོ། །


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། རི་བོ། ཚ་བ། རི་དམར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-15

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།