ཨ་ཆེན་གངས་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཆེན་གངས་རྒྱུད།
རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་ལྔ་ནས་སྟོང་དྲུག་ལ་སོན་པ་དང་། གནམ་གཤིས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ། གནས་གཤིས་དེ་འདྲའི་བཟང་རྒྱུ་མེད་མོད། ཡིན་ནའང་གནས་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་། དང་བླངས་པ་མང་བོ་ཞིག་གིས་དཀའ་ངལ་རྒྱབ་ཏུ་དོར་ནས་གནས་འདིར་ལྷགས་ཏེ། རི་དྭགས་གཙོད་སོགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ལེ་ལན་མེད་པར་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གནས་འདི་ནི་མིང་གྲགས་ཆེ་བའི་ཨ་ཆེན་གངས་རྒྱུད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
可可西里
ཕྱི་ཡིག་གི་མིང་།
HOh Xil
མིང་གཞན།
འཛམ་གླིང་གི་སྣེ་གསུམ་པ།
མིང་ཆ་ཚང་།
ཨ་ཆེན་གངས་རྒྱུད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
གནམ་གཤིས།
མཐོ་གྲང་ནམ་ཟླ།
རིམ་ཚད།
རྒྱལ་ཁབ་རིམ་པ།
སྲུང་སྐྱོབ་བྱ་ཡུལ།
གཙོད་དང་འབྲོང་། རྐྱང་། དགོ་བ་སོགས་རི་སྐྱེ་སྲོག་ཆགས་དང་རྩི་ཤིང་།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
མཚོ་འཕགས།
སྨི5500ནས6000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི4.5
ཡུལ་སྐོར་དུས་ཚིགས།
ཟླ7ནས་ཟླ9
1 ངོ་སྤྲོད།

འདི་ལྟ་བུའི་ངོ་མཚར་ཆེ་བའི་གནས་ཤིག་ཡོད་དེ། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་ལྔ་ནས་སྟོང་དྲུག་ལ་སོན་པ་དང་། གནམ་གཤིས་གྲང་ངར་ཆེ་ཞིང་སྐམ་ཤས་ཆེ་བ། གནས་གཤིས་དེ་འདྲའི་བཟང་རྒྱུ་མེད་མོད།   ཡིན་ནའང་གནས་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་།  དང་བླངས་པ་མང་བོ་ཞིག་གིས་དཀའ་ངལ་རྒྱབ་ཏུ་དོར་ནས་གནས་འདིར་ལྷགས་ཏེ།  རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་ཆེད་དུ་ལེ་ལན་མེད་པར་བྱ་བ་སྒྲུབ་བཞིན་ཡོད་ཅིང་། གནས་འདི་ནི་མིང་གྲགས་ཆེ་བའི་ཨ་ཆེན་གངས་རྒྱུད་ཡིན། ཨ་ཆེན་གངས་རྒྱུད་དེ་མིང་གཞན་ལ་ཁི་ཁི་ཞི་ལི་ཞེས་འབོད་ཅིང་། དེ་ནི་སོག་པོའི་སྐད་དེ། སྔོ་མདོག་གམ་ལྗང་མདོག་གི་རི་རྒྱུད་ཅེས་པའི་དོན་ཡིན་ནོ། །རི་རྒྱུད་འདི་ནི་མཚོ་སྔོན་གྱི་ནུབ་ལྷོའི་ཕྱོགས་སུ་ཡོད་པ་དང་། སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་སྟོང་དྲུག་ལྷག་ཡོད་པ་དང་།  གནས་འདི་ནི་མི་མེད་ལུང་སྟོང་དུ་གནས་ཤིང་མདོ་དབུས་མཐོ་སྒང་གི་གྲང་ངར་ཆེས་ཆེ་བའི་ས་ཁུལ་ཡིན་པས།  མིའི་རིགས་འཚོ་ཐབས་བྲལ་བའི་གནས་ཞེས་ཀྱང་འབོད་པ་རེད། 

2 འཕེལ་རིམ།

སྤྱི་ལོ1995ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ས་ཁུལ་དེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྲས་སུ་བཞག་པ་དང་། སྤྱི་ལོ1996ལོར་ཁྱབ་བསྒྲགས་བྱས།

སྤྱི་ལོ1997ལོའི་ཟླ12ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཆོག་མཆན་གནང་བ་དང་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ལོ1999ལོའི་ཟླ9བར་མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞེས་མིང་བཏགས་པ་རེད།

3 ས་ཁམས་འཁོར་ཡུག

ཨ་ཆེན་གངས་རྒྱུད་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་མཚོ་སྔོན་ཞིང་ཆེན་ལྷོ་ཁུལ་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་སུ་ཡོད། དེ་ནི་མཚོ་སྔོན་དང་ཞིན་ཅང་། ལྷ་ས་སོགས་ཞིང་ཆེན་དང་ལྗོངས་གསུམ་འཕྲེད་དུ་བརྒལ་བའི་བར་མཚམས་ཀྱི་མཐོ་སྒང་ས་ཁུལ་ཞིག་ཡིན། སྲུང་སྐྱོབ་ས་ཁུལ་དེ་ལྷ་ས་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ན་གོར་མོ་གདང་ལ་ཡུལ་ཚོ་དང་འབྲེལ། བྱང་ཕྱོགས་སུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་འབྲེལ། ཤར་ཕྱོགས་སུ་མཚོ་བོད་གཞུང་ལམ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡོད། སྲུང་སྐྱོབ་ཁུལ་ནང་ཁུལ་གྱི་ས་དབྱིབས་ཧ་ཅང་མཐོ་བ་དེ། ས་གཤིས་དང་སའི་ཆགས་ཚུལ་གྱིས་ཚོད་འཛིན་བྱས་ཡོད་སྟབས། རི་སྒང་དང་གྲོག་རོང་། གཤོང་ས་སོགས་བྱང་ནུབ་ནུབ་དང་ལྷོ་ཤར་ཤར་གྱི་ཁ་ཕྱོགས་ལྟར་ཐགས་དབྱིབས་བཞིན་བསྒྲིག་ཡོད་པ་རེད། སྲུང་སྐྱོབ་ས་ཁུལ་གྱི་དབུས་ཁུལ་ཅུང་དམའ་ལ་བདེ། ནུབ་ཁུལ་མཐོ་ལ་ཤར་ཁུལ་དམའ། སྤྱིའི་ས་དབྱིབས་རིགས་དབྱེ་ལས་ལྷོ་བྱང་མཐའ་མཚམས་ནི་སྒང་གཤོང་གི་མཐོ་རི་དང་རི་ཆེན་ཕུད། ས་རྒྱ་མང་ཆེ་ཤོས་སྒང་གཤོང་འབྲིང་རིམ་གྱི་མཐོ་སྒང་། དེའུ་འབུར་དང་བདེ་ཐང་ཡིན།

4 ཆུ་ཁོངས།

ཨ་ཆེན་གངས་རྒྱུད་ཀྱི་ཆུ་ཁོངས་ལ་དབྱེ་ན་གསུམ་ཡོད་དེ། ཤར་ཁུལ་ནི་ཆུ་དམར་ཆུ་ཁོངས་ཀྱིས་གྲུབ་པའི་འབྲི་ཆུའི་བྱང་ཕྱོགས་འབྱུང་ཁུངས་ཕྱིའི་ཕྱི་གྱར་ཆུ་ཁོངས་ཡིན། དེ་ནི་ཆར་ཆུ་དང་ས་འོག་གི་ཆུས་ཁ་སྣོན་སྤྲོད་པ་ཡིན་པས་ཆུ་ཅུང་ཉུང་བ་དང་། དུས་ཚིགས་རང་བཞིན་གྱི་ཆུ་བོ་གཙོ་བོ་ཡིན། ནུབ་ཁུལ་དང་བྱང་ཁུལ་ནི་མཚེའུ་གཙོ་བྱས་པའི་བྱང་ཐང་གི་ནང་འབབ་ཆུ་ཡིན། བྱང་ཐང་མཐོ་སྒང་གི་ནང་འབབ་མཚེའུ་ཁུལ་གྱི་བྱང་ཤར་ཁུལ་ཡིན། བྱང་ཁུལ་བར་མཚམས་ནི་ཚྭ་འདམ་གཞོང་སའི་ནང་འབབ་ཆུ་ཁོངས་ཡིན། གཙོ་བོ་ཆུ་དམར་ཡིན། ཁུ་ནུ་རི་བོ་བརྒལ་དེ་ཚྭ་འདམ་གཞོང་སར་འབབ་པ་རེད། དེ་ལས་གཞན་ད་དུང་སྲུང་སྐྱོབ་ཁུལ་ན་འཁྱགས་ཀླུང255ཡོད་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ750.7ཡོད། དར་གསོག་ཚད་ལ་ལི་ཧྥང་སྨི་དུང་ཕྱུར816.489ཡོད་། སྲུང་སྐྱོབ་ཁུལ་གྱི་ས་ལོ་མང་པོའི་འཁྱག་ས་ཡིན་པས། འཁྱག་སས་སྲུང་སྐྱོབ་ས་ཁུལ་གྱི་བརྒྱ་ཆའི90ཡན་ཟིན་ཡོད་ལ། འཁྱག་སའི་མཐུག་ཚད་ལ་སྨི400ཡོད། འཁྱགས་ཀླུང་དང་འཁྱག་ས་ནི་གཞི་རྒྱ་ཆེ་བའི་སྲ་གཟུགས་ཀྱི་ཆུ་མཛོད་ཅིག་ཡིན།

5 ས་རྒྱུ།

ཨ་ཆེན་གངས་རྒྱུད་ཀྱི་སྲུང་སྐྱོབ་ས་ཁུལ་གྱི་ས་རྒྱུ་རིགས་དབྱེ་ལ་གཙོ་བོ་ས་མཐོའི་སྤང་ས་དང་ས་མཐོའི་རྩྭ་ཐང་། ས་མཐོའི་གྲང་ཐན་ས་གསུམ་ས་རྒྱུད་རང་བཞིན་གྱི་ས་རྒྱུ་ཡིན། ད་དུང་ན་འདམ་ས་དང་། ཐར་ཐོར་གྱི་སྤང་ས་དང་ཚྭ་ས། བུལ་ས་དང་རླུང་རྡེབ་བྱེ་ས་སོགས། ས་རྒྱུ་རིགས་དབྱེ་མང་པོ་མེད།

6 གནམ་གཤིས།

སྲུང་སྐྱོབ་ས་ཁུལ་གྱི་མཚོ་འཕགས་མཐོ་བ། གནམ་གཤིས་སྐམ་ཤས་ཆེ་བ་དང་གྲང་ངར་ཆེ་བས། དཔེ་མཚོན་གྱི་ས་མཐོའི་མཐོ་གྲང་ནམ་ཟླའི་ཁྱད་ཆོས་ལྡན་པ་རེད། ལོའི་ཆ་སྙོམས་ཀྱི་དྲོད་ཚད་ནི་གོར་ཐིག་མན་གྱི་ཏུའུ-10.0℃~4.1℃ཡིན་པ་དང་། ཆེས་དམའ་བའི་དྲོད་ཚད་ནི་གོར་ཐིག་མན་གྱི་ཏུའུ-46.2℃ཡིན། དེ་ཡང་རིམ་བཞིན་ཤར་ལྷོ་ནས་ནུབ་བྱང་དུ་ཇེ་འཁྱག་ཏུ་འགྲོ་བ་རེད། ཆེས་འཁྱག་པའི་དུས་ནི་ཟླ་དང་པོ་དང་ཆེས་དྲོད་བའི་དུས་ནི་ཟླ་བདུན་པ་རེད། ལོའི་ཆ་སྙོམས་ཀྱི་གནམ་ཆུ་འབབ་ཚད་ནི་ཧའོ་སྨི173ནས495ཡི་བར་ཡིན། དེ་ཡང་ཤར་ལྷོ་ནས་ནུབ་བྱང་དུ་རིམ་བཞིན་ཇེ་ཉུང་ལ་འགྲོ་བ་རེད། གནམ་ཆུ་འབབ་ཚད་དེ་གཙོ་བོ་ཟླ5ནས9བའི་བར་རེད། ལོའི་ཆ་སྙོམས་ཀྱིས་གནམ་ཆུ་འབབ་ཚད་ཀྱི་བརྒྱ་ཆ90ཡན་ཟིན་ཡོད།

7 ཁྱད་ཆོས།

ཨ་ཆེན་གངས་རྒྱུད་ནི་མཚོ་སྔོན་ཞིང་ཆེན་གྱི་ས་ཁྱོན་ཆེས་ཆེ་བའི་རི་དྭགས་འཚོ་སྡོད་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་། གཙོད་ནི་ཨ་ཆེན་གངས་རྒྱུད་ཀྱི་ཁྱད་ཐོན་སྲོག་ཆགས་ཡིན།  དེའི་ཁུ་ལུ་ཡིས་འཇམ་ཞིང་མཛེས་པའི་སྐེ་དཀྲིས་བཟོས་ཆོག་པ་མ་ཟད་རྒྱན་ཆ་སྣ་ཚོགས་ཀྱང་བཟོས་ཆོག་གོ ། ཉེ་བའི་ལོ་འདི་དག་གི་རིང་ལ་རྔོན་རྐུན་དག་གིས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་ནས་བགྲང་ལས་འདས་པའི་གཙོད་ཁྱུ་དག་གང་འདོད་དུ་བསད་པས། དེ་ཡི་གྲངས་འབོར་མངོན་གསལ་དུ་ཇེ་ཉུང་དུ་སོང་བ་དང་། དུས་ད་ལྟ་རི་དྭགས་གཙོད་ནི་རྒྱུད་ཆད་ལ་ཉེ་བའི་རི་དྭགས་ཤིག་ཏུ་གྱུར་ཡོད། རི་དྭགས་གཙོད་ཀྱི་གྲངས་ཀ་གློ་བུར་དུ་ཇེ་ཉུང་དུ་ཕྱིན་པ་དེར་མི་མང་བོ་ཞིག་གིས་དོ་སྣང་བྱས་ཏེ། གནས་འདི་གར་རི་དྭགས་གཙོད་སྲུང་སྐྱོབ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བྱུང་མྱོང་། དེ་ལས་གཞན་ད་དུང་གནས་འདི་རུ་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རྐྱང་དང་འབྲོང་། ཤྭ་སྐྱ། གསའ་སོགས་ཡོད་པ་མ་ཟད། ད་དུང་རྩི་ཤིང་དཀོན་པོའི་རིགས་ཉིས་བརྒྱ་ལྔ་བཅུ་ལྷག་ཡོད་དེ། དཔེར་ན། གངས་ཀོ་ཤ་དང་སྲོ་ལོ་དམར་བོ་སོགས་ཀྱང་ཡོད་པ་རེད།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-31

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།