གླང་ཆེན་འགྱིང་རི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླང་ཆེན་འགྱིང་རི།
ཀྲུང་གོའི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རིའི་ཡུལ་ལྗོངས་ཀྱི་བཀོད་པ་ནི་ལྟ་ན་སྡུག་པ་མ་ཟད། དེ་གའི་གཞན་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཏེ། “སངས་རྒྱས་ཀྱི་འོད་ཟེར”གྱིས་གནས་སྐོར་པ་མང་བོའི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
峨眉山
ཕྱི་ཡིག་གི་མིང་།
Mount Emei
ས་ཁམས་གནས་ཡུལ།
སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་གྱི་གླང་ཆེན་འགྱིང་རིའི་གྲོང་ཁྱེར།
གནམ་གཤིས།
ཚ་ཁུལ་ཕལ་བའི་བརླན་གཤེར་ཅན་གྱི་དུས་རླུང་།
མཚོ་འཕགས།
འོད་ཀྱི་ཐིག་ལེ་ལ་སྨི3079དང་། སངས་རྒྱས་ཁྲི་ཡི་རི་བོར་སྨི3099.5ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ154
མཛེས་ལྗོངས་རིམ་ཚད།
5AAAAA
ཡུལ་སྐོར་དུས་ཚིགས།
དུས་བཞི་ཀུན་ཏུ་འཕྲོད་པ།
མཛེས་ལྗོངས་གྲགས་ཅན།
གླང་ཆེན་འགྱིང་རིའི་འོད་ཀྱི་ཐིག་ལེ་དང་སྒྲ་མེད་ཕིང་ཧུའུ་མཚེའུ།
1 ངོ་སྤྲོད། 

ཀྲུང་གོའི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རིའི་ཡུལ་ལྗོངས་ཀྱི་བཀོད་པ་ནི་ལྟ་ན་སྡུག་པ་མ་ཟད། དེ་གའི་གཞན་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཏེ། “སངས་རྒྱས་ཀྱི་འོད་ཟེར”གྱིས་གནས་སྐོར་པ་མང་བོའི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད། 

2 ​ཁྱད་ཆོས།

གླང་ཆེན་འགྱིང་རིའི་གསེར་གྱི་རྒྱ་ཕིབས་ཀྱི་ཉེ་གམ་དུ་རྒྱབ་ཉི་མར་ཕྱོགས་ཏེ་འགྲེང་དུས། གལ་ཏེ་སྤྲིན་གྱི་མཐོ་ཚད་འོས་འཚམ་ཡིན་ཚེ་ཉི་འོད་སྤྲིན་པར་འཕྲོས་ནས་ཁ་དོག་རྣམ་པར་བཀྲ་བའི་འོད་གོར་ཆེན་པོ་ཞིག་གྲུབ་སྲིད་ལ། གནས་སྐོར་བའི་གྲིབ་གཟུགས་ཀྱང་དེ་ལས་མཐོང་ཐུབ། མི་འགུལ་སྐྱོད་བྱེད་དུས་འོད་གོར་ཡང་མིའི་གྲིབ་གཟུགས་དང་བསྟུན་ནས་འགུལ་བས་ན། མིའི་གྲིབ་གཟུགས་འོད་གོར་ཁྲོད་གནས་པ་དང་། གནས་སྐོར་པ་ག་ཚོད་ཡོད་ཀྱང་རང་ཉིད་ཀྱི་གྲུབ་གཟུགས་དེ་ལས་མཐོང་ཐུབ། “འོད་གོར་མིའི་རྗེས་སུ་འབྲངས། གྲིབ་གཟུགས་དེའི་ཁྲོད་ན་གནས།”ཞེས་པ་དེ་ནི་གླང་ཆེན་འགྱིང་རིའི་སངས་རྒྱས་ཀྱི་འོད་ཟེར་ཞེས་པ་དེ་རེད། གླང་ཆེན་འགྱིང་རིའི་སངས་རྒྱས་ཀྱི་འོད་ཟེར་ལ“གླང་ཆེན་འགྱིང་རིའི་འོད་གོར”ཡང་ཟེར་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་རང་བྱུང་དངོས་ལུགས་ཀྱི་སྣང་ཚུལ་ཞིག་ཡིན། མི་རྣམས་ཀྱིས་སངས་རྒྱས་ཀྱི་འོད་ཟེར་རམ་འོད་གོར་ནི་བཀྲ་ཤིས་པའི་མཚན་མ་ཞིག་ལ་ངོས་འཛིན་གྱིན་ཡོད་པས། དེ་དང་འཕྲད་ནུས་ན་ལྟས་བཟང་བོར་བརྩི། 

3 སངས་རྒྱས་ཀྱི་འོད་ཟེར་གྲུབ་སྟངས།

དེ་ནི་ཉི་མའི་འོད་ཟེར་སྐོར་འཕྲོ་བྱེད་པའི་ཁྲོད་འགོག་བྱེད་ཀྱི་དངོས་པོ་དང་ཕྲད་པ་ལས་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན། སྤྲིན་པ་ཇེ་མཐུག་ཏུ་འགྱུར་དུས། ཉི་མའི་འོད་ཟེར་སྤྲིན་གསེབ་ལ་འཕྲོས་ཤིང་སྤྲིན་པའི་ཁྲོད་ཀྱི་ཆུ་ཐིགས་སམ་ཆུ་རྡུལ་ལས་ལྡོག་འཕྲོ་འབྱུང་ཞིང་། ལྡོག་འཕྲོའི་འོད་དེ་སྨུག་སྤྲིན་གྱི་ཕྱི་ངོས་སུ་འཕྲོ་དུས་སྤྲིན་གསེབ་ཀྱི་ཆུ་རྡུལ་ཆུང་ངུ་དག་གི་མཐའ་འཁོར་དུ་འོད་ཟེར་སྐོར་འཕྲོའི་སྣང་ཚུལ་འབྱུང་བ་ཡིན། རྒྱུ་རྐྱེན་དེ་ཡིས་དཀར་མདོག་གི་འོད་ཟེར་ཁ་དོག་བདུན་ལྡན་གྱི་འོད་ཟེར་ཏེ། དམར་པོ་དང་ལི་ཁྲི། སེར་པོ། ལྗང་གུ སྔོན་པོ། སྔོ་སྐྱ། སྨུག་པོ་སྟེ་བདུན་དུ་གྱེས། ཁ་དོག་བཀྲ་བའི་འོད་ཟེར་ཆུ་རྡུལ་ལས་ལྡོག་འཕྲོ་བྱུང་བ་ང་ཚོའི་འོད་གོར་དེ་གཞི་ནས་མཐོང་ལམ་དུ་བྱུང་བ་དང་ཆབས་ཅིག་ང་ཚོས་ཁ་དོག་རྣམ་པར་བཀྲ་བའི་འོད་གོར་དེ་གཞི་ནས་མཐོང་ཐུབ་པ་རེད། དེའི་སྟབས་ཀྱིས་མི་རྣམས་སྤྲིན་གྱི་རྒྱ་མཚོར་ཁ་གཏད་ཅིང་ཉི་མར་རྒྱབ་ཕྱོགས་དུས། རང་གི་གྲུབ་གཟུགས་ཏག་ཏག་འོད་གོར་དེའི་ཁྲོད་མཐོང་ཐུབ། འདི་ལྟ་བུའི་ངོ་མཚར་བའི་གླང་ཆེན་འགྱིང་རིའི་འོད་གོར་དེ་ལོ་ཧྲིལ་བོར་ཆེས་མང་ནའང་ཐེངས100ལྷག་ལས་མི་མངོན་ནོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-13

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།