ཞིན་ཅང་གི་ཤར་ལྷོའི་ས་ཁུལ་གྱི་ཐཱ་ཁི་ལ་མ་ཀན་བྱེ་ཐང་ཆེན་པོའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི33ཡོད་པ་དང་། དེ་ནི་ཀྲུང་གོའི་ཆེས་ཆེ་བའི་བྱེ་ཐང་ཆེན་པོ་དང་འཛམ་གླིང་གི་སྤོ་སྐྱོད་བྱེད་པའི་བྱེ་ཐང་ཆེན་པོ་གཉིས་པའང་ཡིན། ཐཱ་ཁི་ལ་མ་ཀན་ནི་ཡུ་གུར་གྱི་སྐད་དེ་ཕར་འགྲོ་ཡོད་ཀྱང་ཚུར་ཡོང་མེད་ཅེས་པའི་དོན་ཡིན་པས། ཐཱ་ཁི་ལ་མ་ཀན་བྱེ་ཐང་ཆེན་པོ་ལ་གཤིན་ཐང་ཆེན་པོ་ཞེས་འབོད་པ་རེད།
གུག་ཤུལ་ཞེས་པའི་ས་མིང་དེ་ནི་བཅིངས་བགྲོལ་སྔོན་ནས་ཆགས་ཡོད་པ་བསྙོན་དུ་མེད་པ་རེད། བཅིངས་བགྲོལ་རྗེས་སུ་བོད་ལྗོངས་ཨ་མདོ་རྫོང་ནས་བཟུང་བཅིངས་བགྲོལ་དམག་སྡོད་པའི་དམག་ཚིགས་བཙུགས་ལ་སྔོན་ཆད་རྒྱ་སྒར་དུ་འབོད།
མཚོ་བྱང་ཁུལ་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་གྱི་ནུབ་ལྷོའི་ཕྱོགས་སུ་གནས་པའི་བྱེ་མ་ལ་བདུན་ཐང་གི་རྒྱ་ཁྱོན་ལ་མུའུ21000ཡོད་པ་དང་། མཚོ་འཕགས་ལ་སྨི3300ཡོད།
མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ནུབ་ལྷོའི་ཕྱོགས་སུ་ཡོད་པའི་ནུ་རྒྱང་ཐང་གི་རྒྱ་ཁྱོན་ལ་མུའུ7500ཡོད་པ་དང་། མཚོ་འཕགས་ལ་སྨི3200ཡོད།
མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་ཤར་བྱང་དུ་གནས་པའི་བྱེ་རུབ་ཐང་གི་རྒྱ་ཁྱོན་ལ་མུའུ3300ཡོད།
མཚོ་བྱང་ཁུལ་མདའ་བཞི་རྫོང་མཁར་གྱི་ནུབ་ལྷོའི་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་ཕྱོགས། ལ་བདུན་མ་ཀྱུ་ཡི་ཤར་ཕྱོགས། བྱེ་མ་ཞོལ་མའི་བྱང་ཕྱོགས་སུ་ཡོད་པའི་བྱེ་མ་ཐང་གི་རྒྱ་ཁྱོན་ལ་མུའུ90000ཡོད་པ་དང་། མཚོ་འཕགས་ལ་སྨི3200ཡོད།
ས་མིང་ཞིག་ཡིན་ཏེ། མདའ་བཞི་རྫོང་གི་ནུབ་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་བྱང་དུ་ཡོད།
ཀྲུང་གོའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ནི་བྱེ་ཐང་གི་མཛེས་ལྗོངས་གཙོ་བོར་བྱེད་པ་དང་། མྱ་ངམ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་ནུས་པ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་བྱེ་ཁུལ་གྱི་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ཏེ་སྤྱི་དམངས་ཀྱི་སྤྲོ་གསེང་དང་། ཡུལ་སྐོར་སྤྲོ་གསེང་། ཚན་རིག་དང་། རིག་གནས། དྲིལ་བསྒྲགས། སློབ་གསོ་བཅས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་བསལ་ས་ཁོངས་ཤིག་ཡིན།
ཉིང་ཞ་ལིང་ཝུའུ་པའེ་ཅི་ཐང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དེ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ལིང་ཝུའུ་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་། སྤྱི་གླིང་དེའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི6.6ཟིན་ཡོད།
སྤྱི་གླིང་དེ་ནི་ཀྲུང་གོའི་ནང་སོག་ཨ་ལག་ཤ་ས་ཁུལ་དུ་གནས་པ་དང་། སྤྱི་ལོ2005ལོའི་ཟླ9པར་བདེ་བླག་ངང་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་རེ་ཞུ་བྱས་པ་མ་ཟད། གོ་ལ་ཧྲིལ་བོའི་བྱེ་ཐང་འཛམ་གླིང་ས་གཤིས་སྤྱི་གླིང་གཅིག་པུ་དེ་ཡིན་པ་རེད།
བྱེ་མ་སྔོན་འགོག་དང་བཅོས་སྐྱོང་ནི་ས་ཞིང་བྱེ་མར་འགྱུར་ཚུལ་སྔོན་འགོག་དང་། བྱེ་འགྱུར་ས་ཞིང་བཅོས་སྐྱོང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།
ཐང་དཀར་བྱེ་རུག་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོའི་ཐང་དཀར་སྡེ་བའི་དཔྱིད་ས་ན་ཡོད།
པེ་ཧྲ་བོ་ཞེས་པ་རྒྱ་སྐད་དེ་བྱེ་མ་མང་སའི་ཐང་ཞེས་པའི་དོན་ཡིན། ཞ་ཐན་སྡེ་བའི་བྱང་ཕྱོགས་སུ་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཆུ་དཀར་ཐང་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ20ཡས་མས་ཀྱི་མཚམས་སུ་ཡོད།
ཨ་མཐའི་མདོ་རུ་ཡོད་པའི་བྱེ་གསེང་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། ཤར་རི་ཁ་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ38ཀྱི་མཚམས་སུ་ཡོད།
ཆུན་ཁོ་ཀོ་དབྱིན་པའོ་རི་ཀོ་ཞེས་པ་སོག་སྐད་དུ་ཀོ་ཁུག་ལྟ་བུའི་བྱེ་ཕུང་ཞེས་པའི་དོན་ཡིན། གནས་འདི་ནི་ཀྱོག་དབྱིབས་ཀྱི་བྱེ་ཕུང་ཆེན་པོ་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། འཛོམས་རྒྱལ་གྲོང་རྡལ་ནུབ་ཕྱོགས་ཀྱི་སྤྱི་ལེ10ཡས་མས་ཀྱི་མཚམས་སུ་ཡོད།
ཚ་ཧན་སའེ་ཞེས་པ་སོག་སྐད་དུ་བྱེ་དཀར་ཐང་ཞེས་པའི་དོན་ཡིན། འདི་ནི་བྱེ་མའི་ཐང་ཆེན་ཞིག་ཡིན་ལ་རྒྱང་ནས་བལྟས་ཚེ་དཀར་པོར་འདུག་པས་ས་མིང་ལ་དེ་ལྟར་ཐོགས། འཛོམས་རྒྱལ་གྲོང་རྡལ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ120ཡས་མས་ཀྱི་མཚམས་སུ་ཡོད།
ཧ་རི་ཁོ་ཨེར་ཅི་ཞེས་པ་སོག་སྐད་དུ་བ་ཚྭའི་ཐང་ནག་ཅེས་པའི་དོན་ཡིན། གནས་འདི་ནི་རྩྭ་རིགས་ཅི་ཡང་མི་སྐྱེས་པའི་མྱ་ངམ་ཐང་ཞིག་ཡིན་པ་དང་། ས་རྒྱུ་ཁ་དོག་ནག་པོ་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། འཛོམས་རྒྱལ་གྲོང་རྡལ་ནུབ་ཕྱོགས་ཀྱི་སྤྱི་ལེ33ཡས་མས་ཀྱི་མཚམས་སུ་ཡོད།
ཨའོ་ལེ་ཀོ་རེ་ཆི་ཞེས་པ་སོག་སྐད་དུ་མྱ་ངན་ཐང་ཞེས་པའི་དོན་ཡིན། གནས་འདིར་རྩྭ་ཆུ་མེད་ཅིང་མྱ་ངམ་ཐང་ལྟ་བུ་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། འཛོམས་རྒྱལ་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ18ཡས་མས་ཀྱི་མཚམས་སུ་ཡོད།
ཚ་ཧན་ཨེར་ལེ་སེན་ཞེས་པ་སོག་སྐད་དུ་དཀར་མདོག་གི་བྱེ་ཐང་ཞེས་པའི་དོན་ཡིན། གནས་འདི་ནི་དཀར་མདོག་གི་བྱེ་ཐང་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ 20ཡས་མས་ཀྱི་མཚམས་སུ་ཡོད།
ཞ་ཨེར་ཀུའུ་དབྱི་དབྱིན་ཚ་ཧན་ཨའེ་ལི་སེན་ཞེས་པ་སོག་སྐད་དུ་རྔ་མོང་གི་རྐང་བ་ལྟ་བུའི་བྱེ་ཐང་དཀར་རིས་ཞེས་པའི་དོན་ཡིན། གནས་འདིར་བྱེ་ཐང་ཞིག་ཡོད་པར་རྒྱང་ནས་བལྟས་ཚེ་མདོག་དཀར་ཞིང་རྔ་མོང་གི་རྐང་བའི་དབྱིབས་དང་མཚུངས་པས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ41ཡས་མས་ཀྱི་མཚམས་སུ་ཡོད།
ཁོ་ཁོ་ཐའོ་ལེ་ཀ་ཞེས་པ་སོག་སྐད་དུ་གཡུ་མདོག་གི་དེའུ་འབུར་ཞེས་པའི་དོན་ཡིན། གནས་འདིའི་འབྱམས་ཀླས་པའི་རྩྭ་ཐང་དུ་དབྱར་དུས་འདམ་རྩྭ་སྔོ་ལྗང་སེ་སྐྱེས་པའི་དེའུ་འབུར་ཞིག་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ86ཡས་མས་ཀྱི་མཚམས་སུ་ཡོད།
ཆའོ་ནུ་དབྱིན་ཚ་ཧན་ཨའེ་ལི་སི་ཞེས་པ་སོག་སྐད་དུ་རི་སྤྱང་བྱེ་ཐང་ཞེས་པའི་དོན་ཡིན། གནས་འདི་ནི་བྱེ་རྒྱུད་ཁུལ་དུ་གཏོགས་ཤིང་ས་ངོས་ཡོངས་བྱེ་མ་དཀར་པོ་ཡིན་ལ། སྤྱང་ཀི་འཁོར་ས་ཞིག་ཀྱང་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ47ཡས་མས་ཀྱི་མཚམས་སུ་ཡོད།
སའེ་ཨེར་དབྱིན་ཨའོ་པའོ་ཞེས་པ་སོག་སྐད་དུ་བྱེ་ཐང་གི་ལ་བཙས་ཞེས་པའི་དོན་ཡིན། གནས་འདིའི་བྱེ་ཐང་དུ་ལ་བཙས་ཤིག་ཡོད་ལ། ངག་རྒྱུན་ལྟར་ན། གླིང་རྗེ་གེ་སར་གྱིས་རྟ་རྩལ་སྦྱང་ཆེད། ས་གཞན་དུ་བྱེ་མ་འཁྱེར་ཡོང་ནས་གནས་འདིར་སྤུངས་རྗེས་བྱེ་མའི་ཐང་ཆེན་ཞིག་ཏུ་གྱུར་པའི་བཤད་སྲོལ་ཡོད་ཅིང་། དེའི་རྗེས་ས་དེའི་འབྲོག་དམངས་ཀྱིས་འདིར་ལ་བཙས་བསྟད་པས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཕྱོགས་ཀྱི་སྤྱི་ལེ20ཡས་མས་ཀྱི་མཚམས་སུ་ཡོད།
ཏ་ཀེན་ཐའོ་ལེ་ཀ་ཞེས་པ་སོག་སྐད་དུ་ཐོ་རུ་དང་འདྲ་བའི་བྱེ་ཕུང་ཞེས་པའི་དོན་ཡིན། གནས་འདིར་བྱེ་ཕུང་ཞིག་ཡོད་པ་དེའི་དབྱིབས་ཐོ་རུ་དང་འདྲ་བས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ16ཡས་མས་ཀྱི་མཚམས་སུ་ཡོད།
ཨའེ་ལེ་སི་ཐའེ་དབྱིན་ཁོ་ཐེ་ལེ་ཞེས་པ་སོག་སྐད་དུ་བྱེ་ཐང་གི་ལྡེབས་ངོས་ཞེས་པའི་དོན་ཡིན། པུའུ་ཨེར་ཧན་པུའུ་ཏ་རི་བོའི་ཤར་ཕྱོགས་ཀྱི་བྱེ་མའི་རི་ལྡེབས་ལ་བརྟེན་ནས་ས་མིང་ལ་དེ་ལྟར་ཐོགས། མཚོ་འཕགས་སྨི4200ཡོད། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ88ཡས་མས་ཀྱི་མཚམས་སུ་ཡོད།
ཨའེ་ལེ་སི་ཐེ་དབྱིན་ཀུའོ་ལེ་ཞེས་པ་སོག་སྐད་དུ་བྱེ་མའི་གཙང་པོ་ཞེས་པའི་དོན་ཡིན། གནས་འདི་ནི་བྱེ་མ་ཡིན་ལ་ཝུའུ་ལེ་ཁེན་རི་བོའི་དབུས་རྒྱུད་དུ་གནས། བྱེ་མའི་གསེང་དུ་ཆུ་བོ་ཞིག་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། ཆུ་བོའི་རིང་ཚད་ལ་སྤྱི་ལེ5དང་མཚོ་འཕགས་སྨི4500ཡོད། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ123ཡས་མས་ཀྱི་མཚམས་སུ་ཡོད།
དབྱི་ཁོ་པུའུ་ཨེར་ཀ་སི་ཐའེ་དབྱིན་ཧ་རི་སའེ་ཞེས་པ་སོག་སྐད་དུ་ལྕང་ཚལ་གྱི་བྱེ་ཐང་ནག་རིས་ཞེས་པའི་དོན་ཡིན། གནས་འདིའི་གྲོག་རོང་ཆེན་པོ་ཞིག་ཏུ་ལྕང་མ་སྟུག་པོར་སྐྱེས་ཡོད་ཅིང་། གྲམ་པའི་ས་མདོག་ནག་ཤས་ཆེ་བས་ས་མིང་ལ་དེ་ལྟར་ཐོགས། མཚོ་འཕགས་སྨི3500ཡོད། ཞིང་རྒྱལ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ16ཡས་མས་ཀྱི་མཚམས་སུ་ཡོད།
ཏ་བའོ་ཐའེ་ཧ་རི་སའེ་ཞེས་པ་སོག་སྐད་དུ་བགྲོད་ལམ་ཡོད་པའི་བྱེ་ནག་ཅེས་པའི་དོན་ཡིན། གནས་འདི་ནི་བྱེ་མ་ནག་པོའི་གྲོག་ལུང་ལྷོ་ནས་བྱང་དུ་བརྐྱངས་ཡོད་པའི་ཕུགས་སུ་ལམ་ཞིག་ཡིན་པས་ས་མིང་ལ་དེ་ལྟར་ཐོགས། གྲོག་ལུང་གི་རིང་ཚད་ལ་སྤྱི་ལེ2ཡོད། མཚོ་འཕགས་སྨི3500ཡོད། ཞིང་རྒྱལ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ16ཡས་མས་ཀྱི་མཚམས་སུ་ཡོད།
ཨའེ་ལེ་སེན་ཐའེ་ཞེས་པ་སོག་སྐད་དུ་བྱེ་ཐང་ཞེས་པའི་དོན་ཡིན། གནས་འདིར་རྒྱ་ཁྱོན་ལ་མུའུ500ཡོད་པའི་ཞིང་ས་ཞིག་ཡོད་ཅིང་། ཞིང་སའི་བྱེ་མ་ཅུང་ཞིབ་པས་ས་མིང་ལ་དེ་ལྟར་ཐོགས། འབའ་ལུང་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ19ཡས་མས་ཀྱི་མཚམས་སུ་ཡོད།
ཚའོ་ཧོ་ཨེར་ཐའོ་ལེ་ཀ་ཞེས་པ་སོག་སྐད་དུ་བྱེ་ཕུང་ཁྲ་ཁྲ་ཞེས་པའི་དོན་ཡིན། གནས་འདིར་བྱེ་ཕུང་འགའ་ཡོད་པའི་སྟེང་དུ་ཁ་དོག་སྣ་ཚོགས་ཀྱི་མེ་ཏོག་ཁྲ་ལྷམ་མེར་བཞད་ཡོད་པས་ས་མིང་ལ་དེ་ལྟར་ཐོགས། འབའ་ལུང་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ13ཡས་མས་ཀྱི་མཚམས་སུ་ཡོད།