ཨ་མྱེས་བྱེ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མྱེས་བྱེ་མ།
ཨ་མྱེས་བྱེ་མ་ཞེས་པ་ནི་གཞི་བདག་ཅིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ8ཀྱི་མཚམས་ན་ཡོད་ཅིང་། སྲིན་པོ་རྫ་རྒན་གྱི་རི་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿尼喜玛
ལ་ཏིང་གི་མིང་།
a myes bye ma
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ།
མཚོ་འཕགས།
སྨི2300
གནས་ཡུལ།
འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་ན་ཡོད།
1 ​ངོ་སྤྲོད།

ཨ་མྱེས་བྱེ་མ་ཞེས་པ་ནི་གཞི་བདག་ཅིག་སྟེ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་ཕྱོགས་སུ་ཧ་ལམ་སྤྱི་ལེ8ཀྱི་མཚམས་ན་ཡོད་ཅིང་། སྲིན་པོ་རྫ་རྒན་གྱི་རི་རྒྱུད་ཅིག་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཚད35°90′དང་། ཤར་གྱི་གཞུང་ཚད101°51′གི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི2300ཡོད།  གནས་འདིར་རི་དྭགས་ཀྱི་རིགས་ལ་སྤྱང་ཀི་དང་།  རི་བོང་།  ཨ་བྲ་སོགས་ཡོད་ཅིང་།  འདབ་ཆགས་ཀྱི་རིགས་ལ་བྱ་སྲེག་པ་དང་གོང་མོ་སོགས་ཡོད།  རྩི་ཤིང་གི་རིགས་ལ་སྐྱེར་བ་དང་།  ཚེར་སྐྱ།  རྩི་ཏོ་སོགས་ཡོད།

2 ངག་རྒྱུན།

ངག་རྒྱུན་ལ། ཨ་མྱེས་སྲིན་པོའི་སྲས་ཤིག་རི་འདི་ལ་གནས་པར་གྲགས་པ་དང་། འདི་ལ་བཙན་གྱི་བྱེ་མ་རྔ་རྡུང་ཟེར་ཏེ། དུས་ཆེན་དག་ཏུ་གནས་འདི་ནས་རྔ་རྡུང་བ་ལྟ་བུའི་སྒྲ་ཞིག་ཐོས་ཐུབ་པར་བཤད། རི་བོ་འདིའི་མདུན་དུ་སེ་བརྒྱ་དགོན་བཀྲ་ཤིས་དགེ་འཕེལ་གླིང་ཆགས་ཡོད། དགོན་པའི་རྒྱབ་རིའི་སྟེང་དུ་དཔལ་མཁར་ཞིག་བརྩིགས་ཡོད་ཅིང་དེའི་གནས་བདག་གི་མཚན་ལ་བྱེ་མ་གཡུང་དྲུང་དཔའ་བོ་སྲས་ཟེར། སེ་བརྒྱའི་གྲོང་བ་དང་དགོན་པས་ལོ་རེའི་ལུགས་རྙིང་གི་ཟླ5བའི་ཚེས9ཉིན་རྒྱུན་ཆགས་སུ་འདི་བསྟོད་ཀྱིན་ཡོད་ཟེར། དགོན་པའི་མདུན་ཕྱོགས་སུ་བཀྲ་ཤིས་ལྷ་དགའ་ཞེས་པའི་ལྷ་ཁང་ཞིག་ཡོད་ལ། ཨ་མྱེས་རྨ་རྒྱལ་གནས་བདག་ཡིན་པར་གྲགས་པའི་ལབ་ཙེ་ཞིག་ཀྱང་ཡོད། དེ་ཡང་སེ་བརྒྱའི་གྲོང་བ་དང་དགོན་པས་ལོ་རེའི་རྒྱ་ལོ་ཚེས་གཅིག་དང་ཟླ4བའི་ཚེས11ཉིན་སོ་སོར་བསྟོད་ཀྱིན་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-18

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།