ཡོངས་འཛིན་རིག་མཛོད། >ས་ཁམས། >ས་གཤིས། >གླིང་ཕྲན།

ཀོ་ལིན་ལན་གླིང་ཕྲན།

ཀོ་ལིན་ལན་གླིང་ཕྲན་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་གླིང་ཕྲན་ཡིན། ཀོ་ལིན་ལན་གླིང་ཕྲན་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨི་གྲུ་བཞི་མ2166086ཡོད། དེ་ནི་མེ་གླིང་བྱང་མ་དང་འཁྱགས་རུམ་རྒྱ་མཚོ་བྱང་མ། ནུབ་རྒྱ་མཚོ་ཆེན་མོ་བཅས་ཀྱི་དབུས་ན་ཡོད། བྱང་མཐའ་བྱང་སྣེའི་དཀྱིལ་ཐིག་དང་བར་ཐག་སྟོང་སྨི800ལས་མེད་པ་དང་། གླིང་ཕྲན་དེའི་རྒྱ་ཁྱོན་གྱི་སུམ་ཆའི་གཉིས་ནི་བྱང་སྣེའི་མུ་ཁྱུད་ཁྲོད་གནས་པས་གནས་དེ་རུ་འཚོ་སྡོད་བྱེད་པའི་སྡོད་དམངས་ཀྱིས་ལོ་རེར་ཧ་ལམ་ཉིན260རིང་ལ་མཚན་མོའི་འཚོ་བ་རོལ་བཞིན་ཡོད།

རིགས་དབྱེ།  

ཧྥོ་ལེ་ཙེ་གླིང་ཕྲན།

འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྱེ་མའི་གླིང་ཕྲན་ནི་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལེན་གྱི་ཤར་ལྷོའི་མཚོ་འགྲམ་གྱི་ཧྥོ་ལེ་ཙེ་གླིང་ཕྲན་ཡིན། གླིང་ཕྲན་གྱི་རིང་ཚད་ལ་སྟོང་སྨིས122དང་། རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ1620ཡོད། གླིང་ཕྲན་སྟེང་དུ་ཆར་ཆུ་མོད་པས་སའི་འོག་ཏུ་རྒྱ་ཆེ་བའི་ཚྭ་མེད་ཆུ་ཡི་རྫིང་བུ་ཞིག་གྲུབ། དེ་ལས་གཞན་བྱེ་སྒང་སོ་སོའི་བར་མཚམས་སུ་དྭངས་ཤིང་གཙང་བའི་ཚྭ་མེད་མཚེའུ40ལྷག་ཡོད། གལ་ཏེ་མི་རྣམས་མཚེའུ་འགྲམ་གྱི་དཀར་མདོག་གི་བྱེ་ཐང་དུ་གན་རྐྱལ་དུ་ཉལ་ཚེ། ལུས་སེམས་གཉིས་ཀར་ཤིན་ཏུ་སྐྱིད་པའི་བདེ་སྣང་སྟེར་ངེས།

རིགས་དབྱེ།  

མཚེར་བ་རི།

མཚེར་བ་རི་ཞེས་པ་ནི་སྔོན་དུས་མཚོ་སྔོན་པོའི་ནང་གི་གླིང་ཕྲན་ཞིག་ཡིན་ལ། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་ན་ཡོད། འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.24ཙམ་ཡོད།

རིགས་དབྱེ།  

ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་།

ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ནི་ས་སྙོམས་ཤིང་རྒྱ་ཆེ་བ་དང་། ཆུ་རྒྱུན་དྲ་བ་ལྟར་ཁྱབ་ཅིང་རང་བྱུང་གི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད། སྔར་ནས་ད་བར་ཁུལ་དེར་མི་འབོར་མང་བ་དང་། དཔལ་འབྱོར་དར་རྒྱས་ཆེ་ཞིང་ཕྱི་ཕྱོགས་སྒོ་དབྱེའི་སྲོལ་རྒྱུན་ལྡན།

རིགས་དབྱེ།  

མཚོ་སྙིང་མ་ཧཱ་དེ་ཝ།

མཚོ་སྙིང་མ་ཧྭ་དེ་ཝ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་མངའ་ཁོངས་ཀྱི་གླིང་ཕྲན་ཞིག་སྟེ། ཅང་སི་ཡུལ་ཚོ་སྲིད་གཞུང་ནས་བརྩིས་པའི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ30ལྷག་ཙམ་གྱིས་ཆོད་པའི་མཚོ་སྔོན་པོའི་དཀྱིལ་ན་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2ཡོད་ཅིང་། མཐོ་ཚད་ལ་མཚོ་མོའི་ངོས་ལས་སྨི78ཡོད།

རིགས་དབྱེ།  

ཏེའོ་ཡུས་གླིང་ཕྲན།

ཏེའོ་ཡུས་གླིང་ཕྲན་ལ་ཏེའོ་ཡུས་ཐའེ་དང་ཏེའོ་ཡུས་རི་བོའང་ཟེར། དེ་ནི་ཀྲུང་གོའི་ཤར་རྒྱ་མཚོའི་ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་གཙོ་བོ་དག་ཡིན་ལ། གནའ་ནས་བཟུང་ཀྲུང་གོ་རང་གི་རྒྱལ་ཁོངས་སུ་གཏོགས་པའི་མངའ་ཁོངས་ཤིག་ཡིན།

རིགས་དབྱེ།  

བཅུ་གཉིས་གླིང་།

རི་རབ་ཀྱི་ཕྱོགས་བཞིའི་རྒྱ་མཚོར་ཆགས་པའི་གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་དེ་གླིང་བཅུ་གཉིས།

རིགས་དབྱེ།  

མཚོ་སྙིང་མ་ཧཱ་དེ་ཝ།

མཚོ་སྙིང་མ་ཧྭ་དེ་ཝ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་སི་ཡུལ་ཚོ་མངའ་ཁོངས་ཀྱི་གླིང་ཕྲན་ཞིག་སྟེ། ཅང་སི་ཡུལ་ཚོ་སྲིད་གཞུང་ནས་བརྩིས་པའི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ30ལྷག་ཙམ་གྱིས་ཆོད་པའི་མཚོ་སྔོན་པོའི་དཀྱིལ་ན་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2ཡོད་ཅིང་། མཐོ་ཚད་ལ་མཚོ་མོའི་ངོས་ལས་སྨི78ཡོད།

རིགས་དབྱེ།