ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >མཐོ་སྒང་།

པོ་ལི་ཝེ་ཡ་མཐོ་སྒང་།

པོ་ལི་ཝེ་ཡ་མཐོ་སྒང་ནི་གླིང་ཆེན་མེ་གླིང་ལྷོ་མར་ཡོད། ཆ་སྙོམས་མཐོ་ཚད་སྨི3800དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི35ཡོད། དབུས་རྒྱུད་ནི་ལུང་ཁུག་ཡིན་ལ་དེར་ཞིང་ལས་དར་རྒྱས་ཆེ། གྲོང་ཁྱེར་ཆེ་བ་མང་བོའང་གནས་འདིར་འདུས་ཡོད། མཐོ་སྒང་བྱང་ཕྱོགས་ཀྱི་ས་ཞིང་གཤིན་པོ་ཡིན་པས་མི་འབོར་འདུས་སྡོད་ས་ཁུལ་ཏུ་གྱུར་ཡོད། ལྷོ་ཕྱོགས་ནི་སྐམ་ཤས་ཆེ་བའི་བྱེ་ཐང་ཡིན། ས་རྒྱུད་ཡིན་པའི་རྐྱེན་གྱིས་དུད་ཚང་ཉུང་བ་ཡིན། གཏེར་ཁ་སྔོག་འདོན་ཆེད་དུ་ཡོང་བ་ལས་གྲུབ་པའི་གྲོང་རྡལ་ཆུང་ཆུང་ཐར་ཐོར་དུ་ཁྱབ་པ་ཙམ་ལས་གྲོང་ཁྱེར་ཆེ་བ་མཐོང་རྒྱུ་མི་འདུག མཐོ་སྒང་གི་ཏི་ཏི་ཁ་ཁ་མཚེའུ་ནི་གླིང་ཆེན་མེ་གླིང་ལྷོ་མའི་ཆེས་ཆེ་བའི་མཚེའུ་ཡིན།

རིགས་དབྱེ།  

མདོ་དབུས་མཐོ་སྒང་།

མདོ་དབུས་མཐོ་སྒང(Qinghai-Tibet plateauདངTibetan plateau )ནི་འཛམ་གླིང་དུ་ཆེས་མཐོ་བ་དང་ཀྲུང་གོར་ཆེས་ཆེ་བའི་མཐོ་སྒང་ཡིན། དེ་ཀྲུང་གོའི་རྒྱལ་ཁོངས་ཀྱི་ཁྱབ་སྟངས་ནི་ལྷོ་ནུབ་ཀྱི་བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས། དེ་མིན་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས། བྱང་ཤར་ཕྱོགས་སུ་མཚོ་སྔོན་གྱི་ས་ཁུལ་མང་ཆེ་ཤས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས། ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་བཅས་འདུས་པ་ཡིན། མདོ་དབུས་མཐོ་སྒང་གི་ས་ཁོངས་ཧྲིལ་བོའི་ཁྲོད་འབྲུག་ཡུལ་དང་བལ་ཡུལ། རྒྱ་གར། ཕ་ཁི་སི་ཐན། ཨ་ཧྥུ་ཧན། ཐ་ཅི་ཁེ་སི་ཐན། ཅེར་ཅེ་སི་ཐན་གྱི་ས་ཁོངས་ཁག་གཅིག་ཀྱང་འདུས་པ་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི300ལ་ཉེ། ཀྲུང་གོའི་མངའ་ཁོངས་སུ་སྟོང་སྨི་གྲུ་བཞི་མ་ཁྲི257ཡོད། ཆ་སྙོམས་ཀྱི་མཚོ་འཕགས་སྨི4000-5000ཡོད། མདོ་དབུས་མཐོ་སྒང་ལ “འཛམ་གླིང་ཡང་རྩེ”དང“སྣེ་གསུམ་པ”ཞེས་གྲགས་ལ། འཛམ་གླིང་གི་གཙང་བོ་ཆེན་པོ་མང་བོའི་འབྱུང་ཁུངས་ཡིན། མདོ་དབུས་མཐོ་སྒང་ལ་འཛམ་གླིང་གི་ཡང་རྩེ་ཞེས་པའི་མཚན་སྙན་གསོལ་བ་དང་། དེའི་དམིགས་བསལ་གྱི་སྤྱི་ཚོགས་རིག་གནས་དང་རང་བྱུང་ཡུལ་ལྗོངས་དེ་གོ་ལ་ཟླུམ་པོར་མིང་དུ་གྲགས་ཡོད་པས། ཚན་རིག་ཉེན་བརྟག་པ། མྱུལ་ཞིབ་པ། སྐྱེ་ཁམས་ལྗོངས་རྒྱུ་པ་ཚོས་ཡིད་སྨོན་བྱེད་ས་དང་ལྟ་སྐོར་དུ་འགྲོ་བའི་གནས་མཆོག་ཏུ་གྱུར་ཡོད། མདོ་དབུས་མཐོ་སྒང་གི་རྣམ་པ་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་དག་ཀྱང་འཛམ་གླིང་ཡང་རྩེའི་སྐྱེ་ཁམས་ཁོར་ཡུག་ཁྱད་པར་ཅན་དང་སྐྱེ་དངོས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཡིན་ལ་ཚན་རིག་གི་རིན་ཐང་ཡང་ལྡན་ནོ།།

རིགས་དབྱེ།  

ཨ་ཆེན་གངས་རྒྱུད།

རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་ལྔ་ནས་སྟོང་དྲུག་ལ་སོན་པ་དང་། གནམ་གཤིས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ། གནས་གཤིས་དེ་འདྲའི་བཟང་རྒྱུ་མེད་མོད། ཡིན་ནའང་གནས་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་། དང་བླངས་པ་མང་བོ་ཞིག་གིས་དཀའ་ངལ་རྒྱབ་ཏུ་དོར་ནས་གནས་འདིར་ལྷགས་ཏེ། རི་དྭགས་གཙོད་སོགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ལེ་ལན་མེད་པར་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གནས་འདི་ནི་མིང་གྲགས་ཆེ་བའི་ཨ་ཆེན་གངས་རྒྱུད་ཡིན།

རིགས་དབྱེ།  

ས་སེར་མཐོ་སྒང་།

ང་ཡི་ཕ་ཡུལ་ས་སེར་ལ་ན་ཡོད། རླུང་ཆེན་ལ་མགོ་ལྡིང་ནས་བྱུང་། དེ་སྔ་འདི་ལྟ་བུའི་གླུ་གཞས་ཤིག་དར་མྱོང་ཞིང་། གླུ་གཞས་ལས་བསྟན་པའི་ས་སེར་ལ་རིང་ནི་ས་ཁམས་རིག་པས་བརྗོད་བཞིན་པའི་ས་སེར་མཐོ་སྒང་ཡིན་ལ། འཛམ་གླིང་སྟེང་གི་ཆེས་ཆེ་བའི་ས་སེར་སྙིགས་བསགས་ས་ཁུལ་ཡང་ཡིན་ནོ། ། ས་སེར་མཐོ་སྒང་ནི་རྨ་ཆུའི་བར་རྒྱུད་སྟོད་ཕྱོགས་ཀྱི་ས་ཁུལ་ཡིན་ཞིང་། རི་ཀླུང་ཐང་གསུམ་གྱི་ངོས་ཆགས་ཚུལ་ཆེན་པོ་གསུམ་ནི་གནས་འདི་ཡི་གྲུབ་ཆ་གཙོ་བོ་ཡིན། ས་སེར་མཐོ་སྒང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་བཞི་བཅུ་ལྷག་ཡོད།

རིགས་དབྱེ།  

ཐང་ནག་ཁུག

ཐང་ནག་ཁུག་ཅེས་པ་ནི་སྒང་ཞིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་ར་ཆག་སྐེ་སྡེ་བའི་ཤར་ཕྱོགས་སུ་སྨི200ཙམ་གྱི་མཚམས་ན་ཡོད་ཅིང་། ཨ་མྱེས་རྟ་ཁ་སྒང་གི་རི་རྒྱུད་ཅིག་ཡིན། བྱང་ནས་ལྷོ་རུ་མཆེད་འདུག མཐོ་ཚད་ལ་མཚོ་ངོས་ལས་སྨི2453ཡོད།

རིགས་དབྱེ།  

ནག་ཐོ་སྒང་།

ནག་ཐོ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་ཧོར་རྒྱལ་ཡར་ཁའི་ཐང་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ0.1ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2522ཡོད། རི་རྒྱུད་ལྷོ་ནས་བྱང་དུ་མཆེད་འདུག

རིགས་དབྱེ།  

ཚྭ་བོ་རྡོ་སྒང་།

ཚྭ་བོ་རྡོ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་མངའ་ཁོངས་ཀྱི་སྒང་ཞིག་སྟེ། ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ11གི་མཚམས་ཏེ། གནའ་རྫོང་ལུང་བའི་མདོ་ན་ཡོད།

རིགས་དབྱེ།  

དཔལ་མཁར་སྒང་།

དཔལ་མཁར་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྒང་ཞིག་སྟེ། འཕྲང་དམར་གྲོང་རྡལ་གྱི་མེ་བརྒྱ་སྡེ་བའི་བྱང་ཤར་ཕྱོགས་སུ་སྤྱི་ལེ3གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3671ཡོད།

རིགས་དབྱེ།  

རྟ་མཆོག་སྒང་།

རྟ་མཆོག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་མངའ་ཁོངས་ཀྱི་སྒང་ཞིག་སྟེ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ6གི་མཚམས་ན་ཡོད།

རིགས་དབྱེ།  

ཀྲུང་གོའི་ས་མཐོ་ཆེན་པོ་བཞི།

ཀྲུང་གོའི་ས་བབ་ས་བཀྲའི་ཐོག་བལྟས་ན་རང་རྒྱལ་གྱི་ས་བབ་ཆགས་ཚུལ་དེ་ཤར་ངོས་དང་ནུབ་ངོས་དབར་ཧེ་བག་ཆེན་པོ་ཡོད། ནུབ་ངོས་སུ་གཙོ་བོ་ནི་རི་མཐོན་པོ་དང་ས་མཐོ་གཤོང་ས་བཅས་ཡིན་པ་དང་། ཤར་ངོས་སུ་གཙོ་བོ་ནི་རི་མ་ཐང་དང་བདེ་ཐང་ཡིན།

རིགས་དབྱེ།  

གསེར་ཆེན་སྒང་།

གསེར་ཆེན་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ16གི་མཚམས་ཀྱི་རྡོ་ར་སྡེ་བའི་བྱང་རྒྱུད་དུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3776ཡོད།

རིགས་དབྱེ།  

དཀྱིལ་རི་སྒང་།

དཀྱིལ་རི་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ཀྱི་ཆུ་བཟང་སྡེ་བའི་ལ་རྒན་ནང་དུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3591ཡོད།

རིགས་དབྱེ།  

དཀྱིལ་སྒང་།

དཀྱིལ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ20མཚམས་ན་ཡོད། རི་རྒྱུད་བྱང་ནས་ཤར་ཀྱི་ཕྱོགས་སུ་མཆེད་འདུག

རིགས་དབྱེ།  

རྒྱ་སྐྱིད་སྒང་།

རྒྱ་སྐྱིད་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ4ཡི་མཚམས་ན་ཡོད་ཅིང་། ལྷ་ཁང་ཐང་སྡེ་བའི་རྒྱབ་རི་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི2900ཡོད།

རིགས་དབྱེ།  

སེར་འབུར་སྒང་།

སེར་འབུར་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་སྤྱི་ལེ20ལྷག་གི་མཚམས་ན་ཡོད།མཐོ་ཚད་ལ་མཚོ་ངོས་ལས་སྨི3591ཡོད།

རིགས་དབྱེ།  

ཧོར་མོ་སྒང་།

ཧོར་མོ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡིས་ཆོད་པའི་རྫོང་མགོ་སྡེ་བའི་ཤར་ལྷོའི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2708ཡོད།

རིགས་དབྱེ།  

གཙུག་ཏོར་སྒང་།

གཙུག་ཏོར་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ཀྱི་རྡོ་ར་དང་ཆུ་བཟང་སྡེ་བའི་བར་རྒྱུད་དུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3415ཡོད།

རིགས་དབྱེ།  

དཔལ་མཁར་སྒང་།

དཔལ་མཁར་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་རྫོང་མགོ་སྡེ་བའི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ6གིས་ཆོད་པའི་སྒྱོ་སྒང་དང་འབྲེལ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི2968ཡོད།

རིགས་དབྱེ།  

བྱ་སྒང་།

བྱ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ10ཡི་མཚམས་ཀྱི་རྫོང་མགོ་སྡེ་བའི་ལྷོ་རྒྱུད་དུ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3157ཡོད།

རིགས་དབྱེ།  

མུན་ནག་ཁ་སྒང་།

མུན་ནག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་སྟག་ལུང་སྡེ་བའི་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ15ཡི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི4306ཡོད།

རིགས་དབྱེ།  

ཟི་དྲང་སྒང་།

ཟི་དྲང་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་རྫོང་མགོ་སྡེ་བའི་ཤར་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2931ཡོད།

རིགས་དབྱེ།  

ར་ལམ་སྒང་།

ར་ལམ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ལྷ་ཁང་ཐང་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད་ཅིང་། ས་དམར་གྱི་སྒང་ཞིག་ཡིན། མཐོ་ཚད་མཚོ་ངོས་ལས་སྨི2900ཡོད།

རིགས་དབྱེ།  

སྦྲུལ་ལྷས་ཉག་སྒང་།

སྦྲུལ་ལྷས་ཉག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཆུ་ནག་སྡེ་བའི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ10ཡི་མཚམས་ཀྱི་ཡེར་མོ་སྒང་དང་འབྲེལ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི2821ཡོད།

རིགས་དབྱེ།  

གླང་མ་བྱེ་སྒང་།

གླང་མ་བྱེ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ31གི་མཚམས་ཏེ། ཟི་ལིང་ནས་ཚལ་རྔ་འགག་གྲོང་རྡལ་བར་གྱི་གཞུང་ལམ་གྱི་ཤར་འགྲམ་དུ་གནས་ཤིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3390ཡོད། རི་རྒྱུད་ནུབ་ནས་ཤར་དུ་མཆེད་འདུག

རིགས་དབྱེ།  

དཀར་ཆག་སྒང་།

དཀར་ཆག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ཀྱི་གཡག་ལུང་སྡེ་བའི་ཤར་རྒྱུད་དུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3257ཡོད།

རིགས་དབྱེ།  

དར་ལྕོག་སྒང་།

དར་ལྕོག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཆུ་ནག་སྡེ་བའི་ནུབ་བྱང་དུ་ཧ་ལམ་སྤྱི་ལེ5ཡི་མཚམས་ཏེ། གསེར་ཆེན་རྫོང་ཁོངས་ཀྱི་ཚལ་རྔ་འགག་གྲོང་རྡལ་དང་འབྲེལ་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3338ཡོད།

རིགས་དབྱེ།  

དུར་རྒྱ་སྒང་།

དུར་རྒྱ་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ20ཡི་མཚམས་ཏེ། རྡོ་ར་དང་སྟག་ལུང་སྡེ་བའི་བར་རྒྱུད་དང་འདུས་རི་ཁ་སྒང་གི་ལྷོ་ཕྱོགས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3463ཡོད།

རིགས་དབྱེ།  

བྲག་ཁུང་འགྲམ།

བྲག་ཁུང་འགྲམ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མངའ་ཁོངས་ཀྱི་སྒང་ཞིག་སྟེ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ25ཙམ་གྱིས་ཆོད་པའི་གཡག་ལུང་སྡེ་བའི་བྱང་ཤར་ཕྱོགས་སམ་མུན་ནག་ཁ་སྒང་གི་ཉེ་ཕྱོགས་སུ་ཡོད། བྱང་ནས་ལྷོ་རུ་མཆེད་འདུག

རིགས་དབྱེ།  

རི་འགོག་སྒང་།

རི་འགོག་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ48ཙམ་གྱི་མཚམས་ན་ཡོད་ཅིང་། ཆུ་བཟང་ཞོལ་མའི་མདུན་རི་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི3331ཡོད། ནུབ་ནས་ཤར་དུ་མཆེད་འདུག

རིགས་དབྱེ།  

རྔ་ཏིས་སྒང་།

རྔ་ཏིས་སྒང་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཆུ་བཟང་སྡེ་བའི་ཤར་ལྷོའི་ཕྱོགས་དང་འབྲེལ་འདུག་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3285ཡོད། ཤར་ནས་ལྷོ་ཕྱོགས་སུ་མཆེད་འདུག

རིགས་དབྱེ།