ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་།
ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ནི་ས་སྙོམས་ཤིང་རྒྱ་ཆེ་བ་དང་། ཆུ་རྒྱུན་དྲ་བ་ལྟར་ཁྱབ་ཅིང་རང་བྱུང་གི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད། སྔར་ནས་ད་བར་ཁུལ་དེར་མི་འབོར་མང་བ་དང་། དཔལ་འབྱོར་དར་རྒྱས་ཆེ་ཞིང་ཕྱི་ཕྱོགས་སྒོ་དབྱེའི་སྲོལ་རྒྱུན་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
珠江三角洲
ཕྱི་ཡིག་གི་མིང་།
Pearl River Delta of China
མིང་གཞན།
ཀྲུའུ་ཅང་གཙང་པོ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
ཀྲུང་ཧྭའི་ལྷོ་རྒྱུད།
མངའ་ཁོངས།
ཀོང་ཏུང་། ཞང་ཀང་། ཨའོ་མུན།
མགོ་ཁུངས།
ཡུན་ནན་ཞིང་ཆེན་ཀྲན་དབྱི་རྫོང་མཱ་ཞུང་རི་བོ།
གནས་ཡུལ།
ཀོང་ཏུང་ཞིང་ཆེན་གྱི་དབུས་ལྷོ་རྒྱུད་དང་ཀྲུའུ་ཅང་གཙང་བོའི་སྨད་རྒྱུད།
མཚོ་འཕགས།
སྨི 384
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི 6.5
མཐའ་སྐོར་རིང་ཚད།
སྤྱི་ལེ 2214
མི་གྲངས།
ཁྲི5616.39(སྤྱི་ལོ2012 རྒྱུན་སྡོད་མི་གྲངས)
1 ངོ་སྤྲོད།

ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ནི་ཀོང་ཏུང་ཞིང་ཆེན་གྱི་ཤར་ལྷོ་ཁུལ་དང་། ཀྲུའུ་ཅང་གཙང་བོའི་སྨད་རྒྱུད། ཞང་ཀང་ཨའོ་མུན་གཉིས་དང་མུ་འབྲེལ་ཞིང་། ཨེ་ཤ་ཡ་གླིང་གི་ལྷོ་ནུབ་ས་ཁུལ་དང་རྒྱ་མཚོས་བཅད་པའི་ཚུ་རོལ་དུ་གནས་ཡོད། སྐ་མཚོ་གཉིས་ཀར་འགྲིམ་འགྲུལ་ཧ་ཅང་བདེ་པོ་ཡོད་སྟབས། རང་རྒྱལ་གྱི་ལྷོ་སྒོ་ཆེན་མོ་ཞེས་བརྗོད། 1980ལོར་རང་རྒྱལ་དུ་དཔལ་འབྱོར་གྱི་དམིགས་བསལ་ས་ཁུལ4བཙུགས་པ་དང་། དུས་དེ་ནས་བཟུང་རང་རྒྱལ་གྱིས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ལོ་རྒྱུས་འགོ་བརྩམས། ས་ཁུལ4ནང་གི་ཧྲན་ཀྲན་དང་ཀྲུའུ་ཧའེ་ས་ཁུལ་གཉིས་ནི་ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་དུ་གནས་ཡོད། 1985ལོ་ནས་བཟུང་ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ཡོངས་རྫོགས་མཚོ་རྒྱུད་ཁུལ་གྱི་དཔལ་འབྱོར་སྒོ་དབྱེའི་ས་ཁུལ་དུ་བཅད། དུས་དེ་ནས་བཟུང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དུ་དཔལ་འབྱོར་དམིགས་བསལ་ས་ཁུལ་དང་། མཚོ་རྒྱུད་ཁུལ་གྱི་སྒོ་དབྱེའི་གྲོང་ཁྱེར། དཔལ་འབྱོར་སྒོ་དབྱེའི་ས་ཁུལ་བཅས་ཚུད་པའི་རིམ་པ་མང་པོ་ལྡན་པའི་སྒོ་དབྱེའི་མ་ལག་ཅག་ཆགས་ཡོད། ཀུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ཁུལ་གྱི་དམིགས་བསལ་ཆ་རྐྱེན་བཟང་པོ་དེས་ཕྱི་སྡོད་རང་མིའི་མ་རྩ་འབོར་ཆེན་འགུགས་ཐུབ་པ་བྱུང་སྟབས་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་མདུན་སར་གྱུར་ཞིང་། རྒྱལ་ཡོངས་ས་ཆ་གཞན་ལ་དཔེ་མཚོན་དང་སྐུལ་ཁྲིད་ཀྱི་ནུས་པ་བཟང་བོ་ཐོན་ཡོད།

2 དཔལ་འབྱོར།

དུས་རབས20ལོ་རབས80ནས་བཟུང་ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ཁུལ་གྱིས་ཞང་ཀང་ཨའོ་མུན་དང་མུ་འབྲེལ་བའི་གནས་བབ་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་མ་དངུལ་འབོར་ཆེན་འགུགས་ཐབས་བྱས་པ་དང་དུས་མཚུངས་སྔོན་ཐོན་ལག་རྩལ་གྱི་སྒྲིག་ཆས་དང་། གཉེར་སྐྱོང་དོ་དམ་བྱེད་ཐབས། བཟོ་འཚོང་གི་ཚན་རྩལ་འཕྲིན་བརྡ་གསར་ཤས་བཅས་ནང་འདྲེན་བྱས་ཡོད་པ་མ་ཟད། ངལ་རྩོལ་ནུས་ཤུགས་དགོས་མཁོ་མང་བའི་བཟོ་སྣོན་བཟོ་སྐྲུན་ཁེ་ལས་མང་དག་བཙུགས་ཡོད་པ། དཔེར་ན་འཁལ་འཐག་དང་གྱོན་ཆས་ཀྱི་བཟོ་སྐྲུན་ལས་རིགས། གློག་རྡུལ་དང་བརྡ་འཕྲིན་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས། གློག་མཁོའི་འཕྲུལ་ཆས་དང་རྒྱུ་ཆའི་བཟོ་སྐྲུན་ལས་རིགས། རྩེད་ཆས་ཀྱི་བཟོ་སྐྲུན་ལས་རིགས་ལྟ་བུའོ། །

3 ཡུལ་སྐོར་སྤྱི་སྤྱོད་རླངས་འཁོར།

ཐེན་ཙི་གྲུ་ཁར་སྤྱི་སྤྱོད་རླངས་འཁོར། 1、57、64、183、194、219、281、544 བཅས་ལ་བསྡད་ན་ཐོན་ཐུབ།

ཏཱ་ཧྲ་གྲུ་ཁར་སྤྱི་སྤྱོད་རླངས་འཁོར། 7、12、18、36、44、57、61、80、89、125、128、131、182、184、188、192、194、208、277、 287、543、546 དང་ཡུལ་སྐོར་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གཉིས་སོགས་ལ་བསྡད་ན་ཐོན་ཐུབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།