སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས།

སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་སུ་སོང་བ་དང་གསོ་རིག་གོང་འཕེལ་དུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱིས་ནད་ཡམས་སྔོན་འགོག་གི་འདུ་ཤེས་སྔར་ལས་ཀྱང་གཏིང་ཇེ་ཟབ་ཏུ་སོང་། སྨན་བཅོས་དང་ལུས་ཁམས་བདེ་སྲུང་བྱེ་བྲག་ནས་ཚོགས་སྤྱི་རུ་འགྱུར་ལྡོག་བྱུང་ནས་ཚོགས་སྤྱིའི་ནད་ཡམས་སྔོན་འགོག་གི་བྱེད་ཐབས་དང་ཐབས་ཤེས་འཚོལ་བཞིན་ཡོད་པ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ནི་དགོས་མཁོ་འདི་དག་ལ་འབྲེལ་ནས་བྱུང་བ་ཞིག་ཡིན། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ཞེས་པ་ནི་འཕྲོད་བསྟེན་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་དམངས་ལ་སྔོན་འགོག་དང་སྨན་བཅོས། ལུས་ཁམས་བདེ་སྲུང་སྐོར་གྱི་ནང་དོན་འདོན་སྤྲོད་བྱེད་པའི་གཙང་སྦྲའི་ལུས་ཁམས་བདེ་སྲུང་བྱ་འགུལ་གྱི་སྤྱི་མིང་ཞིག་ཡིན་ཞིང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ནི་ལུས་ཁམས་བདེ་སྲུང་མ་ལག་ཅིག་ཡིན།

རིགས་དབྱེ།  

སྨན་ཁང་།

སྨན་ཁང་ཞེས་པའི་མིང་ནི་ལ་ཏིང་གི་སྐད་ལས་བྱུང་བ་ཡིན་ཞིང་། དོན་ནི་མགྲོན་པོ་ཞེས་པ་ཡིན། སྨན་ཁང་ཐོག་མར་གསར་འཛུགས་བྱེད་པའི་སྐབས་སུ་མི་རྣམས་ལ་མཁོ་འདོན་བྱེད་པའི་གནོད་འབྱོལ་ཁང་ཡིན་པ་དང་ངལ་གསོ་སའི་གནས་ཀྱང་ཡོད་ལ། ནང་དུ་ཡོང་བའི་མི་ལ་བག་ཕེབས་ཀྱི་སྣང་བ་སྟེར་ཞིང་། སྣེ་ལེན་གྱི་འདོད་བློ་ཡོད་པ་ཡིན། རྗེས་སུ་དལ་གྱིས་ནད་པ་སྨན་བཅོས་དང་བསྡུ་ཉར་བྱེད་སའི་ཆེད་གཉེར་གྱི་ལས་ཁུངས་ཤིག་ཏུ་གྱུར་བ་ཡིན།

རིགས་དབྱེ།  

ཚྭ་ཡི་དགེ་མཚན།

ཚྭ་ནི་བཀོལ་ཤེས་ན་ཟས་ཀྱི་བྲོ་བ་ཙམ་མ་ཡིན་པར་ད་དུང་བྱེད་ལས་མང་པོ་ལྡན་ཡོད་པས། འདིར་དེའི་སྐོར་གྱི་ཤེས་བྱ་ཉུང་ཙམ་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

དབུགས་ལམ་འགོས་ནད་སྔོན་འགོག

དགུན་དཔྱིད་དུས་སུ་དབུགས་ལམ་གྱི་འགོས་ནད་མཆེད་སྐབས། གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གོན་པ་ཇེ་མཐུག་ལ་གཏོང་བ་དང་། ལུས་དྲོད་སྲུང་བར་དོ་སྣང་བྱེད་དགོས། རང་ཉིད་ཀྱི་གཙང་སྦྲར་མཉམ་བཞག་ཏེ་རྒྱུན་དུ་ལུས་པོ་བཀྲུ་བ་དང་གོན་པ་བརྗེ་དགོས། བཟའ་བཏུང་གི་ཐད་ནས་ལུགས་མཐུན་སྒོས་ཟས་ཟ་བ་དང་། འཚོ་བཅུད་དོ་མཉམ་ཡོང་བ་སྲུང་འཛིན་བྱས་ཏེ་ལུས་ཀྱི་ནད་འགོག་ནུས་བ་ཇེ་ལེགས་སུ་གཏོང་དགོས།

རིགས་དབྱེ།  

ལུས་ཟུངས་གསོ་བའི་འཚོ་བཅུད་འོ་མ།

འདིར་བོད་ཀྱི་གསོ་བ་རིག་པར་གསུངས་པའི་བཏུང་བ་རིགས་གསུམ་གྱི་ཕན་གནོད་དང་། ཡང་སྒོས་འོ་མ་སྤྱི་དང་བྱེ་བྲག་གི་ནུས་པ་རོབ་ཙམ་ཞུས་ན་སྤྱིར་འོ་མས་རླུང་གི་ནད་རིགས་སེལ་བ་དང་། ཆུ་ཡིས་མཁྲིས་པའི་ནད་རིགས་སེལ། དེ་བཞིན་ཆང་ནི་བད་ཀན་གྱི་ནད་རིགས་ལ་ཕན་མོད། འོན་ཀྱང་མང་དྲགས་ན་དེ་ལས་ལྡོག་པའི་ནུས་པ་ཐོན་ཀྱིན་ཡོད་དོ།།

རིགས་དབྱེ།  

གང་སར་ཁ་ལུད་འཕེན་པའི་གནོད་སྐྱོན།

ཁ་ལུད་ནི་འབྱིན་རྔུབ་མ་ལག་ཁྲོད་ཀྱི་གློ་ཡུ་དང་གློ་ཡུ་ཡན་ལག་གི་ནང་ངོས་ཀྱི་འབྱར་སྐྱི་ལས་ཟགས་པའི་འབྱར་ཁུ་དང་། དེ་མིན་འབྱར་ཁུའི་སྟེང་རིམ་གྱིས་བསགས་ཤིང་འབྱར་བའི་ཐལ་རྡུལ་དང་འབུ་ཕྲ་སོགས་ཀྱིས་གྲུབ་པ་ཡིན་པས་དེར་གནོད་སྐྱོན་མང་པོ་ཡོད་པ་ཡིན་ནོ།།

རིགས་དབྱེ།  

བུད་མེད་ཀྱི་བདེ་ཐང་ཤེས་བྱ།

སྐྱེ་ཁམས་རིག་པས་ཞིབ་འཇུག་ལྟར་བཤད་ན་བུད་མེད་ནི་རང་བཞིན་གྱི་སྐྱེས་པ་དང་བསྡུར་ན་ལུས་སྟོབས་ཞན་པ། ནུས་ཤུགས་དམའ་བ། སྐད་ངག་ཕྲ་བ། སེམས་ཁམས་ལ་འགྱུར་བ་དང་ཚོར་བ་འབྱུང་སྐྱེན་པ་ཞིག་ཀྱང་ཡིན་པར་བཤད། དེ་བཞིན་ནད་རིགས་འབྱུང་སླ་བ་ཞིག་ཀྱང་ཡིན་པར་བཤད་ཡོད། དེའི་ཕྱིར་བུད་མེད་ཀྱི་བདེ་ཐང་ནི་སྐྱེས་པ་ལས་ཀྱང་ཧ་ཅང་གལ་ཆེ་བ་ཞིག་ཡིན། གལ་ཏེ་བུད་མེད་ལ་བདེ་ཐང་མེད་པ་ཡིན་ན། འབྱུང་འགྱུར་གྱི་བུ་ཕྲུག་དང་། ད་ལྟའི་ཁྱོ་ག་སོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པས་འདི་ནི་མིའི་རིགས་སྤྱིའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཏུ་གྱུར་ཡོད།

རིགས་དབྱེ།  

ཉལ་ཁར་རྐང་པ་བཀྲུས་པའི་ཕན་ནུས།

ཉལ་ཁར་རྐང་པ་བཀྲུ་བ་ནི་གསོས་སྨན་བཏུང་ལས་ཀྱང་ལྷག་ཅེས་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན། མིའི་རྐང་པས་ལུས་ཧྲིལ་བོ་ལྗིད་ཚད་འདེགས་ཡོད་པ་མ་ཟད་ལུས་ཡོངས་འཁུར་ཏེ་གནས་སྤོ་བྱེད་བཞིན་ཡོད། རྩིས་སྤྲད་བྱས་པ་ལྟར་ན་མི་གཅིག་ཚེ་གང་བོར་གོམ་འགྲོས་བྱས་པའི་ཚད་ནི་ཧ་ལམ་སྨི་སྟོང་ཁྲི10སོང་བ་ཡིན་སྟེ། སའི་གོ་ལར་བསྐོར་བ་གཉིས་དང་ཕྱེད་ཀ་སོང་བའི་ཚད་དང་འདྲ་མཚུངས་རེད། རྐང་པས་མི་ལུས་འགུལ་སྐྱོད་བྱེད་པའི་བྱ་བའི་ནང་དུ་འགན་ལྕི་མོ་ཁུར་ཡོད་པས། རྐང་པའི་བདེ་ཐང་སྲུང་སྐྱོབ་བྱེད་པ་ནི་བྱ་བ་དང་སློབ་སྦྱོང་། འཚོ་གནས་བཅས་ལ་དགོས་གལ་ཧ་ཅང་ཆེ་བས། ཉལ་ཁར་རྐང་པ་བཀྲུ་བ་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཡིན་པར་མ་ཟད། རྐང་པའི་ཟ་རྐོང་དང་བཅས་པའི་ནད་རིགས་སྔོན་འགོག་ཀྱང་བྱེད་ཐུབ་པ་དང་། ཆུ་དྲོན་གྱིས་རྐང་པ་བཀྲུས་ན་གསོས་སྨན་གྱི་བྱེད་ནུས་ཀྱང་ཐོན་ཡོད།

རིགས་དབྱེ།  

ཁྲག་ཤེད་མཐོ་བའི་ནད་ཀྱི་རྒྱུན་ཤེས།

ཀྲུང་གོའི་ཁྲག་ཤེད་མཐོ་བར་འགོག་བཅོས་བྱེད་པའི་ཕྱོགས་སྟོན(2005ལོའི་བཟོ་བཅོས་པར་གཞི)ཞེས་པའི་གྲོས་འཆར་ལྟར་ན་ཁྲག་ཤེད་ཀྱི་ཚད་གཞི་ནི། རྒྱུན་ལྡན་གྱི་མི་དར་མའི་སྙིང་ཁ་ཟུམ་པའི་ཁྲག་ཤེད(མཐོ་བའི་ཚད)120mmHgལས་ཆུང་དགོས་པ་དང་སྙིང་ཁ་འབྱེད་པའི་ཁྲག་ཤེད(དམའ་བའི་ཚད)80mmHgལས་ཆུང་དགོས། ཁྲག་ཤེད་མཐོ་འགྱུར་འགོག་པའི་སྨན་རྫས་མ་སྤྱོད་པའི་གནས་ཚུལ་འོག་སྙིང་ཁ་ཟུམ་པའི་ཁྲག་ཤེད140mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་པ་དང་། (ཡང་ན)སྙིང་ཁ་འབྱེད་པའི་ཁྲག་ཤེད90mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་ཚེ་ཁྲག་ཤེད་མཐོ་བའི་ནད་གཞི་རུ་གཏན་ཁེལ་བྱས་ཆོག འོན་ཀྱང་ཐེངས་གཅིག་ལ་ཁྲག་ཤེད་མཐོ་བ་དེ་ད་དུང་ནད་གཞི་དེར་གཏན་ཁེལ་བྱེད་མི་ཐུབ།

རིགས་དབྱེ།  

གཅིན་སྙི་ནད་ཀྱི་སྔོན་འགོག

གཅིན་སྙི་ནད་ཀྱིས་ང་ཚོའི་འཚོ་བའི་བདེ་སྐྱིད་ལ་གནོད་པ་ཆེན་པོ་བྱེད་ཀྱིན་ཡོད་ལ། འདིར་དེ་སྔོན་འགོག་བྱེད་པའི་སྐོར་གྱི་ཤེས་བྱ་ཕྲན་ཙམ་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

མཁྲིས་པའི་རྡོ་སྐྲན་གྱི་སྔོན་འགོག

མཁྲིས་པའི་རྡོ་སྐྲན་ཞེས་པ་ནི་ནད་ཀྱི་དྭངས་མ་མ་ཞུ་བར་སྣོད་མཁྲིས་སུ་སྙིགས་རོ་བབས་ཏེ། དེར་མཁྲིས་པར་རྩི་ཆགས་ནས་རིམ་བཞིན་ཆེར་རྒྱས་པའི་ནད་ཅིག་རེད།

རིགས་དབྱེ།  

ཁོག་སྟོང་དུ་ཆུ་འཐུང་བའི་ཕན་ནུས།

འདིར་ང་ཚོས་ཀློག་མཁན་ཚོར་ཆེད་དུ་དམིགས་ནས་ཆུ་བེད་སྤྱོད་བྱེད་སྟངས་སྐོར་གྱི་ཤེས་བྱ་ཞིག་ངོ་སྤྲོད་བྱེད་རྒྱུ་ཡིན། ནད་གཞི་རྙིང་པ་དང་། ནད་ལྕི་མོའི་རིགས། དེ་བཞིན་དུ་ནད་ཡང་མོའི་རིགས་གང་ལ་མཚོན་ན་ཡང་། ཆུའི་གསོ་བཅོས་ཀྱི་དགེ་ཕན་ཧ་ཅང་ཆེ་བའོ།།

རིགས་དབྱེ།  

ཆུ་འཐུང་བ།

ཆུ་འཐུང་བ་ནི་ཚེ་སྲོག་གི་ཕུང་བོ་ཁ་སྦུག་བརྒྱུད་ནས་ཆུ་རྡུལ་བསྡུ་ལེན་བྱེད་པའི་ཐབས་ཤིག་ཡིན་ལ། མིའི་ལུས་པོའི་ཉིན་རེར་ཁ་སྦུག་བརྒྱུད་ནས་ཧ་ལམ2Lཡི་གཤེར་གཟུགས་བསྡུ་ལེན་བྱེད་བཞིན་ཡོད་པ་དང་། ཆུ་ནི་གཙོ་བོ་ཕོ་བས་བསྡུ་ལེན་བྱེད་པ་ཡིན་ལ། མིའི་ཁོག་ཏུ་ཞུགས་རྗེས། ཆུ་རྡུལ་ནི་གཙོ་བོར་ཕྲ་ཕུང་ནང་གཤེར་དང་ཕྲ་ཕུང་ཕྱི་གཤེར་ཁ་གསབ་བྱེད་པར་སྤྱོད་པ་དང་། མིའི་ལུས་ཕུང་སོ་སོའི་སྐྱེ་ལུགས་འགུལ་སྐྱོད་སྣ་ཚོགས་ལ་ཞུགས་པ་ཡིན་ལ། དེ་བས། ཆུ་འཐུང་བ་ནི་ཚེ་སྲོག་གི་ཕུང་བོ་རྒྱུན་སྲིང་བྱེད་པའི་རྙིང་ཚབ་གསར་བརྗེ་ཀྱི་ལྷུ་ལག་གལ་ཆེན་ཞིག་ཡིན་ནོ།།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང27པ)

ལོ་སར་རྗེས་སུ་མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣ་ཇེ་མང་དུ་སོང་བ་དང་བསྟུན་ནས་རིམས་ནད་ཕྱི་ནས་ནང་དུ་མཆེད་པའི་ཉེན་ཁ་ཇེ་ཆེར་ཕྱིན་པ་དང་། རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་ཆེད། ལོ་སར་རྗེས་ཀྱི་མཚོ་སྔོན་དང་བྲལ་ནས་ཕྱིར་ལོག་མི་སྣར་གྲལ་བཤེར་དོ་དམ་ཚོད་འཛིན་དང་འབྲེལ་བའི་བརྡ་ཁྱབ་ཡིན།

རིགས་དབྱེ།  

རྨེན་ནད་དུག

རྨེན་ནད་དུག(adenovirus)ནི་ཐུམ་སྐྱི་མེད་པའི་ཚངས་ཐིག་ནི70-90 nmཡིན་པའི་རིལ་བུ་ཞིག་ཡིན་ལ། ཕྱི་ཤུན་རིལ252ཡིས་ངོས20བསྒྲིགས་ནས་གྲུབ་པ་ཡིན། ཕྱི་ཤུན་རེ་རེའི་ཚངས་ཐིག་ནི7-9 nmཡིན། ཕྱི་ཤུན་ནང་དུ་སྐུད་དབྱིབས་ཀྱི་ཕྲེང་ཟུངDNAཆ་རྡུལ་ཡིན་པ་དང་། དེའི་ནང་དུ4.7kbའདུས་ཡོད་པ་དང་། སྣེ་གཉིས་སུ་སོ་སོར100bpརིང་ཙམ་གྱི་ལྡོག་ཕྱོགས་རིམ་སྟར་ཡོད།

རིགས་དབྱེ།  

རྨེན་ནད་དུག་ཐུམ་སྒྲིལ་ལག་རྩལ།

རྨེན་ནད་དུག་མཚོན་པའི་མ་ལག་ཁྲོད་ཀྱི་དཀའ་གནད་གཙོ་བོ་ནི་ཇི་ལྟར་ཕྱི་ཁུངས་རྒྱུད་རྒྱུའི་མཚོན་པའི་སྒྲོམ་བུའམ་ཕྱི་ཁུངས་ཀྱིshRNAམཚོན་པའི་སྒྲོམ་དེ་རྨེན་ནད་དུག་གི་སྒྲོམ་གཞིའི་སྟེང་བསྐྲུན་པ་དེ་ཡིན། རྨེན་ནད་དུག་གི་རུས་སྒྲོམ་གཞི་རྟེན་ཅུང་ཆེ་ཞིང་།(-30kb)གཞི་རྟེན་ནང་གི་རྒྱུན་སྤྱོད་རྩབས་གནས་ཁ་ཤས་ཕལ་ཆེར་མང་པོ་ཡོད། གལ་ཏེ་རྒྱུན་ལྡན་གྱི་རྩབས་གཏུབ་སྦྲེལ་གྱི་རྣམ་པས་ཕྱི་ཁུངས་རྒྱུད་རྒྱུའམ་ཡང་ནshRNAམཚོན་སྒྲོམ་དེ་རྨེན་ནད་དུག་རུས་སྒྲོམ་གྱི་གཞི་རྟེན་དུ་བཙུགས་ན། ལེགས་འགྲུབ་བྱུང་ཚད་ཧ་ཅང་དམའ། དེའི་ཕྱིར་རྨེན་ནད་དུག་གི་མཚོན་མ་ལག་ནི་གཞི་རྩའི་ཆ་ནས་ཁུངས་གཅིག་བསྐྱར་སྒྲིག་གི་ཐབས་ཀྱིས་ཕྱི་ཁུངས་རྒྱུད་རྒྱུ་ལམ་ཡང་ནshRNAམཚོན་རྨེན་གྱི་གཞི་རྟེན་དུ་བསྐྲུན་པ་ཡིན།

རིགས་དབྱེ།  

རྨེན་ནད་དུག་གློ་ཚད།

རྨེན་ནད་དུག་གིས་དབུགས་ལམ་སྟོད་ལ་རེད་པ་བྱུང་བ་ལས་གཞན་ད་དུང་བྱིས་པའི་གློ་ཚད་སློང་ཐུབ། མང་ཆེ་བ་ཟླ6ནས་ལོ2བར་གྱི་བྱིས་པའི་རྨེན་ནད་དུག་གི་གློ་ཚད་ཆེས་ཚབས་ཆེ་བའི་གནས་སུ་མཐོང་བ་དང་། ལྷག་པར་དུ་བྱང་ཕྱོགས་ཀྱི་ཞིང་ཆེན་ཁག་ཏུ་མང་ཞིང་ནད་གཞི་ཚབས་ཆེ་བའི་རིགས་ལྷོ་ཕྱོགས་སུ་མང་། རྨེན་ནད་དུག་ནི་སྤྱིར་བཏང་དུ་དབུགས་ལམ་བརྒྱུད་ནས་འགོས་པ་ཡིན། ཐུན་མོང་གི་བྱིས་པའི་སྒྲིག་གཞིའི་ཁྲོད་དུ་རྒྱུན་པར་རྨེན་ནད་དུག་དབུགས་ལམ་སྟོད་རེད་པ་དང་གློ་ཚད་འབྱུང་བ་ཡིན། མི་ཚོགས་ཀྱི་དྭངས་ཁྲག་རིག་པའི་ཞིབ་འཇུག་ལས་གསལ་བཤད་བྱས་པ་ལྟར་ན། བཙས་རྗེས་ཀྱི་ཆེས་ཐོག་མའི་ཟླ་ཁ་ཤས་ལ་མ་གཟུགས་ནས་བརྒྱུད་སྤྲོད་བྱེད་པའི་རྨེན་ནད་དུག་གི་དམིགས་བསལ་འགོག་གཟུགས་ལུས་ཡོད་པ་དང་། དེ་ནས་ལོ2ལ་སླེབས་པའི་བར་དུ་འགོག་གཟུགས་དཀོན་པ་དང་། ལོ2ཀྱི་རྗེས་སུ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་རྨེན་ནད་དུག་གི་གློ་ཚད80%དང་ཟླ7པ་ནས24བར་གྱི་ཕྲུ་གུ་དམར་འབྱར་གྱི་ནད་ཐོག་ལྟ་ཞིབ་བྱས་པ་དང་ཡོངས་སུ་མཐུན་པ་རེད།

རིགས་དབྱེ།  

རྨེན་ནད་དུག་རེད་པ།

རྨེན་ནད་དུག་གིས་བསླངས་པའི་མྱུར་གཤིས་འགོས་ནད་ཀྱིས་དབུགས་ལམ་དང་འཇུ་ལམ་གྱི་འབྱར་སྐྱི། མིག་ལྕིབས་སྐྱི་མོ། གཅིན་ཟགས་ལམ་བུ། རྨེན་མདུད་བཅས་ལ་གནོད་འཚེ་གཏོང་སླ། མངོན་ཚུལ་གཙོ་བོ་ནི་མྱུར་གཤིས་དབུགས་ལམ་སྟོད་རེད་པ(མྱུར་གཤིས་དབུགས་ལམ་གྱི་རེད་པ་དེ་རྨེན་ནད་དུག་གིས་བསླངས་མཁན་གྱིས2%ནས4%ཟིན)དང་། དེ་ནས་མིག་དང་ཕོ་བ་དང་རྒྱུ་མར་རེད་པ་ཡིན། མི་ཚོགས་ལ་ཡོངས་ཁྱབ་ཏུ་ཚོར་སླ་བ་དང་བྱིས་པ་ལ་མང་དུ་མཐོང་རྒྱུ་ཡོད། ཕྲུ་གུ་དམར་འབྱར་ལ་རྨེན་ནད་དུག་གི་གློ་ཚད་འབྱུང་སླ་ཞིང་ནད་གཞི་ལྕི་ལ་ཤི་ཚད་ཀྱང་མཐོ། མི་ཚོགས་ཀྱི་དྭངས་ཁྲག་ནང་གི་དམིགས་གསལ་རང་བཞིན་གྱི་འགོག་གཟུགས་ལ་བརྟག་དཔྱད་དང་ནད་དུག་སོ་སོར་གྱེས་པར་གཞིགས་ན། རྨེན་ནད་དུག་རེད་པ་ཧ་ཅང་རྒྱ་ཆེ་བ་ཤེས་ཐུབ། འགོས་ནད་ཀྱི་འབྱུང་ཁུངས་ནི་ནད་པ་དང་ལྐོག་གྱུར་གྱི་འགོས་ནད་ཕོག་མཁན་ཡིན་ལ། ནད་དུག་ནི་དབུགས་ལམ་དང་མིག་ལྕིབས་ལས་ཟགས་ཐོན་དངོས་པོ་དང་གཅིན་སྐྱག་སོགས་ལུས་ཕྱིར་གཏོང་བྱེད་ལ། མཁའ་རླུང་གི་ལྦུ་བ་དང་། ལུད་དང་བཤང་ཁ་བརྒྱུད་ནས་མཆེད་པ་ཡིན།

རིགས་དབྱེ།  

པྲོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ།

པྲོག་དབྱིབས་ནད་དུག་གསར་པའི་རིམ་འགོག་སྨན་ཁབ(2019-nCoVvaccine)ནི་པྲོག་དབྱིབས་ནད་དུག་གསར་པར་དམིགས་པའི་རིམས་འགོག་སྨན་ཁབ་ཅིག་ཡིན། སྤྱི་ལོ2020ལོའི་ཟླ1པོའི་ཚེས24ཉིན་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཀྲུང་གོའི་པྲོག་དབྱིབས་ནད་དུག་གསར་པའི་དུག་རིགས་དབྱེ་འབྱེད་བྱས་པར་གྲུབ་འབྲས་ཐོབ། ཟླ3པའི་ཚེས16ཉིན་གྱི་ཆུ་ཚོད20:18སྟེང་པྲོག་གསར་རིམས་འགོག་སྨན་ཁབ་གསར་པ་བསྐྱར་སྒྲིག་དེ་ནད་ཐོག་སྨན་བཅོས་ཚོད་ལྟ་བྱེད་པར་ཆོག་མཆན་ཐོབ་པ་རེད། ཟླ4པའི་ཚེས13ཉིན། ཀྲུང་གོའི་པྲོག་གསར་ནད་དུག་རིམས་འགོག་སྨན་ཁབ་གསར་པ་དེ་སྐབས་གཉིས་པའི་ནད་ཐོག་ཚོད་ལྟའི་ཁོངས་སུ་སླེབས་པ་དང་། ཉིན་དེར་གོ་ལ་ཧྲིལ་པོའི་ཚན་རིག་མཁས་ཅན་དང་། སྨན་པ། མ་དངུལ་རོགས་སྐྱོར་མཁན། ཐོན་སྐྱེད་ཚོང་པ་བཅས120ལྷག་ཙམ་ལས་གྲུབ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཡོངས་བསྒྲགས་བསྒྲགས་གཏམ་སྤེལ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཐུན་སྦྱོར་འོག་ཐུན་མོང་ཐོག་རིམས་འགོག་སྨན་ཁབ་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་གཏོང་རྒྱུའི་ཁས་ལེན་བྱས་པ་རེད། ཟླ6པའི་ཚེས19ཉིན་ཀྲུང་གོའི་པྲོག་གསརmRNAརིམས་འགོག་སྨན་ཁབ་ཐོག་མ་དེར་ནད་ཐོག་ཚོད་ལྟ་བྱེད་འགོ་ཚུགས་པའི་ཆོག་མཆན་ཐོབ། ཟླ10པའི་ཚེས8ཉིན་ཀྲུང་གོས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་རིམས་འགོག་མནའ་འབྲེལ་དང་གྲོས་མཐུན་བཞག་ནས“པྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞི”ནང་དངོས་སུ་ཞུགས་པ་རེད། སྤྱི་ལོ2021ལོའི་ཟླ12པའི་ཚེས12ཉིན་བར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ཡིས་རིམ་རྩིས་བྱས་ན་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཐེངས་ཁྲི261221.8ལྷག་བརྒྱབ་པ་རེད།

རིགས་དབྱེ།  

གསལ་འབྱེད་བྱ་རིམ།

གསལ་འབྱེད་ཅེས་པ་ནི་བབ་མཚུངས་ཀྱི་ནུས་པ་དང་ཐོབ་ཐང་ལྡན་པའི་ཆེད་ལས་མི་སྣའམ་ལས་ཁུངས་ལ་དེ་དང་མཐུན་པའི་དབང་ཆའམ་དོ་དམ་འགན་ནུས་སྡེ་ཁག་གམ་ལས་ཁུངས་ཀྱི་མངགས་བཅོལ་ལྟར་གཞི་གྲངས་ཁུངས་བཙན་དང་བདེན་དཔང་ཁུངས་བཙན་དང་། དེ་དང་མཐུན་པའི་ཉམས་མྱོང་དང་དབྱེ་ཞིབ་རིགས་པས་ཁུངས་སྐྱེལ་བཅས་ལ་གཞིགས་ནས་བྱ་དངོས་ག་གེ་མོ་ཞིག་ལ་དོན་དངོས་དང་། དྲང་བདེན། དབང་གྲགས་རང་བཞིན་བཅས་ལྡན་པའི་ལག་རྩལ་འདུམ་གཅོད་ཀྱི་བསམ་འཆར་འདོན་པ་དང་། བསམ་འཆར་དེ་རིགས་མངགས་བཅོལ་བྱེད་མཁན་ཕྱོགས་ཀྱིས་འབྲེལ་ཡོད་འགལ་བའམ་རྩོད་གཞི་ཐག་གཅོད་བྱེད་པའི་དཔང་རྟགས་སམ་གཞི་འཛིན་ས་བྱེད་པ་ལ་ཟེར། གསལ་འབྱེད་གོ་རིམ་ནི་ཚན་རིག་དང་མཐུན་པའི་དབྱེ་འབྱེད་དང་བརྡར་ཤ་གཅོད་པའི་མྱུལ་ཞིབ་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། དེའི་ནང་དགོས་ངེས་ཀྱི་བརྒྱུད་རིམ་དང་། གོ་རིམ། རྒྱུ་ཆ་བཅས་ཚུད་ཡོད།

རིགས་དབྱེ།  

འཕྲོད་བསྟེན་ཞབས་ཞུའི་གོ་ཆོད་རང་བཞིན།

འཕྲོད་བསྟེན་ཞབས་ཞུའི་གོ་ཆོད་རང་བཞིན་ཡང་སྟབས་བདེའི་རང་བཞིན་དུ་བརྩིས་ཡོད་པ་དང་། མཁོ་ཆོད་སྨན་བཅོས་ཀྱི་འཐབ་ས་དང་པོའི་ཞབས་ཞུར་གདེང་འཇོག་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

འཕྲལ་བསྟུན་རོགས་སྐྱོབ།

འཕྲལ་བསྟུན་རོགས་སྐྱོབ་ནི་སྤྱིར་བཏང་དུ་གློ་བུར་དུ་བྱུང་བའི་དོན་རྐྱེན་དང་གཏོར་བརླག་གི་ནུས་པ་ལྡན་པའི་བྲེལ་མྱུར་དོན་རྐྱེན་ལ་དམིགས་ནས་སྔོན་འགོག་དང་གྲ་སྒྲིག དང་ལེན་དང་སླར་གསོ་བཅས་བྱེད་པའི་བྱ་འགུལ་དང་འཆར་གཞི་ལ་ཟེར། ཛ་དྲག་དོན་རྐྱེན་གྱི་རིགས་མི་འདྲ་བར་གཞིགས་ནས་འཕྲོད་བསྟེན་འཕྲལ་སྡོམ་དང་། འགྲིམ་འགྲུལ་འཕྲལ་སྡོམ། མེ་ཟོན་འཕྲལ་སྡོམ། ས་ཡོམ་འཕྲལ་སྡོམ། བཟོ་གཏེར་འཕྲལ་སྡོམ་སོགས་ཁྱབ་ཁོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ལ་དབྱེ་ཡོད། སྤྱི་ལོ2020ལོའི་ཟླ་དང་པོར་ཁྲུང་ཆིང་གྲོང་ཁྱེར་གྱིས་ཁྲུང་ཆིང་བྱང་རྒྱུད་དང་ཝན་ཀྲོའུ། ཆན་ཅང་། ཡུང་ཁྲོན་བཅས་སུ་མཁའ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞི་བཞི་བསྐྲུན་རྒྱུ་བཏོན་ཡོད།

རིགས་དབྱེ།  

སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ཆ་འཕྲིན་མ་ལག

དེ་ནི་གྲོང་མིའི་བདེ་ཐང་ཡིག་ཚགས་ཆ་འཕྲིན་མ་ལག་ལྟེ་བར་བྱེད་པ་དང་གློག་རྡུལ་ནད་ཐོར་བརྟེན་པའི་སྡེ་ཁུལ་སྨན་པའི་ལས་དོན་ས་ཚིགས་མ་ལག་ལྟེ་བར་བྱས་ཏེ་མཁོ་ཆོད་སྨན་བཅོས་དང་། རིན་བསྡུའི་དོ་དམ། སྨན་རྫས་ཁང(ཐོན་རྫས)དོ་དམ་སོགས་ནུས་པ་གཙོ་བོར་བྱས་ནས་གྲོང་མིའི་བདེ་ཐང་ཡིག་ཚགས་དོ་དམ་དང་། དཔལ་འབྱོར་དོ་དམ། ལྟ་སྐུལ་དོ་དམ། སྤྱི་བའི་འཕྲོད་བསྟེན་ཆ་འཕྲིན་ཞབས་ཞུ་དོ་དམ་སོགས་ཀྱི་གཞི་རྩའི་དགོས་མཁོ་སྐོང་བ་རེད།

རིགས་དབྱེ།  

ལུས་ཁམས་བདེ་སྲུང་ཟས་རིགས།

ལུས་ཁམས་བདེ་སྲུང་ཟས་རིགས་ལ་ནུས་པའི་རང་བཞིན་ལྡན་པའི་ཟས་རིགས་ཀྱང་ཟེར། དམིགས་བསལ་གྱི་ཟས་རིགས་རིགས་ཤིག་ཡིན། དེ་ལ་མིའི་ལུས་ཕུང་གི་བྱེད་ནུས་སྙོམས་སྒྲིག་བྱེད་པའི་ནུས་པ་ཡོད་མོད། འོན་ཀྱང་ནད་རིགས་གསོ་བཅོས་བྱེད་པར་དམིགས་ཡུལ་དུ་མི་འཛིན་ལ་དམིགས་བསལ་གྱི་མི་ཚོགས་ལ་སྤྱོད་དགོས། 《ལུས་ཁམས་བདེ་སྲུང་ཟས་རིགས་ཐོ་འགོད་དང་ཐོ་འགོད་དོ་དམ་བྱེད་ཐབས》དེ་སྤྱི་ལོ2016ལོའི་ཟླ7པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱས་པ་དང་། ལུས་ཁམས་བདེ་སྲུང་ཟས་རིགས་ནི་ལུས་ཁམས་བདེ་སྲུང་གི་ནུས་པ་ངེས་ཅན་ལྡན་པའམ་ཡང་ན་འཚོ་བཅུད་དང་གཏེར་རྒྱུ་ཁ་གསབ་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པའི་ཟས་རིགས་ལ་ཟེར་བ་སྟེ། དམིགས་བསལ་གྱི་མི་ཚོགས་ཀྱིས་ཟ་རྒྱུར་འཚམ་པ་དང་། ལུས་ཁམས་སྙོམས་སྒྲིག་བྱེད་པའི་ནུས་པ་ལྡན། སྤྱི་ལོ2018ལོའི་ཟླ12པའི་ཚེས20ཉིན་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་འཕྲོད་སྦྱོར་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱི་ཁ་པར་གཉེར་སྐྱོང་བྱ་སྤྱོད་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས་འཕྲོད་སྦྱོར་བཟའ་བཅའི་ཁེ་ལས་ཀྱིས་འཕྲོད་སྦྱོར་བཟའ་བཅའ་དྲིལ་བསྒྲགས་བྱེད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད།

རིགས་དབྱེ།  

དཔལ་འབྱོར་སྒུལ་ཤུགས་རིག་པ།

དཔལ་འབྱོར་སྒུལ་ཤུགས་རིག་པ་ནི་སྒུལ་ཤུགས་རིག་པའི་རྩ་བའི་རིགས་པ་དང་ཐབས་ཤེས་ལ་བརྟེན་ནས་དཔལ་འབྱོར་འགུལ་སྐྱོད་དང་དེའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཀྱི་རྒྱལ་དམངས་གཟུགས་གཞི་ལྟ་ཞིབ་ཚད་ལེན་ལྟེ་གནས།

རྒྱལ་ཁབ་ཀྱི་རྒྱལ་དམངས་གཟུགས་གཞི་ལྟ་ཞིབ་ཚད་ལེན་ལྟེ་གནས་ནི་སྲིད་གཞུང་གིས་གཉེར་བའི་རྒྱལ་དམངས་ཀྱི་གཟུགས་གཞི་བརྟག་དཔྱད་ཚད་ལེན་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་ཞིབ་འཇུག་བྱེད་མཁན་ཁེ་གཉེར་མིན་པའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཤིག་ཡིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་འགོ་ཁྲིད་འོག་དཔེ་འདེམས་བརྟག་དཔྱད་ཀྱི་བྱེད་ཐབས་སྤྱད་དེ་དུས་བཀག་ལྟར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལོ3ནས69བར་གྱི་ཀྲུང་གོའི་སྤྱི་དམངས་ཀྱི་གཟུགས་གཞི་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། ནང་དོན་ལ་ལུས་པོའི་རྣམ་པ་དང་། དབང་པོའི་ནུས་པ། བྱང་ཚད་སོགས་ཐད་ཀྱི་ཚད་ལེན་ཚོད་ལྟ་དང་། གཞི་གྲངས་དབྱེ་ཞིབ། ཞིབ་འཇུག་བཅས་ཚུད་ཡོད། དེའི་དམིགས་ཡུལ་ནི་དུས་ཡུན་རིང་པོའི་ནང་ཀྲུང་གོའི་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་དང་འགྱུར་ལྡོག་གི་ཆོས་ཉིད་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ལག་བསྟར་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།

རིགས་དབྱེ།  

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཡིན་ཞིང་། ལོ་རེར་ཐེངས་རེ་འཚོག་བཞིན་ཡོད། ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ལས་འཛིན་གྱི་ལས་ཀའི་སྙན་ཞུ་དང་སྔོན་རྩིས་འཆར་འགོད། ཚོགས་མི་གསར་པ་དང་ལེན་དང་གྲོས་དོན་གལ་ཆེན་གཞན་དག་ལ་གྲོས་བསྡུར་བཅས་བྱེད་པ་དེ་ཡིན།

རིགས་དབྱེ།  

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐ་མག་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས།

《འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཐ་མག་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས》World Health Organization Framework Convention onTobacco Control(WHO FCTC)ནི་སྤྱི་ལོ2003ལོའི་ཟླ5བའི་ཚེས21ཉིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཆོག་མཆན་སྤྲད་དེ། རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་གང་ཐུབ་བྱས་ནས་ཐ་མག་རྒྱ་ཁྱབ་ཏུ་ཁྱབ་པར་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། ཀྲུང་གོས་སྤྱི་ལོ2003ལོའི་ཟླ11བའི་ཚེས10ཉིན《ཐ་མག་ཚོད་འཛིན་གྱི་སྒྲོམ་གཞིའི་སྤྱི་ཆིངས》ལ་དངོས་སུ་མིང་རྟགས་བཀོད་པ་དང་། སྤྱི་ལོ2005ལོའི་ཟླ10བའི་ཚེས11ཉིན་སྤྱི་ཆིངས་དེར་དངོས་སུ་ཆོག་མཆན་བཀོད་པ་རེད།

རིགས་དབྱེ།  

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲལ་མར་སྤྱོད་པའི་གསལ་ཐོ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲལ་མར་སྤྱོད་པའི་གསལ་ཐོ་ནི། ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཁྲོད་ཀྱི་འཕྲོད་བསྟེན་ཐོན་རྫས་གསར་བའི་གོ་ཆོད་རང་བཞིན་ལ་དཔྱད་དཔོག་བྱེད་པར་སྤྱོད། དམིགས་ཡུལ་ནི་སྨན་རྫས་དང་རིམས་འགོག་སྨན་ཁབ། ནད་དཔྱད་སྨན་རྫས་བཅས་གང་མགྱོགས་ངང་མཁོ་འདོན་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་ཆབས་ཅིག་བདེ་འཇགས་རང་བཞིན་དང་། ནུས་ལྡན་རང་བཞིན། སྤུས་ཚད་ཚད་གཞི་བཅས་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་དེ་ཡིན། སྤྱི་ལོ2021ལོའི་ཟླ6པའི་ཚེས1ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁུ་ཨེར་ལའེ་ཧྥུའུ་རུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕྲལ་མར་སྤྱོད་པའི་ཁས་ལེན་དངོས་སུ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།

རིགས་དབྱེ།  

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཚོ་གནས་སྤུས་ཚད་ཚད་འཇལ་རེའུ་མིག

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་དང་འབྲེལ་བ་ཡོད་པའི་འཚོ་གནས་སྤུས་ཚད་ཀྱི་མཚན་ཉིད་ནི། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཚོ་གནས་སྤུས་ཚད་ཚད་འཇལ་རེའུ་མིག་གི་འཕེལ་རྒྱས་དང་། ཚད་འཇལ་རེའུ་མིགWHOQOL-100དངWHOQOL-BREFགི་གྲུབ་ཚུལ་དང་ནང་དོན། བཀོལ་སྤྱོད་བཅས་བྱས་པ་མ་ཟད། ཚད་འཇལ་རེའུ་མིག་གི་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་ཞིབ་ཕྲ་བྱས་པ་ཞིག་ཡིན།

རིགས་དབྱེ།