ཡོབ་གླིང་ཤར་མའི་བདེ་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོབ་གླིང་ཤར་མའི་བདེ་ཐང་།
ཡོབ་གླིང་ཤར་མའི་བདེ་ཐང་ནི་ཡོ་རོབ་གླིང་གི་ཤར་ཕྱོགས་སུ་ཡོད་ལ། དེ་ནི་འཛམ་གླིང་གི་བདེ་ཐང་ཆེ་བ་ཨང་གཉིས་པ་ཡིན། དེའི་ཁྱབ་ཁོངས་བྱང་ཕྱོགས་ཀྱི་བྱང་འཁྱགས་རོམ་རྒྱ་མཚོ་ནས་ལྷོའི་མཚོ་ནག་དང་མཚེའུ་ནང་མའི་བར་དུ་ཡོད། ཤར་གྱི་ཝུ་ལར་རི་རྒྱུད་ནས་ནུབ་ཀྱི་པོ་ལུའོ་ཏི་མཚོ་བར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི400ལྷག་ཡོད་པའི་རྒྱ་ཆེ་བའི་ས་ཁོངས་ཡིན། ཆ་སྙོམས་ཀྱི་མཚོ་འཕགས་ཧ་ལམ་སྨི170ཙམ་ཡིན། ཡོབ་གླིང་ཤར་མའི་བདེ་ཐང་གི་ས་ཁོངས་མང་ཆེ་བ་ཨུ་རུ་སུའི་མངའ་ཁོངས་ན་ཡོད། དེའི་རྐྱེན་གྱིས་ཨུ་རུ་སུའི་བདེ་ཐང་ཡང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东欧平原
ཕྱི་ཡིག་གི་མིང་།
East European plain
མིང་གཞན།
ཨུ་རུ་སུའི་བདེ་ཐང་།
ས་ཁམས་གནས་ཡུལ།
ཡོ་རོབ་གླིང་གི་ཤར་ཕྱོགས།
ཁོངས་གཏོགས་རྒྱལ་ཁབ།
ཨུ་རུ་སུ ། ཨེ་སོ་ན་ཡ། ལ་ཐེ་ཝེ་ཡ། ཨུ་རུ་སུ་དཀར་པོ། ཝུའུ་ཁོ་ལན་རྒྱལ་ཁབ་སོགས་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི་བཞི་བརྒྱ།
མཚོ་འཕགས།
ཧ་ལམ་སྨི་བརྒྱ་དང་བདུན་ཅུ།
གནམ་གཤིས།
དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླ།
ཆུ་རྒྱུན།
ཧྥུར་ཅ་གཙང་བོ། ཏུན་གཙང་བོ། ཏི་ཉེ་པོ་གཙང་བོ།
རི་རྒྱུད།
ཝུ་ལར་རི་རྒྱུད།
1 ས་ཁམས་ཁོར་ཡུག 

ཨུ་རུ་སུའི་སྐད་ཀྱིསRusska  Ravninaསྟེ། ཡོ་རོབ་ཤར་མའི་བདེ་ཐང་དུ་འབོད(East  European  plain)  མིང་གཞན་ལ་ཨུ་རུ་སུའི་བདེ་ཐང་ཟེར། འཛམ་གླིང་གི་ཆེས་ཆེ་བའི་བདེ་ཐང་གི་གྲས་ཡིན། བྱང་འཁྱགས་རོམ་རྒྱ་མཚོ་ནས་ལྷོའི་མཚོ་ནག་དང་མཚེའུ་ནང་མའི་བར། ཤར་གྱི་ཝུ་ལར་རི་རྒྱུད་ནས་ནུབ་ཀྱི་པོ་ལུའོ་ཏི་མཚོ་བར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི400ལྷག་ཡོད་པའི་རྒྱ་ཆེ་བའི་ས་ཁོངས་ཡིན། ཆ་སྙོམས་ཀྱི་མཚོ་འཕགས་ཧ་ལམ་སྨི170ཙམ་ཡིན། མཚོ་འཕགས་སྨི300ནས400བར་གྱི་ཧ་ཨར་ཏའེ་རི་མ་ཐང་། ཨུ་རུ་སུའི་དབུས་རྒྱུད་ཀྱི་རི་མ་ཐང་། ཧྥུར་ཅ་གཙང་བོའི་འགྲམ་ངོགས་ཀྱི་རི་མ་ཐང་སོགས་ཡོད་ལ། རྒྱ་མཚོ་ལས་དམའ་བའང་མཚེའུ་ནང་མའི་ཀོང་ས་ལྟ་བུ་ཡོད། བྱང་ནས་ལྷོ་རུ་སྔོ་དྲེགས་ས་ཁུལ། ནགས་ཚལ།  རྩྭ་ཐང་ནགས་ཚལ། རྩྭ་ཐང་ཁུལ་སོགས་རིམ་པར་ཆགས་ཡོད། མཚེའུ་ནང་མའི་བྱང་ངོས་སུ་ཐང་སྟོང་དང་ཕྱེད་ཐང་སྟོང་དུ་ཆགས།  ཆུ་རྒྱུན་གཙོ་བོ་ལ་ཧྥུར་ཅ་གཙང་བོ་དང་། ཏུན་གཙང་བོ།  ཏི་ཉེ་པོ་གཙང་བོ་བཅས་ཡོད།

གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་དེ། འཛམ་གླིང་ན་མིང་དུ་གྲགས་པའི་ཏུན་པ་སི་རྡོ་སོལ་གཏེར་ཁུལ། ཁུའུ་ཨའེ་སི་ཁོ་དང་ཁོ་ལི་ཝོ་ལུའོ་ཀོ་ལྕགས་གཏེར་ཁུལ། ཉི་ཁོ་པོ་ཨའེ་མཱན་གཏེར་ཁུལ། པ་ཁུའུ་གཉིས་པའི་སྣུམ་གཏེར་ཁུལ་སོགས་ཡོད།  མི་འབོར་འདུས་ཚད་སྟུག་པོར་ཡོད་པ། བཟོ་ཞིང་ལས་དང་། སྐམ་ས་དང་ཆུ་ཐོག་གི་འགྲིམ་འགྲུལ་དར་རྒྱས་ཆེ་བ། བདེ་ཐང་དུ་ཨུ་རུ་སུའི་ཤར་ཕྱོགས་དང་ཨེ་སོ་ན་ཡ། ལ་ཐེ་ཝེ་ཡ། ཨུ་རུ་སུ་དཀར་པོ། ཝུའུ་ཁོ་ལན་རྒྱལ་ཁབ་སོགས་ཡོད།  བདེ་ཐང་ལྷོ་ཕྱོགས་ཁུལ་གྱི་ས་དབྱིབས་ཅུང་བདེ་ཞིང་སྙོམས་པ་ཡིན།  ཆུ་རྒྱུན་གྱིས་བསླད་སྐྱོན་གཏོང་བའི་ནུས་པ་གཙོ་ཆེ་སྟེ། ཀླུང་རོང་དང་གཞོང་སའི་ས་བྱད་དར་རྒྱས་ཆེ་བ་ཡིན། ཡོ་རོབ་ཤར་མའི་བདེ་ཐང་གི་ཆ་སྙོམས་མཚོ་འཕགས་སྨི170ཙམ་ལས་མེད་ནའང་། བདེ་ཐང་དུ་མཚོ་འཕགས་སྨི300ཡན་གྱི་རི་མ་ཐང(ཨུ་རུ་སུའི་དཀྱིལ་དབུས་ཀྱི་རི་མ་ཐང་། ཧྥུར་ཅ་གཙང་བོའི་རི་མ་ཐང)ཡོད་ལ། རྒྱ་མཚོ་ངོས་ལས་དམའ་བའི་མཚེའུ་ནང་མའི་ཁུལ་གྱི་ཀོང་སའང་ཡོད། ས་དབྱིབས་མཐོ་དམའ་མི་སྙོམ་ཞིང་ས་ཁོངས་རྒྱ་ཆེ་བས་ས་ཁུལ་སོ་སོའི་ནམ་ཟླའང་འདྲ་མཚུངས་མིན་ལ། སྲོག་ཆགས་དང་རྩི་ཤིང་གི་ཁྱབ་ཚུལ་ལའང་ཁྱད་པར་ཆེན་པོ་ཡོད། བྱང་ནས་ལྷོ་རུ་རིམ་པ་ལྟར་དུ། གྲང་ངར་ཧ་ཅང་ཆེ་བའི་སྔོ་དྲེགས་ས་ཁུལ། གྲང་ངར་ཅུང་ཆེ་བའི་ནགས་ཚལ་ཁུལ།  དྲོ་གྲང་སྙོམས་པའི་རྩྭ་ཐང་ནགས་ཚལ་ས་ཁུལ།  དྲོད་ཁུལ་རྩྭ་ཐང་ནམ་ཟླ་བཅས་ཁྱབ་ཡོད། བདེ་ཐང་གི་ཕྱེད་ཡན་ཆད་ནི་ནགས་ཚལ་ཁུལ་གྱིས་ཟིན་ཡོད་པ་ཡིན།   བདེ་ཐང་དུ་ཧྥུར་ཅ་གཙང་བོ་དང་། ཏུན་གཙང་བོ།  ཏི་ཉེ་པོ་གཙང་བོ་བཅས་མིང་དུ་གྲགས་པའི་གཙང་བོ་ཆེན་པོ་དུ་མ་ཡོད། ཡོ་རོབ་ཤར་མའི་བདེ་ཐང་དུ་རྡོ་སོལ་དང་ལྕགས།  རྡོ་སྣུམ། མཱན་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ད་དུང་མི་གྲངས་ཀྱི་འདུས་ཚད་ཆེ་བས། བཟོ་ཞིང་ལས་དང་། སྐམ་ས་དང་ཆུ་ཐོག་སྐྱེལ་འདྲེན་དར་རྒྱས་ཆེ་བ་ཡིན། མོ་རི་ཁོ་ལྟེ་གནས་བྱས་ཏེ་བཟོ་གྲྭ་དང་གཏེར་ཁུལ་གཙོ་བོ་མང་པོ་ཁྱབ་ཡོད་པས། དེ་ནི་ཨུ་རུ་སུའི་སྙིང་ཁམས་ལྟ་བུ་ཁུལ་ཡིན་ནོ། །

QQ截图20151106085613.png

2 ནམ་ཟླ།

ཡོ་རོབ་ཤར་མའི་བདེ་ཐང་ནི་དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་ཡིན། ཧྥུར་ཅ་གཙང་བོ་ནི་ཁུལ་འདིར་བཞུར་བའི་ཆུ་བོ་གཙོ་བོ་ཡིན། རང་བྱུང་ཁོར་ཡུག་ལ་མངོན་གསལ་གྱི་ས་ཁུལ་རང་བཞིན་གྱི་ཁྱད་ཆོས་ཡོད་དེ། བྱང་ནས་ལྷོ་རུ་རིམ་བཞིན་སྔོ་དྲེགས་ས་ཁུལ།  ལོ་མ་ཆེ་བའི་ཤིང་ནགས་དང་ལོ་མ་ཁབ་དབྱིབས་ཅན་གྱི་ཤིང་ནགས་འདྲེས་མའི་ནམ་ཟླ། རྩྭ་ཐང་ནགས་ཚལ་ནམ་ཟླ།  རྩྭ་ཐང་ནམ་ཟླ།  ཐང་སྟོང་དང་ཕྱེད་ཐང་སྟོང་རང་བྱུང་ཁུལ།  ས་ཁུལ་མང་ཆེ་བ་བྱང་དྲོད་རྒྱུད་ཁུལ་དུ་ཡོད།  ནམ་ཟླ་དྲོ་ཞིང་བརླན་གཤེར་ཆེ་བ། ནུབ་ཁུལ་གྱི་ནུབ་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་ཀྱི་རྒྱུད་དུ་དབྱར་དུས་བསིལ་ཞིང་དགུན་དུས་སུ་དྲོད་འཇམ་ལྡན་པ་དང་། ཆར་སྨུག་མང་བས་དཔེ་མཚོན་རང་བཞིན་གྱི་དྲོད་ཁུལ་རྒྱ་མཚོའི་ནམ་ཟླའི་རིགས་སུ་གཏོགས། ཤར་རྒྱུད་ཁུལ་རྒྱ་མཚོ་དང་ཅུང་ཐག་རིང་བས་དྲོད་ཁུལ་སྐམ་ས་རང་བཞིན་གྱི་ནམ་ཟླའི་རིགས་སུ་གཏོགས་པ་ཡིན། ཡོ་རོབ་ཤར་མའི་བདེ་ཐང་གི་བྱང་ཕྱོགས་ནི་དྲོད་ཁུལ་ལོ་མ་ཁབ་དབྱིབས་ཅན་གྱི་ཤིང་ནགས་ནམ་ཟླའི་རིགས་སུ་གཏོགས། བྱང་འཁྱགས་རོམ་རྒྱ་མཚོའི་འགྲམ་རྒྱུད་ས་ཁུལ་དུ་དགུན་དུས་གྲང་ངར་ཆེ།  དབྱར་དུས་བསིལ་ཞིང་ཐུང་བ་ཡིན་པས་གྲང་ཁུལ་སྔོ་དྲེགས་ནམ་ཟླའི་རིགས་སུ་གཏོགས། ལྷོ་ཕྱོགས་ས་དབུས་རྒྱ་མཚོའི་འགྲམ་རྒྱུད་ཁུལ་དུ་དགུན་དྲོ་ཞིང་ཆར་ཆུ་མང་བ་དང་དབྱར་དུས་ཚ་ཞིང་སྐམ་ཤས་ཆེ་བས་ཚ་ཁུལ་ཕལ་བའི་ས་དབུས་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླའི་རིགས་སུ་གཏོགས་པ་ཡིན།

3 ཐོན་ཁུངས།

གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་དེ། འཛམ་གླིང་ན་མིང་དུ་གྲགས་པའི་ཏུན་པ་སི་རྡོ་སོལ་གཏེར་ཁུལ། ཁུའུ་ཨའེ་སི་ཁོ་དང་ཁོ་ལི་ཝོ་ལུའོ་ཀོ་ལྕགས་གཏེར་ཁུལ། ཉི་ཁོ་པོ་ཨའེ་མཱན་གཏེར་ཁུལ། པ་ཁུའུ་གཉིས་པའི་སྣུམ་གཏེར་ཁུལ་སོགས་ཡོད། བདེ་ཐང་དུ་ཨུ་རུ་སུའི་ཤར་ཕྱོགས་དང་ཨེ་སོ་ན་ཡ། ལ་ཐེ་ཝེ་ཡ། ཨུ་རུ་སུ་དཀར་པོ། ཝུའུ་ཁོ་ལན་རྒྱལ་ཁབ་སོགས་ཡོད།  གཏེར་ཁའི་ཐོན་ཁུངས་གཙོ་བོ་ནི་རྡོ་སོལ་དང་། རྡོ་སྣུམ། ལྕགས། མཱན་བཅས་ཕུན་སུམ་ཚོགས་པོ་ཡོད། རྡོ་སོལ་གཙོ་བོར་ཝུའུ་ཁོ་ལན་རྒྱབ་ཁབ་ཀྱི་ཏུན་པ་སི་དང་ཕོ་ལན་རྒྱལ་ཁབ་ཀྱི་ཞི་ལི་ཞི་ཡ། འཇན་མན་རྒྱབ་ཁབ་ཀྱི་ལུའུ་ཨར་དང་ས་ཨར། ཧྥ་རན་སེའི་བྱང་རྒྱུད་ཁུལ་དང་ལུའོ་ལིན། དབྱིན་ཇིའི་དབྱིན་ཀོ་ལན་དབུས་ཁུལ་སོགས་འཛམ་གླིང་ན་མིང་གྲགས་ཡོད་པའི་རྡོ་སོལ་གཏེར་ཁ་ཆེན་པོ་ས་ཁུལ་འདི་དག་ལ་ཁྱབ་ཡོད།  རྡོ་སྣུམ་གཙོ་བོ་ཁ་ཨར་པ་ཆན་རི་རྒྱུད་ཀྱི་རི་འདབས་དང་། པེ་ཧའེ་མཚོ་དང་དེའི་འགྲམ་རྒྱུད་དུ་ཁྱབ་ཡོད། གཏེར་ཁ་རིགས་གཙོ་བོ་ལ་ད་དུང་རང་བྱུང་སོལ་རླངས། ཅཱ་ཚྭ། ཟངས། ཁིར། ཧ་ཡང་། ཏི་ཚ། དངུལ་ཆུ། མུ་ཟི་སེར་བོ་སོགས་ཡོད། ཨ་ཨར་པ་ཉི་ཡའི་རང་བྱུང་སྣུམ་སྙིགས་དེ་འཛམ་གླིང་ལ་མིང་དུ་གྲགས་ཡོད། ཡོ་རོབ་གླིང་གི་ནགས་ཚལ་གྱི་རྒྱ་ཁྱོན་གྱིས་ཡོ་རོབ་གླིང་ཧྲིལ་བོའི་སྤྱིའི་རྒྱ་ཁྱོན་གྱི39%དང་འཛམ་གླིང་གི་སྤྱིའི་རྒྱ་ཁྱོན་གྱི23%ཟིན་ཡོད།

4 ས་གཤིས་ས་བྱད།

ས་གཤིས་ཆགས་ཚུལ་ཐད་ནས་བལྟས་ན། བདེ་ཐང་འདིར་སྔ་རྗེས་ཐེངས་བཞི་ལ་འཁྱགས་རོམ་དུས་རིམ་གྱིས་ཤུགས་རྐྱེན་ཐེབས་ཡོད། འཁྱགས་གོང་དང་འཁྱགས་མཚེའུ་ས་བྱད་དར་རྒྱས་ཆེ་བ་ཡིན། བདེ་ཐང་གི་བྱང་ཕྱོགས་སུ་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་འགྲོ་བའི་འཁྱགས་གོང་དུ་མ་ཡོད་དེ། ཝ་ཨར་ཏའེ་ས་མཐོ་ནི་འཁྱགས་གོང་རིམ་འགྱུར་ལས་གྲུབ་པ་ཡིན། འཁྱགས་གོང་རི་མ་ཐང་གི་བར་དུ་ཀོང་ས་དང་འདམ་གཞུང་གང་སར་ཁྱབ་ཡོད། གཞན་ད་དུང་སྦྲུལ་དབྱིབས་རི་མ་ཐང་། རྔ་དབྱིབས་རི་མ་ཐང་། འཁྱགས་གོང་གྲུ་ཁ་སོགས་འཁྱགས་གོང་ས་བྱད་ཆེས་སྤྱིར་བཏང་དུ་ཁྱབ་ཡོད། བདེ་ཐང་གི་ལྷོ་ཕྱོགས་ཀྱི་ས་དབྱིབས་ཅུང་བདེ་སྙོམས་ཡིན། ཆུ་རྒྱུན་གྱིས་བསླད་སྐྱོན་གཏོང་བའི་ནུས་པ་གཙོ་ཆེ་སྟེ། ཀླུང་རོང་དང་གཞོང་སའི་ས་བྱད་ཅུང་དར་རྒྱས་ཆེ་བ་ཡིན།  

བདེ་ཐང་གི་བྱང་ཕྱོགས་སུ་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་འགྲོ་བའི་འཁྱགས་གོང་དུ་མ་ཡོད་དེ།  ཝ་ཨར་ཏའེ་ས་མཐོ་ནི་འཁྱགས་གོང་རིམ་འགྱུར་ལས་གྲུབ་པ་ཡིན། འཁྱགས་གོང་རི་མ་ཐང་གི་བར་དུ་ཀོང་ས་དང་འདམ་གཞུང་གང་སར་ཁྱབ་ཡོད། གཞན་ད་དུང་སྦྲུལ་དབྱིབས་རི་མ་ཐང་། རྔ་དབྱིབས་རི་མ་ཐང་། འཁྱགས་གོང་གྲུ་ཁ་སོགས་འཁྱགས་གོང་ས་བྱད་ཆེས་སྤྱིར་བཏང་དུ་ཡོད། རི་མ་ཐང་རང་བཞིན་གྱི་ས་མཐོ་དང་ཀོང་ས་བསྣོལ་མར་ཁྱབ་ཡོད་པ་དེའི་མཚོ་འཕགས་ནི་ཧ་ལམ་སྨི170ཡིན། བདེ་ཐང་གི་བྱང་ཕྱོགས་སུ་འཁྱགས་ཀླུང་ས་དབྱིབས་རྒྱ་ཆེར་ཁྱབ་སྟེ། ཝ་ཨར་ཏའེ་རི་མ་ཐང་སོགས་དཔེ་མཚོན་ཅན་གྱི་འཁྱགས་གོང་རི་མ་ཐང་དང་འཁྱགས་ཆུའི་བདེ་ཐང་སོགས་ཡོད། ལྷོ་ཕྱོགས་ཁུལ་དུ་བཞུར་ཆུའི་ས་བྱད་དར་རྒྱས་ཆེ་བ་དང་། མཚོ་ནག་འགྲམ་ངོགས་ནི་ཐན་པའི་ས་བྱད་ཡིན། ཡོ་རོབ་ཤར་མའི་བདེ་ཐང་གི་ཆ་སྙོམས་མཚོ་འཕགས་སྨི170ལས་མེད་ནའང་།  བདེ་ཐང་དུ་མཚོ་འཕགས་སྨི300ཡན་གྱི་རི་མ་ཐང(ཨུ་རུ་སུའི་དཀྱིལ་དབུས་ཀྱི་རི་མ་ཐང་། ཧྥུར་ཅ་གཙང་བོའི་རི་མ་ཐང)ཡོད་ལ། རྒྱ་མཚོ་ངོས་ལས་དམའ་བའི་མཚེའུ་ནང་མའི་ཁུལ་གྱི་ཀོང་སའང་ཡོད། ས་དབྱིབས་མཐོ་དམའ་མི་སྙོམ་ཞིང་ས་ཁོངས་རྒྱ་ཆེ་བས་ས་ཁུལ་སོ་སོའི་ནམ་ཟླའང་འདྲ་མཚུངས་མིན་ལ། སྲོག་ཆགས་དང་རྩི་ཤིང་གི་ཁྱབ་ཚུལ་ལའང་ཁྱད་པར་ཆེན་པོ་ཡོད། བྱང་ནས་ལྷོ་རུ་རིམ་པ་ལྟར་དུ། གྲང་ངར་ཧ་ཅང་ཆེ་བའི་སྔོ་དྲེགས་ས་ཁུལ། གྲང་ངར་ཅུང་ཆེ་བའི་ནལས་ཚལ་ཁུལ།  དྲོ་གྲང་སྙོམས་པའི་རྩྭ་ཐང་ནགས་ཚལ་ས་ཁུལ།  དྲོད་ཁུལ་རྩྭ་ཐང་ནམ་ཟླ་བཅས་ཁྱབ་ཡོད། བདེ་ཐང་གི་ཕྱེད་ཡན་ཆད་ནི་ནགས་ཚལ་ཁུལ་གྱིས་ཟིན་ཡོད་པ་ཡིན།   བདེ་ཐང་དུ་ཧྥུར་ཅ་གཙང་བོ་དང་། ཏུན་གཙང་བོ།  ཏི་ཉེ་པོ་གཙང་བོ་བཅས་མིང་དུ་གྲགས་པའི་གཙང་བོ་ཆེན་པོ་དུ་མ་ཡོད།  

QQ截图20151106085830.png

5 རི་རྒྱུད།

ཝུ་ལར་རི་རྒྱུད་ནི་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གཉིས་ཀྱི་མཚམས་ཐིག་ཡིན་ལ། བྱང་ནས་ལྷོ་རུ་འགྲོ་བའི་རི་རྒྱུད་ཅིག་ཡིན།

ཝུ་ལར་རི་རྒྱུད་བྱང་གི་བྱང་འཁྱགས་རོམ་རྒྱ་མཚོའི་ཁ་ལ་མཚོའི་པའེ་ཏ་ལ་ཚི་མཚོ་ཁུག་ནས་ལྷོའི་ཧ་སག་སི་ཐན་རྩྭ་ཐང་ས་རྒྱུད་དུ་སྟོང་སྨི2000དུ་བསྲིངས་འདུག་ལ། ཡོ་རོབ་ཤར་མའི་བདེ་ཐང་དང་སི་སྦེ་རི་ཨ་བདེ་ཐང་གི་བར་ན་གྲོང་ངེར་འགྱིང་འདུག  རི་རྒྱུད་ཧྲིལ་བོར་བྱང་ནས་ལྷོ་རུ་ཁུལ་རིམ་པ་ལྔར་དབྱེ་ཡོད་དེ། སྣེ་ཁུལ། སྣེ་ཁུལ་ཕལ་བའི་ཝུར་ལ་རི་བོའི་རི་ཁུལ། ཝུ་ལ་རི་བོའི་བྱང་ཕྱོགས་ཁུལ། ཝུ་ལ་རི་བོའི་དབུས་རྒྱུད་ཁུལ། ཝུ་ལ་རི་བོའི་ལྷོ་རྒྱུད་ཁུལ་བཅས་ལྔ་ཡིན། རི་བོ་སྤྱིར་བཏང་དུ་དེ་འདྲ་མཐོན་པོ་ཞིག་མིན། ཆ་སྙོམས་མཚོ་འཕགས་སྨི500ནས1200དང་། སྣེ་ཁུལ་ཕལ་བའི་ཁུལ་གྱི་མཐོ་ཚད་ལ་སྨི1894ཡོད་པའི་མི་དམངས་རི་རྩེ་ནི་ཝུ་ལར་རི་བོའི་ཆེས་མཐོ་བའི་རི་རྩེ་ཡིན།  རི་རྒྱུད་ཀྱི་ཞེང་ཚད་ལ་སྟོང་སྨི40ནས150བར་ཡིན། རི་རྒྱུད་ཀྱི་དབུས་ཁུལ་དམའ་བ་དང་། དེ་ནི་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གཉིས་འགྲོ་འོང་བྱེད་སའི་རྒྱུ་ལམ་གཙོ་བོ་ཡིན།

ཝུ་ལར་རི་རྒྱུད་ཀྱི་ཤར་ངོས་ཅུང་གཟར་ཞིང་ནུབ་ངོས་གྱེན་མ་གསེག་ཏུ་ཡོད།  ས་ཁམས་ཆ་རྐྱེན་མི་འདྲ་བས་ཝུ་ལར་རི་བོའི་ཕྱོགས་གཉིས་ཀྱི་ཐོན་ཁུངས་དང་། སྲོག་ཆགས་དང་རྩི་ཤིང་ཁྱབ་ཚུལ་ལ་མངོན་གསལ་གྱི་ཁྱད་པར་ཡོད།  ཝུ་ལར་རི་རྒྱུད་ནི་ཨུ་རུ་སུའི་གཏེར་ཁའི་མཛོད་ཁང་ཆེན་མོ་ཞིག་ཡིན་ཏེ། ཤར་ངོས་སུ་ལྕགས་ཁབ་ལེན། ཟངས། ཧ་ཡང་། ཕེད། རྡོ་བལ་གཏེར་ཁ་མང་བོ་ཆགས་ཡོད། ནུབ་ངོས་སུ་ཅཱ་ཚྭ།  རྡོ་སྣུམ།  རང་བྱུང་སོལ་རླངས་སོགས་ཀྱི་གཏེར་ཁ་ཆགས་ཡོད། རི་རྒྱུད་ཀྱི་ཤར་ནུབ་ངོས་སུ་དྲོད་ཚད་མི་འདྲ་བ་དང་། ནུབ་ངོས་ཀྱི་ལོའི་ཆར་ཆུ་འབབ་ཚད་དེ་ཤར་ངོས་ཀྱི་ལོའི་ཆར་ཆུ་འབབ་ཚད་ལས་ཧའོ་སྨི300མང་བ་ཡོད་ལ།  ལོ་མ་ཆེན་པོའི་ཤིང་ནགས་དང་ལོ་མ་ཁབ་དབྱིབས་ཅན་ཤིང་ནགས་མང་བོ་ཁྱབ་འདུག  ཤིང་ནགས་ཁྲོད་དུ་ཤིང་ཏོ་ཧྲུའུ། མོན་ཆ་ར། ཤིང་ཧྥེང་ཧྲུའུ་སྟག་པ་དཀར་པོ་སོགས་ཤིང་རིགས་མང་བོ་ཡོད། ཤར་ངོས་སུ་མང་ཆེ་བ་ལོ་སྐྱུར་ཐང་ཤིང་ཡིན་ལ། ལོ་མ་ཆེ་བའི་ཤིང་ནགས་མཐོང་རྒྱུ་ཧ་ཅང་ཉུང་། 

ཝུ་ལར་རི་བོ་དེ་ད་དུང་ཧྥུར་ཅ་གཙང་བོ། ཝུ་ལར་གཙང་བོ་དང་ཤར་ཕྱོགས་ཀྱི་ཨོ་བྷེ་གཙང་བོའི་འབབ་རྒྱུད་ཀྱི་ཆུ་མཚམས་འབྱེད་རི་ཡིན་པས།  ཝུ་ལར་རི་བོའི་ཤར་ནུབ་གཉིས་ཀྱི་ཆུ་རྒྱུན་དུ་འཚོ་བའི་ཉའང་མི་འདྲ་སྟེ། ནུབ་ཕྱོགས་ཀྱི་ཆུ་རྒྱུན་དུ་ཡོད་པའི་ཉ་ཀུའེ་ཡུས་ཀྱི་ལུས་སྟེང་ནས་འོད་དམར་བོ་འཕྲོས་པ་དང་། ཤར་ཕྱོགས་ཆུ་རྒྱུན་དུ་ཡོད་པའི་མ་ཁོ་ཞུན་ཡུས་ཉ་ཆེན་དང་ཉ་ཀྲེ་ཏུང་ཡུས་སོགས་ཀྱི་སྟེང་དུ་དངུལ་མདོག་འཕྲོ་བ་ཡིན།

6 ཆུ་རྒྱུན།

ཧྥུར་ཅ་གཙང་བོ་ནི་ཨུ་རུ་སུ་མི་དམངས་ཀྱི་མ་ཡུམ་གཙང་བོ་ཡིན།  ཧྥུར་ཅ་གཙང་བོ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་ནང་འབབ་ཆུ་བོ་ཡིན། དེའི་མགོ་ཁུངས་ཡོ་རོབ་ཤར་མའི་བདེ་ཐང་ནུབ་ཕྱོགས་ཀྱི་ཝ་ཨར་ཏའེ་རི་མ་ཐང་ཁྲོད་ཀྱི་འདམ་གཞུང་དང་མཚེའུ་ལས་བྱུང་བ་ཡིན།  སྤྱིའི་རིང་ཚད་ལ་སྟོང་སྨི3690ཡོད་ལ་མཐར་མཚེའུ་ནང་མའི་ནང་དུ་འབབ་བཞིན་ཡོད།  འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ138ཡོད་པ་དེས་ཡོ་རོབ་ཤར་མའི་བདེ་ཐང་གི་སུམ་ཆའི་གཅིག་ཟིན་ཡོད་ལ། དེ་ནི་ཡོ་རོབ་གླིང་གི་གཙང་བོ་རིང་བོ་ཨང་དང་པོ་ཡིན། ཧྥུར་ཅ་གཙང་བོའི་དབུས་བྱང་ནི་ཨུ་རུ་སུའི་མི་རིགས་དང་རིག་གནས་ཀྱི་འབྱུང་ཁུངས་ཡིན། ལོ་སྟོང་བརྒྱ་ཕྲག་ལྷག་གི་རིང་ལ།  ཧྥུར་ཅ་གཙང་བོའི་ཆུ་རྒྱུན་གྱིས་ངོགས་གཉིས་ཀྱི་རྒྱ་ཆེ་བའི་ཞིང་ས་གཤིན་པོར་བརླན་གཤེར་སྦྱིན་ཞིང་ཨུ་རུ་སུའི་མི་རིགས་ཀྱི་བུ་ཕྲུག་མང་བོ་དྲིན་གསོས་ཡོད། ཧྥུར་ཅ་གཙང་བོའི་འབབ་རྒྱུད་དུ་དགུན་དུས་གྲང་ངར་ཆེ་ཞིང་ཡུན་རིང་ལ་ཁ་བ་སྟུག་པོས་གཡོགས་འདུག  དགུན་དུས་སུ་གཙང་ངོས་ལ་དར་ཆགས་པ་དང་སྟོད་རྒྱུད་ཀྱི་འཁྱགས་རོམ་དུས་ཡུན་ཉིན140དང་། དབུས་རྒྱུད་ཀྱི་འཁྱགས་རོམ་དུས་ཡུན་ཉིན90ནས100བར་ཡིན།  དབྱར་དུས་ཐོན་དུས། གངས་གསོག་ཐེབས་པ་མང་བོ་བཞུས་ཏེ་ཧྥུར་ཅ་གཙང་བོ་ལ་འདྲེས་བ་ཡིན། གངས་ཆུ་འདི་དག་ནི་མཚེའུ་ནང་མའི་མཚོ་ཆུའི་དོ་མཉམ་ལ་སྙོམ་སྒྲིག་གི་ནུས་པ་གལ་ཆེན་ཐོན་ཡོད།

7 རིག་གནས།

སི་ལ་ཧྥུ་མི་རིགས་ནི་དེང་གི་ཕོ་ལན་རྒྱལ་ཁབ་ལྷོ་ཕྱོགས་ཀྱི་ཝེ་སི་ཏུའུ་ལ་གཙང་བོའི་སྟོད་རྒྱུད་ཁུལ་ནས་བྱུང་ཞིང་། སྤྱི་ལོ་དུས་རབས་དང་པོའི་དུས་ནས་ཕྱི་ཡུལ་དུ་གནས་སྤོ་བའི་མགོ་བརྩམས་ཤིང་། དུས་རབས་དྲུག་པའི་དུས་སྐབས་ནས་ཡོ་རོབ་ཤར་མ་དང་ཨུ་རུ་སུའི་ས་ཁུལ་ཡོངས་སུ་ཁྱབ་ཡོད།  སྡོད་གནས་ཀྱི་ས་ཁུལ་མི་འདྲ་བའི་དབང་གིས་སི་ལ་ཧྥུ་མི་རིགས་དེའང་ཤར་དང་ནུབ། ལྷོ་བཅས་ཁག་གསུམ་ཏུ་ཕྱེ་ཡོད། ཤར་གྱི་ཁག་དེ་གཙོ་བོ་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་ལ། ནུབ་དང་ལྷོའི་ཁག་དེ་གཙོ་བོ་ཡོ་རོབ་གླིང་གི་ས་ཁུལ་སོ་སོར་ཁྱབ་ཡོད།

མ་ཀྲ་ཨེར་མི་ཐོག་མར་ཝུ་ལར་རི་རྒྱུད་ནུབ་ངོས་ཀྱི་རྩྭ་ཐང་གི་མི་རིགས་ཤིག་ཡིན་ལ། སྤྱི་ལོ་དུས་རབས་དགུ་བའི་ནང་དུ་ཧང་ག་རི་རྒྱལ་བོའི་རྒྱལ་ཁབ་བཙུགས་པ་ཡིན།  ནུབ་ཕྱོགས་སུ་སྤོ་བའི་བརྒྱུད་རིམ་ཁྲོད་དུ་སི་ལ་ཧྥུ་མི་རིགས་དང་དྲུ་གུ་མི་རིགས་ལ་འདྲེས་སྡོད་བྱས་པ་དང་། ཧང་ག་རི་བདེ་ཐང་དུ་སྡོད་གནས་སྤོས་རྗེས་རི་ཨེར་མན་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་ཡོད།

ཨར་པ་ནི་ཡ་མི་གཙོ་བོ་དེང་གི་ཨར་པ་ནི་ཡ་དང་སའེ་ཨར་ཝེ་ཡའི་ཁོ་སུའོ་ཨའོ་ཞིང་ཆེན་དུ་ཁྱབ་ཅིང་། དུས་རབས་བཅུ་བཞི་བའི་རྗེས་སུ་ཐུར་ཁེས་དབང་བསྒྱུར་པས། རིག་གནས་ལ་ཤར་ཕྱོགས་རིག་གནས་ཀྱི་ཁྱད་ཆོས་ལྡན་ཞིང་ཆོས་ལུགས་ཐོག་ནས་ལ་དབྱི་སི་ལན་ཆོས་ལུགས་དད་མོས་བྱེད་པ་གཙོ་བོ་ཡིན།

རོ་མ་ནི་ཡ་མི་ནི་ཡོ་རོབ་ཤར་མའི་ལ་ཏིང་སྐད་སྤྱོད་པའི་མི་རིགས་གཅིག་པུ་ཡིན་ལ། སི་ལ་ཧྥུ་མི་རིགས་མང་བོ་དང་འདྲ་བར་ཡེ་ཤེས་དངོས་བརྒྱུད་ཆོས་ལུགས་ཤར་པར་དད་མོས་བྱས་པ་ཡིན། ཁོ་ཚོ་ནི་གནའ་བོའི་རོ་མ་མིའི་གདུང་རྒྱུད་དང་། རོ་མ་བཙན་རྒྱལ་གྱིས་གནས་འདི་ནས་ཞིང་ཆེན་བཙུགས་ཤིང་དབང་བསྒྱུར་པའི་དབང་གིས་ཡོ་རོབ་ཤར་མར་ཤུལ་སྡོད་བྱས་པ་ཡིན།

8 གྲུབ་རྐྱེན།

ཡོ་རོབ་ཤར་མའི་བདེ་ཐང་དེ་ཆགས་ཚུལ་གྱི་ཐད་ནས་ཨུ་རུ་སུའི་སྐམ་སའི་སྟེགས་བུའི་ཁག་གཅིག་ཡིན་ལ། ཧན་ཝུའུ་དུས་རབས་སྔ་མར་གཞི་མཐིལ་ལ་གནའ་བོའི་སྐྱེ་དངོས་ཀྱི་དུས་རབས(ས་གཤིས་དུས་རབས་གསུམ་པ)ནས་ད་བར་དུ་སྲབ་སྟུག་མི་འདྲ་བའི་ས་རིམ་གྱིས་ཁེབས་ཡོད་པ་དེ་རྩ་བའི་ཆ་ནས་ཆུ་སྙོམས་ཀྱི་རྣམ་པའི་ཁྱབ་ཡོད།  ས་དབྱིབས་ཀྱི་སྟེང་ནས་བལྟས་ན་རྒྱ་ཆེ་ཞིང་ཞི་ལྷོད་ཡིན་ཡང་། ཅུང་མཐོ་དམའ་མི་སྙོམས་པའི་རི་མ་ཐང་རང་བཞིན་གྱི་བདེ་ཐང་ཆེན་པོ་ཞིག་ཡིན།  རི་མ་ཐང་རང་བཞིན་གྱི་ས་མཐོ་དང་རྒྱ་ཁྱོན་ཅུང་ཆུང་བའི་ས་ཀོང་ཕན་ཚུན་བསྣོལ་མར་ཆགས་ཡོད། ཆ་སྙོམས་མཚོ་འཕགས་ཀྱི་མཐོ་ཚད་ལ་སྨི175དང་ཆེས་མཐོ་བ་སྨི463ཡིན།  ཡིན་ནའང་། ས་ཁོངས་མང་ཆེ་བ་སྨི200མན་ཡིན་པ་དང་། ཤར་ལྷོའི་ཕྱོགས་ཀྱི་མཚེའུ་ནང་མའི་མཚོ་རྒྱུད་ཀྱི་ཀོང་ས་ནི་རྒྱ་མཚོ་ངོས་ལས་དམའ་བ་ཡིན་པས། རྒྱ་མཚོས་བདས་བསགས་བདེ་ཐང་གྲུབ་ཡོད།  དུས་རབས་བཞི་བའི་འཁྱགས་རོམ་དུས་རིམ་ལ། ཡོ་རོབ་ཤར་མའི་བདེ་ཐང་ལ་ཐེངས་བཞི་འཁྱགས་ཀླུང་གིས་རྡུང་རྡེག་ཕོག་པ་དང་། འཁྱགས་ཀླུང་གི་འགུལ་སྐྱོད་དེ་ཡོ་རོབ་ཤར་མའི་བདེ་ཐང་གི་དེང་དུས་ཀྱི་ས་དབྱིབས་རྣམ་པ་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། བྱང་ཕྱོགས་དང་ནུབ་བྱང་ས་ཁུལ་ནི་འཁྱགས་ཀླུང་གིས་བསླད་སྐྱོན་ཐེབས་པའི་ས་དབྱིབས་གཙོ་བོ་སྟེ། ས་ངོས་མཐོ་དམའ་མི་སྙོམས་པ་དང་མཚེའུ་མང་བ་ཡིན། དབུས་རྒྱུད་ནི་འཁྱགས་གོང་གཙོ་བོའི་ཁུལ་ཡིན་ལ། འཁྱགས་གོང་རི་མ་ཐང་བར་དུ་འདམ་གཞུང་དང་ཀོང་ས་མང་བོ་གྲུབ་འདུག ལྷོ་ཕྱོགས་ནི་འཁྱགས་ཆུ་དིམ་བསགས་པའི་ཁུལ་ཡིན་ལ། བྱེ་འདམ་གྱིས་གྲུབ་པའི་བདེ་ཐང་མང་བ་དང་ས་བབ་ཅུང་བདེ་སྙོམས་ཡིན། ཀླུང་རོང་དང་ལུང་གྲོག  སྐས་དབྱིབས་ཅན་ཅུང་དར་རྒྱས་ཆེ།  ཡོ་རོབ་ཤར་མའི་བདེ་ཐང་གི་དེང་དུས་ས་དབྱིབས་ཀྱི་གྲུབ་ཚུལ་དུ་བསླད་སྐྱོན་ཐེབས་པ་ཡོད་ལ་དིམ་བསགས་ཐེབས་པའང་ཡོད་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-07

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།