ཕྱོགས་རྐྱང་ཞིབ་བཤེར།

ཕྱོགས་རྐྱང་ཞིབ་བཤེར(one-sided test)ལ་མཇུག་རྐྱང་ཞིབ་བཤེར་ཡང་ཟེར་ལ་གཞོགས་རྐྱང་ཞིབ་བཤེར་ཡང་ཟེར། ཚོད་དཔག་ཞིབ་བཤེར་ཁྲོད་དུ། སྡོམ་རྩིས་ཚད་ཀྱི་སྟུག་ཚད་འཁྱོག་ཐིག་དང་འཁོར་མདའ་གཉིས་ཀྱིས་བསྐོར་བའི་རྒྱ་ཁྱོན་ཁྲོད་ཀྱི་ཟུར་རྐྱང་མཇུག་མའི་རྒྱ་ཁྱོན་ལ་བརྟེན་ནས་འགྱུར་མཚམས་ས་ཁོངས་ལ་ཞིབ་བཤེར་བྱེད་པའི་ཐབས་ལ་ཕྱོགས་རྐྱང་ཞིབ་བཤེར་ཟེར།

རིགས་དབྱེ།  

ཕྱོགས་རྐྱང་པའི་ཉོ་ཚོང་།

ཕྱོགས་རྐྱང་པའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ཀྱི་ཆེས་སྤྱིར་བཏང་དང་ཆེས་གཙོ་བོའི་ཉོ་ཚོང་བྱེད་སྟངས་ཤིག་ཡིན། ཉོ་ཚོང་ཕྱོགས་གཉིས་ཀས་རང་ཉིད་ཀྱི་འདོད་བློ་ལྟར་ཚོང་ཟོག་ག་གེ་མོའི་རིན་གོང་དང་ཉོ་ཚོང་གི་ཆ་རྐྱེན་ལ་སྒེར་གྱིས་གྲོས་མཐུན་བྱུང་ནས་གན་རྒྱ་འཇོག་པ་ལ་ཟེར།

རིགས་དབྱེ།  

ས་ཞིང་མ་ལག

དེ་ནི་རྙོག་འཛིང་ཆེ་བའི་སྒོ་འབྱེད་མ་ལག་ཅིག་ཡིན་ལ། ཉི་མའི་འགྱེད་འཕྲོ་དང་། སའི་གོ་ལའི་ནང་ནུས་དང་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱིས་འདོན་སྤྲོད་བྱས་པའི་ནུས་ཚད་ཀྱི་འབྱུང་ཁུངས་ཡིན། རླུང་ཁམས་ཆེན་མོའི་མུ་འཁྱུད་དང་བྲག་རྡོའི་མུ་འཁྱུད། སྐྱེ་དངོས་མུ་འཁྱུད་དང་ཆུའི་མུ་འཁྱུད་སོགས་དངོས་པོའི་རྨང་གཞིར་བྱས་ཏེ། ས་གཤིས་དང་། ས་དབྱིབས། གནམ་གཤིས། ཆུ་དཔྱད། ས་རྒྱུ། སྔོ་ཁེབས། སྲོག་ཆགས་བཅས་དང་དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་བྱེད་སྒོའི་རྒྱུ་རྐྱེན་སྣ་ཚོགས་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ཚོད་འཛིན་བྱས་ནས་གྲུབ་པའི་མ་ལག་ཅིག་ཡིན།

རིགས་དབྱེ།  

ཨང་བཀོད་སྦྲག་རྫས།

དེ་ནི་རིན་དངུལ་འཕར་མ་བསྡུ་བའི་སྦྲག་སྲིད་ཟུར་སྣོན་ལས་སྒོ་ཞིག་ཡིན་ཞིང་། སྦྲག་རྫས་ཀྱི་ཕྱི་ངོས་སུ་རྒྱུན་དུ་ཐེལ་རྒྱག་པ་དང་ཐོ་འགོད་ཤོག་བྱང་སོགས་དམིགས་བསལ་གྱི་མཚོན་རྟགས་ཡོད་པ་དེ་ངོས་འཛིན་བྱེད་བདེ་བོ་ཡོད།

རིགས་དབྱེ།  

ཞིང་ལས་ངལ་རྩོལ།

ཞིང་ལས་ངལ་རྩོལ་ནི་ཞིང་ལས་ཐོན་སྐྱེད་བྱེད་རིམ་ནང་ངལ་རྩོལ་ནུས་ཤུགས་བེད་སྤྱོད་དང་འཛད་སྤྱོད་ཟེར་བ་ཡིན། དེ་ནི་མི་རྣམས་ཀྱིས་ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཞོར་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་ཐད་ཀར་བྱེད་པ་དང་། བེད་སྤྱོད་རིན་ཐང་གསར་སྐྲུན་བྱེད་པའི་ཞིབ་ཕྲའི་ངལ་རྩོལ་ཞིག་ཡིན། ཞིང་ལས་ངལ་རྩོལ་བྱ་རིམ་ནི་མིའི་རིགས་ཀྱིས་དཔལ་འབྱོར་གྱི་དམིགས་ཡུལ་ངེས་ཅན་ཞིག་ལ་གཞིགས་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྐྱེ་དངོས་ཀྱི་སྐྱེ་ལྡན་ཕུང་པོ(རྩི་ཤིང་དང་། སྲོག་ཆགས་དང་སྐྱེ་དངོས་ཕྲ་རབ)འཚར་ལོངས་དང་། སྐྱེ་འཕེལ་བཅས་ཡོང་བར་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པའི་གོ་རིམ་ཞིག་ཡིན།

རིགས་དབྱེ།  

མི་ཤུགས་ཐོན་ཁུངས་ཀྱི་སྤུས་ཚད།

དེ་ནི་མིའི་ལུས་སྟོབས་དང་ཀླད་པའི་གནས་ཚུལ་ཆེས་ཆེར་མངོན་པའི་ལུས་ཁམས་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད་དང་དེ་གཉིས་ཀྱི་ཕྱོགས་བསྡུས་ལ་ཟེར།

རིགས་དབྱེ།  

ཐོ་འགོད་འཕྲིན་ཡིག

དེ་ནི་ཀྲུང་གོ་སྦྲག་སྲིད་ཚོགས་པའི་ཁོངས་གཏོགས་ཀྱི་སྦྲག་སྲིད་ལས་རིགས་ཅུའུ་ཡི་ལས་སྒོ་ཞིག་ཡིན་ཞིང་། སྦྲག་སྲིད་འཕྲིན་ཡིག་དང་སྦྲག་རྫས་ལས་སྒོའི་རིགས་ཤིག་ཡིན་ལ། དེ་ནི་གལ་ཆེའི་འཕྲིན་ཡིག་དང་དངུལ་འཛིན། རྒྱུ་ཆ་སོགས་སྐུར་སྐྱེལ་བྱེད་པར་སྤྱད་ཆོག

རིགས་དབྱེ།  

ཨང་བཀོད་པར་སྐྲུན་དངོས་པོ།

དེ་ནི་ཨང་ཐོ་བཀོད་པའི་རྣམ་པའི་ཐོག་ནས་བསྐུར་བའི་པར་སྐྲུན་དངོས་པོ་ཞིག་ཡིན་ཞིང་། སྤྱིར་བཏང་དུ་བསྐུར་དགོས་ཚེ། བསྐུར་མཁན་གནས་སའི་སྦྲག་ཁང་དང་། བརྒྱུད་སྐྱེལ་ལས་ཁུངས། རྩིས་ལེན་མཁན་བཅས་ཡོད་སའི་སྦྲག་ཁང་སོགས་བརྒྱུད་དགོས་པ་དང་། མཐར་བསྐུར་ཡིག་ལེན་མཁན་གྱི་ལག་ཏུ་འཇོག་དགོས། ཡིག་རིགས་སྐྱེལ་བ་དེ་འཕྲིན་ཡིག་ཚགས་པར་དང་འདྲ་བར་ཨང་ཐོ་བཀོད་པའི་པར་སྐྲུན་དངོས་པོ་ནི་སྦྲག་ཁང་གི་འཕྲིན་སྐྱེལ་པས་ཐད་ཀར་སྦྲག་རྫས་རྩིས་ལེན་ས་གནས་སུ་སྐྱེལ་བ་དང་ལེན་མཁན་གྱིས་རྟགས་འགོད་དགོས།

རིགས་དབྱེ།