མགོན་པོ་གདོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགོན་པོ་གདོང་།
མགོན་པོ་གདོང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྒྲུབ་གནས་ཁྱད་པར་བ་ཡོད་སའི་གནས་རི་ཞིག་གི་མིང་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贡波洞
ལ་ཏིང་གི་མིང་།
mgon po gdong
རིགས་དབྱེ།
གནས་འགངས་ཆེན།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ།
གནས་ཡུལ།
སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད།
1 ངོ་སྤྲོད།

མགོན་པོ་གདོང་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་མངའ་ཁོངས་ཀྱི་སྒྲུབ་གནས་ཁྱད་པར་བ་ཡོད་སའི་གནས་རི་ཞིག་གི་མིང་ཡིན་ལ། སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ30ཡི་མཚམས་ན་ཡོད། གནས་རི་འདིའི་གདོང་རྒྱུད་དུ་བྲག་ཁུང་ཞིག་ཡོད་པ་དེའི་ངོས་སུ། མགོན་པོ་ཕྱག་དྲུག་པའི་སྐུའི་སྣང་བརྙན་རང་བྱོན་ཞིག་མཇལ་རྒྱུ་ཡོད་པས་མིང་ཡང་དེ་སྐད་དུ་གྲགས། 《མདོ་སྨད་ཆོས་འབྱུང》ལས་ཀྱང་། མགོན་པོ་གདོང་དུ་གྲགས་པའི་བྲག་ཁུང་དང་ཁྲོ་བོའི་རྣམ་པ་བསྐང་རྫས་འདྲ་བའི་རང་བྱུང་དུ་མ་ཡོད་པའི་གནས་ཞེས་བསྔགས་བརྗོད་གནང་ཡོད།

ངག་རྒྱུན་ལ། བསྟན་པ་ཕྱི་དར་གྱི་སྐབས་སུ། མ་ཅིག་ལབ་སྒྲོན་དང་། ས་པཎ་ཀུན་དགའ་རྒྱལ་མཚན། པྲ་སྒོམ་ཆོས་ཀྱི་རྡོ་རྗེ། གྲུབ་ཆེན་གླང་དཀར་བ། ཤར་སྐལ་ལྡན་རྒྱ་མཚོ། འགྲོ་མགོན་གསེར་ཁང་བ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་དམ་པ་དུ་མས་སྔ་ཕྱིར་གནས་འདིར་སྒྲུབ་པ་ཉམས་བཞེས་གནང་མྱོང་བར་མ་ཟད། རྒྱལ་བ་པཎ་ཆེན་སྐུ་ཕྲེང་དུ་མ་དང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་དུ་མ། ཁ་རག་སྒོམ་ཆེན། ཨ་རིག་དགེ་བཤེས་སོགས་དམ་པ་དུ་མས་ཀྱང་གནས་འདིར་ཞབས་ཀྱི་པདྨོ་བཀོད་དེ་བྱིན་གྱིས་བརླབས་པར་གྲགས་པས། འདི་ནི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་མཚོ་སྐོར་བྱེད་སའི་ལམ་རྒྱུད་དུ་མཇལ་ཕྱག་ཞུ་སའི་གནས་ཁམས་ཆེན་ཞིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།