སྨན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨན་ཁང་།
སྨན་ཁང་ཞེས་པའི་མིང་ནི་ལ་ཏིང་གི་སྐད་ལས་བྱུང་བ་ཡིན་ཞིང་། དོན་ནི་མགྲོན་པོ་ཞེས་པ་ཡིན། སྨན་ཁང་ཐོག་མར་གསར་འཛུགས་བྱེད་པའི་སྐབས་སུ་མི་རྣམས་ལ་མཁོ་འདོན་བྱེད་པའི་གནོད་འབྱོལ་ཁང་ཡིན་པ་དང་ངལ་གསོ་སའི་གནས་ཀྱང་ཡོད་ལ། ནང་དུ་ཡོང་བའི་མི་ལ་བག་ཕེབས་ཀྱི་སྣང་བ་སྟེར་ཞིང་། སྣེ་ལེན་གྱི་འདོད་བློ་ཡོད་པ་ཡིན། རྗེས་སུ་དལ་གྱིས་ནད་པ་སྨན་བཅོས་དང་བསྡུ་ཉར་བྱེད་སའི་ཆེད་གཉེར་གྱི་ལས་ཁུངས་ཤིག་ཏུ་གྱུར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
医院
ཕྱི་ཡིག་གི་མིང་།
hospital
དམིགས་ཡུལ།
སྲོག་སྐྱོབ་རྨས་གསོ་དང་ནད་བཅོས་སྲོག་སྐྱོབ།
རིགས་དབྱེ།
རྩ་འཛུགས་སྡེ་ཁག
1 ངོ་སྤྲོད།

སྨན་ཁང་ཞེས་པའི་མིང་ནི་ལ་ཏིང་གི་སྐད་ལས་བྱུང་བ་ཡིན་ཞིང་།  དོན་ནི་མགྲོན་པོ་ཞེས་པ་ཡིན།  སྨན་ཁང་ཐོག་མར་གསར་འཛུགས་བྱེད་པའི་སྐབས་སུ་མི་རྣམས་ལ་མཁོ་འདོན་བྱེད་པའི་གནོད་འབྱོལ་ཁང་ཡིན་པ་དང་ངལ་གསོ་སའི་གནས་ཀྱང་ཡོད་ལ།  ནང་དུ་ཡོང་བའི་མི་ལ་བག་ཕེབས་ཀྱི་སྣང་བ་སྟེར་ཞིང་།   སྣེ་ལེན་གྱི་འདོད་བློ་ཡོད་པ་ཡིན། རྗེས་སུ་དལ་གྱིས་ནད་པ་སྨན་བཅོས་དང་བསྡུ་ཉར་བྱེད་སའི་ཆེད་གཉེར་གྱི་ལས་ཁུངས་ཤིག་ཏུ་གྱུར་བ་ཡིན། 

སྨན་ཁང་ནི་སྨན་བཅོས་གཙོ་བོ་ཡིན་པའི་སྡེ་ཁག་ཅིག་ཡིན་ཞིང་།  ཞབས་ཞུ་བྱ་ཡུལ་ནི་ནད་པ་དང་རྨས་མ།  དེ་ལས་གཞན་སྦྲུམ་མ་དང་ཕྲུ་གུ་དམར་འབྱར།  ལུས་པོར་ཞིབ་བཤེར་བྱེད་པའི་མི་སོགས་ཡིན།

2 ​ལོ་རྒྱུས།
2_1 ཀྲུང་གོའི་སྨན་ཁང་གི་ལོ་རྒྱུས།

རང་རྒྱལ་ནི་འཛམ་གླིང་སྟེང་ཆེས་ཐོག་མར་སྨན་ཁང་གསར་འཛུགས་བྱས་པའི་རྒྱལ་ཁབ་ཡིན།  ཧན་ནུབ་མའི་སྐབས་སུ།  རྨ་ཆུའི་འགྲམ་རྒྱུད་དུ་ནད་ཡམས་སྣ་ཚོགས་དར་བས་ས་གནས་སོ་སོ་རུ་སྨན་བཅོས་བྱེད་སའི་ས་གནས་གསར་འཛུགས་བྱས་པ་དང་སྨན་པ་དང་སྨན་རྫས་སོགས་འདོན་སྤྲོད་བྱས་ནས་མང་ཚོགས་རྣམས་ལ་སྨན་བཅོས་བྱས་པ་རེད།  སུང་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་དུས་སུ་སླེབས་དུས་སྨན་ཁང་ཇེ་མང་ནས་ཇེ་མང་དུ་གྱུར་བ་རེད། 

2_2 འཛམ་གླིང་སྨན་ཁང་གི་ལོ་རྒྱུས།

ཡོངས་ཁྱབ་ཀྱིས་འཛམ་གླིང་ཐོག་གི་ཆེས་སྔ་བའི་སྨན་ཁང་ནི་སུའུ་ཀོ་ལན་དབུས་རྒྱུད་ཀྱི་དབྱི་ཐེ་ཐུའུ་སའེ་ཨེར་ཡིན་པར་འདོད་པ་དང་།  སྨན་ཁང་འདི་ནི་རོ་མ་དམག་གིས་བཙན་བཟུང་བྱེད་པའི་དུས་སྐབས་སུ་བཙུགས་པ་ཡིན་ཞིང་།   ལོ་ངོ་སྟོང་གཉིས་ལྷག་གི་ལོ་རྒྱུས་ལྡན།

2_3 ཡོ་རོབ་གླིང་སྨན་ཁང་གི་ལོ་རྒྱུས།

ཡོ་རབ་གླིང་གི་ཆེས་སྔ་བའི་སྨན་ཁང་རྩ་འཛུགས་ནི་ཡེ་ཤུའི་ཆོས་ལུགས་ཀྱི་བུད་མེད་ཀྱི་ཆེད་དུ་རོ་མ་རུ་བཙུགས་ཡོད་པའི་སྨན་བཅོས་ཁང་ཡིན་ཞིང་། རང་རྒྱལ་དང་བསྡུར་ན་དུས་རབས་ལྔ་ཡི་རྗེས་ཡིན།  ལོ་རབས80བའི་ལོ་མཇུག་གི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཡིས་སྨན་ཁང་རྩ་འཛུགས་ཆོས་ལུགས་ལས་ཐར་ནས་འཕེལ་རྒྱས་ཆེན་པོ་བྱུང་།  ཕྱི་ལུགས་ཀྱི་གསོ་རིག་རང་རྒྱལ་དུ་དར་བས་རང་རྒྱལ་གྱི་གསོ་རིག་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། 

3 ཆ་རྐྱེན།

སྨན་ཁང་གྲུབ་པར་གཤམ་གསལ་གྱི་ཆ་རྐྱེན་དག་ལྡན་དགོས་ཏེ། 

གཅིག  སྨན་ཁང་ལ་ཚད་ངེས་ཅན་གྱི་ནད་ཁང་དང་ནད་ཁྲི་སྒྲིག་ཆས་ཡོད་དགོས་པ། གཙོ་བོ་ཞག་སྡོད་བྱས་ནས་སྨན་བཅོས་བྱེད་པ་ལག་བསྟར་དང་དེ་དང་མཐུན་པའི་སྒོ་བསྟེན་སྨན་བཅོས་ཁང་ཡོད་པ། 

གཉིས།  ཆེས་སྤྱིར་བཏང་གི་སྨན་བཅོས་སྒྲིག་ཆས་ཡོད་དགོས་པ། 

གསུམ།  ཞག་སྡོད་བྱས་པའི་ནད་པར་ཚད་ལྡན་གྱི་སྨན་བཅོས་དང་ནད་གཡོག་རྒྱུག་པ།  ཆེས་སྤྱིར་བཏང་གི་འཚོ་བའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པའི་ནུས་པ་ལྡན་པ།

བཞི།  ལྟོས་བཅོས་དང་མ་ལག་གི་མི་སྣའི་བསྐོ་སྒྲིག་ཡོད་དགོས་པ།

ལྔ།   ལྟོས་བཅོས་ཀྱི་བྱ་བའི་སྒྲིག་ལམ་དང་སྒྲིག་ཁྲིམས་སྒྲིག་ལམ་ཡོད་དགོས་པ།

དྲུག   ལྟོས་བཅོས་ཀྱི་སྨན་ཁང་རིག་གནས་ཡོད་དགོས་པ་བཅས་ཡིན།

4 རྣམ་པ།
4_1 ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་།

ནད་ཡམས་སྣ་ཚོགས་དང་རྨས་སྐྱོན་ཕོག་པ་སོགས་སྨན་བཅོས་བྱེད་པའི་སྨན་ཁང་ནི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཡིན།  དེ་ལ་མྱུར་སྐྱོབ་ལྟེ་གནས་དང་སྒོ་བསྟེན་ཁང་།  ཞག་སྡོད་ཁང་བཅས་གསུམ་ཡོད།  ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ནི་ས་ཁུལ་གཅིག་གི་སྨན་བཅོས་སྡེ་ཁག་གཙོ་བོ་ཞིག་ཡིན་པ་དང་ནད་ཁྲི་དང་ནད་ཁང་མང་པོ་ཡོད་པས་ནད་པར་ཡུན་རིང་གི་བདག་སྐྱོང་བྱེད་ཐུབ། 

4_2 ཆེད་སྦྱོང་སྨན་ཁང་།

ཁྱད་པར་ཅན་གྱི་ནད་ཡམས་དང་རྨས་སྐྱོན་ཕོག་པ་སྨན་བཅོས་བྱེད་པའི་སྨན་ཁང་ནི་ཆེད་སྦྱོང་སྨན་ཁང་ཡིན།  དཔེར་ན་མོ་ནད་ཚན་ཁག་དང་ཕོ་ནད་ཚན་ཁག་སོགས་ཡིན། 

4_3 སྨན་བཅོས་ཁང་།

རྒྱུན་མཐོང་གི་ནད་ཡམས་ཁོ་ན་སྨན་བཅོས་བྱེད་པའི་སྨན་བཅོས་སྡེ་ཁག་ནི་སྨན་བཅོས་ཁང་ཡིན།  སྨན་བཅོས་ཁང་གི་གཞི་ཁྱོན་ཅུང་ཆུང་བ་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།