སྦྲ་ནི་ནོར་ནག་གི་རྩིད་པས་བཟོས་པའི་ཁང་ཁྱིམ་ལ་ཟེར་ཞིང་། ནག་ནི་ཁྱད་ཆོས་བརྗོད་པའི་མིང་སྟེ། སྦྲའི་ཁ་དོག་ནག་པོ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་ཡིན། དབྱིབས་ཀྱི་ཆ་ནས་སྦྲ་ནག་གྲུ་བཞི་ཞེས་འབོད་སྲོལ་ཡང་ཡོད། བོད་མི་རིགས་ཀྱི་འཚོ་བའི་ཁྲོད་སྦྲ་ནག་ཏུ་འཚོ་བ་རོལ་མཁན་མང་ཆེ་བ་འབྲོག་པ་ཡིན་ལ། དེ་ནི་སྦྲ་ནག་འཁྱེར་བདེ་བ་དང་ཕུབ་བདེ་བ་སོགས་སྒོ་ཕྱུགས་ཀྱི་དོན་དུ་རང་འགར་གནས་སྤོར་བྱས་ཆོག་པས། འབྲོག་པའི་དངོས་ཡོད་འཚོ་བའི་དགོས་མཁོ་དང་ཧ་ཅང་འཚམ་པས་རེད། སྦྲ་ཞེས་པའི་མིང་འདི་ནི་ཡིག་སྐད་ཡིན་ཏེ། རོང་པ་རྣམས་ཀྱིས་སྦའམ་རྦ་ཞེས་འབོད་པ་དང་། འབྲོག་པ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྭ་ཞེས་འབོད་པ་མ་གཏོགས་སྦྲ་ཞེས་འབོད་མཁན་ཤིན་ཏུ་ཉུང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། མདོ་སྨད་ཀྱི་འབྲོག་པ་རྣམས་ཀྱིས་རེ་ནག་གི་གུར(སྦྲ་གུར་ལ་རེ་ལྡེ་ནག་པོའི་ཟེར)ལ་རྭ་ཞེས་འབོད་ཅེས་གསུངས་ཡོད་ལ། འབྲོག་པའི་བཏགས་ས་ཞིག་ལས་ཀྱང་། རྭ་ནག་ནང་གི་འབྲོག་ནག་ཅེས་པ་དང་། ཡང་གཏམ་དཔེ་ལས་ཀྱང་རྭ་རོག་རོག་དང་ཁང་སྐྱ་སྐྱ་ཞེས་འབྱུང་བ་ལྟ་བུའོ། །
གྲོང་ཁྱེར་གྱིས་བེད་སྤྱོད་བྱེད་བཞིན་པའི་ས་ཁོངས་ཀྱི་བྱེད་ནུས་རིགས་མི་འདྲ་བ་སྣ་ཚོགས་ལས་གྲུབ་པ་ཡིན་ལ། ས་ཁོངས་ཁག་སོ་སོ་བེད་སྤྱོད་བྱེད་པར་ཡང་ཆ་རྐྱེན་ངེས་ཅན་ཞིག་ཡོད་པ་དང་། ས་ཁོངས་ཁག་བར་དང་ས་ཁོངས་ཁག་མི་འདྲ་བའི་བར་ཕན་ཚུན་གཅིག་མཚུངས་དང་འགལ་ཟླའི་འབྲེལ་བ་ཆགས་ཀྱིན་ཡོད་པ་ལ་ཟེར།
མི་རྣམས་ཀྱིས་རེ་འདུན་ག་གེ་མོ་ཞིག་སྐོང་བའི་ཆེད་དུ། རང་བྱུང་དངོས་སྤྱད་དེ་བཟོ་སྐྲུན་བྱས་པ་ཞིག་ཡིན།
སྤྱིར་བཏང་དུ་སྲིད་དབང་ལས་ཁུངས་རིམ་པ་སོ་སོའི་གནས་གཞི་ཡིན་ལ། དེས་ཁྱབ་ཁོངས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ལ་འགོ་ཁྲིད་དང་རྩ་འཛུགས། དོ་དམ་བཅས་བྱེད་པའི་ནུས་པ་ཐོན་ཡོད་པ་ལ་ཟེར།
རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ངེས་ཅན་ཞིག་གཞིར་བྱས་ཏེ། ངལ་རྩོལ་པ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ངལ་རྩོལ་འོས་འགན་ལས་གྲོལ་བའི་ལོ་ནར་སོན་པ་དང་། ཡང་ན་ལོ་རྒས་ཏེ་ངལ་རྩོལ་ནུས་པ་ཉམས་ཏེ་ངལ་རྩོལ་གྱི་ལས་གནས་ནས་བུད་རྗེས། ཁོ་ཚོའི་གཞི་རྩའི་འཚོ་བ་ཐག་གཅོད་བྱར་བསྐྲུན་པའི་སྤྱི་ཚོགས་ཁག་ཁུར་གྱི་ལམ་ལུགས་ཤིག་ཡིན།
དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གསར་སྤེལ་ཁུལ་གྱི་གཞི་ཁྱོན་གྱི་ཚད་རིམ་གཞིར་བཟུང་ནས་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་དང་། ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ། གྲོང་ཁྱེར་རིམ་པའི་གསར་སྤེལ་ཁུལ་སོགས་སུ་དབྱེ་ཆོག ཀྲུང་གོའི་བཟོ་ལས་ཚོང་འགུགས་དྲ་བའི་དཔྱད་ཡིག་ཏུ་བཀོད་པར་གཞིགས་ན། རྒྱལ་ཁབ་ཀྱིས་ས་ཁོངས་འོས་འཚམ་ཞིག་དབྱེ་འབྱེད་གཏན་འབེབས་བྱས་ནས་དགོས་ངེས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། གཅིག་སྡུད་ཐོག་ཐོན་ལས་རེ་གཉིས་འཛུགས་གཉེར་བྱ་རྒྱུ་དང་། དུས་མཚུངས་སུ་འོས་འཚམ་གྱི་རོགས་སྐྱོར་དང་གཟིགས་སྐྱོང་བྱས་ནས། ས་ཁོངས་དེའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་བྱེད་པ་ལ་ཟེར། གསར་སྤེལ་ཁུལ་ནི་ས་གནས་སྲིད་གཞུང་ཞིག་གིས་སྒྲིག་སྲོལ་ཅན་དུ་བསྒྱུར་བའི་ཆེད་དམིགས་ཀྱི་ས་ཁོངས་ཤིག་ཡིན་ཞིང་། གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་གསར་སྤེལ་ཁུལ་གྱི་མ་དངུལ་འཇོག་པའི་ཚད་ཡོད་ཀུང་སི་བཙུགས་ཏེ། མ་དངུལ་བཏང་ནས་གསར་སྤེལ་ཁུལ་གྱི་གཞི་རྟེན་འཛུགས་སྐྲུན་བྱེད་པ་དཔེར་ན། 《ཤར་གཏོང་བདུན་དང་སྙོམས་སྒྲིག་གཅིག》དང《ཤར་གཏོང་དགུ་དང་སྙོམས་སྒྲིག་གཅིག》སོགས་ལྟ་བུ་ཡིན། གསར་སྤེལ་ཁུལ་ལའང་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱི་ངོ་བོ་ལྡན་པ་དང་གསར་སྤེལ་ཁུལ་གྱི་དོ་དམ་མི་སྣ་གཙོ་བོ་ནི་རྟག་ཏུ་ས་གནས་དེ་གའི་སྲིད་གཞུང་གི་སྲིད་འཛིན་དོ་དམ་གྱི་མཐོ་རིམ་མི་སྣས་འགན་གཅིག་ལྕོགས་སུ་འཁུར་བའམ་ཡང་ན་ཆེད་བསྐོས་ལས་འགན་ཁུར་ཡོད།
གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ཞེས་པ་ནི། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བ། ཐོན་ལས་མཉམ་འགུལ། ལེགས་བསྡུས་ཞིབ་གཉེར། འཆམ་མཐུན་འཕེལ་རྒྱས་སོགས་གཞི་རྩའི་ཁྱད་ཆོས་སུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཡིན། དེ་ནི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས། གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་བཅས་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཡིན།
སྤྱི་ཚོགས་སྟེང་གི་དབུལ་ཕོངས་དང་རྒན་རྒོན། དྭ་ཕྲུག་སོགས་མི་ཉམས་ཐག་ཅན་ལ་དམིགས་ཏེ་སྤེལ་བའི་སྤྱི་ཕན་ཞབས་ཞུའི་རིགས་ཤིག་གོ།
སྤྱི་ཚོགས་གཅིག་གྱུར་འཆར་འགོད་ནི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཁྱབ་ཁོངས་ཆེན་པོའི་ནང་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ཚན་པས་ཁྲིམས་ལྟར་གཅིག་གྱུར་བསྡུ་ལེན་དང་། གཅིག་གྱུར་དོ་དམ། གཏོགས་ཁོངས་ཁྱབ་ཁོངས་ནང་གཅིག་གྱུར་སྙོམ་སྒྲིག་བེད་སྤྱོད་བཅས་བྱེད་པ་དང་། ལམ་ལུགས་དེས་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩ་གྲབས་གསོག་ཐད་སྲོལ་རྒྱུན་རྣམ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་གྲབས་གསོག་བྱེད་སྟངས་སྤྱོད་ཀྱིན་ཡོད།
སྡེ་ཁུལ་ནི་སྤྱི་ཚོགས་ཀྱི་ཚོགས་སྤྱིའམ་སྤྱི་ཚོགས་རྩ་འཛུགས་འགའ་ཞིག་ཁྱབ་ཁོངས་ག་གེ་མོ་ཞིག་ཏུ་འདུས་ནས་གྲུབ་པའི་འཚོ་བའི་ཐད་ཕན་ཚུན་འབྲེལ་བ་ཡོད་པའི་མཉམ་སྡེབ་ཆེན་པོ་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་སྐྱེ་ལྡན་ཕུང་པོའི་ཆེས་གཞི་རྩའི་ནང་དོན་ཞིག་ཡིན་ལ། རགས་མཐོང་སྤྱི་ཚོགས་ཀྱི་བསྡུས་རིས་ཤིག་ཀྱང་ཡིན། སྤྱི་ཚོགས་རིག་པ་བས་སྡེ་ཁུལ་ལ་བཞག་པའི་མཚན་ཉིད140ལྷག་ཡོད། སྡེ་ཁུལ་ནི་མཉམ་འགུལ་གྱི་འབྲེལ་བ་ཅན་ཞིག་དང་ཐུན་མོང་གི་རིག་གནས་སྦྲེལ་ཐག་ཡོད་པ་མ་ཟད། ཁྱབ་ཁོངས་ངེས་ཅན་ནང་ཕན་ཚུན་འབྲེལ་བ་ཡོད་པའི་མི་ཚོགས་ལས་གྲུབ་པའི་ཐུན་མོང་ཚོགས་པ་དང་དེའི་བྱེད་སྒོའི་ས་ཁོངས་ཤིག་ལ་བྱ།
“སྡེ་ལས”ཞེས་པའི་ཐ་སྙད་འདི་ནི་དབྱིན་ཡིག་གིpropertyའམ་ཡང་ནestateལས་འགྱུར་བ་ཞིག་ཡིན། དེའི་གོ་དོན་ནི་ནོམ་པ་དང་། རྒྱུ་ནོར། ས་ནོར། ཁང་ནོར། ཐོན་ལས་སོགས་ཡིན། ཐ་སྙད་འདི་དུས་རབས20པའི་ལོ་རབས80པར་རྒྱལ་ནང་དུ་དྲངས་ཤིང་། ད་ལྟ་ཆ་ཚང་བའི་ཐ་སྙད་ཅིག་ཏུ་ཆགས་ཡོད།
མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ལྗང་མདོག་བདེ་འཇགས་འཛད་སྤྱོད་རིམ་བཞིན་དར་སྲོལ་དུ་གྱུར་པ་དང་། ཚལ་སླེའི་ལས་ཀའི་ལྟེ་བ་དེ་ཡང་དུས་དང་བསྟུན་ནས་གྲངས་འབོར་འགན་སྲུང་ཅན་ནས་སྤུས་ཚད་དང་ཕན་འབྲས་ཅན་དུ་འགྱུར་བར་བྱེད་དགོས། དེང་རབས་ཅན་གྱི་ཚལ་སླེའི་ལས་སྣོན་ཁེ་ལས་ཁག་ཅིག་གིས་ཚོང་རྟགས་ཅན་དང་ཚད་གཞི་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཐོན་སྐྱེད་ལག་བསྟར་བྱས་ཏེ་རྒྱ་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་རྒྱ་སྐྱེད་གཏོང་བཞིན་ཡོད་པ་རེད།
ཧྲེན་ཀྲེན་དང་ཞང་ཀང་གི་སྦྲེལ་མཐུད་ལམ་སྲོལ་ནི་ཧྲེན་ཀྲེན་དང་ཞང་ཀང་གི་མ་རྐང་འཛིན་ཤོག་ཁྲོམ་རའི་ཉོ་ཚོང་ཕན་ཚུན་སྦྲེལ་མཐུད་ལམ་སྲོལ་གྱི་བསྡུས་མིང་ཡིན་ཞིང་། ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་ཁང་དང་ཞང་ཀང་མཉམ་འབྲེལ་ཉོ་ཚོང་ཁང་ཚད་ཡོད་ཀུང་སིས་ལག་རྩལ་སྦྲེལ་མཐུད་བྱས་ཏེ་ནང་ལོག་དང་ཞང་ཀང་གི་མ་འཇོག་མཁན་གྱིས་ས་གནས་དེ་གའི་དངུལ་འཛིན་ཀུང་སིའམ་ཡང་ན་ཉོ་ཚོང་གཏན་འབེབས་བྱེད་ཁོངས་སུ་ཚུད་པའི་ཕྱོགས་ཅིག་ཤོས་ཀྱི་ཉོ་ཚོང་ཁང་ཚོང་རར་བཏོན་པའི་མ་རྐང་འཛིན་ཤོག་ལ་ཟེར།
དེ་ནི་ཉོ་ཚོང་པས་འཇུག་སྒོ་ཞིག་བརྒྱུད་དེ་འབྲེལ་ཡོད་སྲིད་གཞུང་གི་སྒྲིག་གཞི་ཁག་ལ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་ནམ་ཡང་ན་བརྒྱུད་འདྲེན་བྱེད་པར་མཁོ་བའི་འཛིན་ཡིག་གམ་ཡང་ན་གློག་རྡུལ་གཞི་གྲངས་ཤིག་ཡིན་པ་དང་། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་སྟབས་བདེ་ཅན་དང་གློག་རྡུལ་ལས་སྒོ་ལྟེ་གནས་ཀྱི་གྲོས་གཞིའི་ཡི་གེ་ཨང33པར་འགྲེལ་བཤད་བྱས་པ་ལྟར་ན། སྣ་གཅིག་དཀར་ཁུང་ནི་ཧ་ལམ་ཐ་སྙད་འདི་འདྲ་ཞིག་ཡིན་པ་སྟེ། དེ་ནི་རྒྱལ་སྤྱིའི་ཉོ་ཚོང་དང་སྐྱེལ་འདྲེན་ནང་ཞུགས་པའི་ཕྱོགས་སོ་སོས་ལས་སྟེགས་རྐྱང་པ་བརྒྱུད་ཚད་ལྡན་ཅན་གྱི་ཆ་འཕྲིན་དང་འཛིན་ཡིག་སྤྲད་དེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དོ་དམ་གྱི་བླང་བྱ་སྐོང་བ་ཞིག་ལ་ཟེར།
“ལྕགས་མི”ནི་ལོ་རབས་ལྔ་བཅུ་དྲུག་ཅུ་བར་སྤྱི་ཚོགས་ཀྱིས་རྡོ་སྣུམ་བཟོ་བ་ཝང་ཅིན་ཞི་ལ་ཕུལ་བའི་མཚན་སྙན་ཞིག་ཡིན་པ་དང་། ལྕགས་མིའི་སྙིང་སྟོབས་ནི་ཝང་ཅིན་ཞི་ཡི་བླ་ན་མེད་པའི་བསམ་བློ་དང་ཕུལ་བྱུང་ཀུན་སྤྱོད་ཀྱི་ཚད་མཐོའི་སྙིང་བསྡུས་ཡིན་ལ། རང་རྒྱལ་གྱི་རྡོ་སྣུམ་བཟོ་བའི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཀྱིས་མཚོན་ཡོད། ལྕགས་མིའི་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་དེ། གཙོ་བོ“རྒྱལ་ཁབ་ལ་དཀའ་ངལ་མཉམ་སེལ་དང་མི་རིགས་ཀྱི་ཆེད་དུ་ལ་རྒྱ་བརྩོན་ལེན་བྱེད་པའི”རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་། “ལོ20ཉུང་དུ་བཏང་ཡང་སྣུམ་ཞིང་ཆེན་པོ་སྲོག་བསྡོས་ཀྱིས་ལེན་དགོས”ཞེས་པའི་རང་དོན་རྒྱབ་སྐྱུར་གྱིས་འབད་འཐབ་བྱེད་པའི་སྙིང་སྟོབས་དང་། “ཆ་རྐྱེན་འཛོམས་དགོས་པ་དང་། ཆ་རྐྱེན་འཛོམས་མེད་ནའང་གོང་དུ་སྤེལ་དགོས་པའི”དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་། “ལས་དོན་སྒྲུབ་སྐབས་བུ་རབས་ཚ་རྒྱུད་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས”པ་དང་། “གསར་བརྗེའི་ཆེད་དུ་ནུས་རྩལ་མཁྲེགས་པོ་དང་འཇོན་ཐང་ངོ་མ་སྦྱོང་བརྡར་བྱེད་དགོས”ཞེས་པའི་ཚན་རིག་དང་མཐུན་པའི་བདེན་འཚོལ་གྱི་སྙིང་སྟོབས་དང་། “ཏང་དང་མི་དམངས་ཀྱི་ཆེད་དུ་ཚེ་གང་བ་གླང་རྒན་བྱེད་འདོད་པ”དང་། དཀའ་སྤྱད་སྙིང་རུས་ཀྱིས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སོགས་ཡིན། ལྕགས་མིའི་སྙིང་སྟོབས་ནི་འདས་ཟིན་པ་དང་ད་ལྟ། མ་འོངས་པ་བཅས་གང་ཞིག་ཡིན་རུང་ཉམས་པ་མེད་པའི་རིན་ཐང་དང་ཡུན་གཏན་གྱི་སྐྱེ་སྟོབས་ཡོད།
ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་ནི་ཧུའུ་ཅིན་ཐའོ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ“5,12”སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོའི་ཡོམ་འགོག་གནོད་སེལ་ཁྲོད་མངོན་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་སྙིང་བསྡུས་བྱས་པ་སྟེ།“མི་བརྒྱ་སེམས་གཅིག་དང་དམངས་སེམས་གཅིག་སྒྲིལ། དཀའ་ཉེན་ལ་མི་སྐྲག་པ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། མི་གཙོ་བོར་འཛིན་པ། ཚན་རིག་ལ་བརྩི་འཇོག་བཅས་བྱ་དགོས”ཞེས་པ་དེ་ཡིན། མི་བརྒྱ་སེམས་གཅིག་དང་དམངས་སེམས་གཅིག་མཐུན་གྱིས་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་མཚོན་ཡོད། དཀའ་ཉེན་ལ་མི་སྐྲག་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་རི་བོ་ཐའེ་ཧྲན་རི་བོའི་གཉའ་མི་སྒུར་བའི་དཔའ་ངར་གྱི་བློ་སྟོབས་མཚོན་ཡོད། མི་རྩ་བར་འཛིན་པ་དང་ཚན་རིག་ལ་བརྩི་འཇོག་བྱེད་པ་དེས་མི་དམངས་ལ་ཐུགས་ཁུར་ཆེན་པོ་དང་ཚན་རིག་ལ་བརྩི་འཇོག་ཚད་མཐོན་པོ་བྱེད་པ་མཚོན་ཡོད། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་ནི་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་གཅིག་བསྡུས་ཀྱིས་མཚོན་པ་དང་འཕེལ་རྒྱས་གསར་བ་བྱུང་བ་ཞིག་ཡིན་པ་དང་། ང་ཚོའི་ཏང་དང་དམག་དཔུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་གཅིག་བསྡུས་ཀྱིས་མཚོན་པ་དང་འཕེལ་རྒྱས་གསར་བ་བྱུང་བ་ཞིག་ཡིན་ལ། དེང་རབས་ཀྱི་ཀྲུང་གོར་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་སྙིང་སྟོབས་གཅིག་བསྡུས་ཀྱིས་མཚོན་པ་དང་འཕེལ་རྒྱས་གསར་བ་བྱུང་བ་ཞིག་ཀྱང་ཡིན། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་ནི་ཏང་དང་མི་དམངས་ཀྱི་ཆེས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན།
ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ཞེས་པ་ནི་ལས་གཅེས་ལས་བརྩོན་དང་རྩེ་གྲ་བརྩོན་ལེན། དཀའ་སྤྱད་འབད་བརྩོན། གསར་གཏོད་བྱེད་ཕོད་པ། ཁེ་གྲགས་མི་གཉེར་བ། ལེགས་སྐྱེས་འབུལ་བར་སྤྲོ་བ་བཅས་ཀྱི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ལ་ཟེར།
སའེ་ཧན་པཱའི་སྙིང་སྟོབས་དེ་སའེ་ཧན་ཆུ་རགས་ཀྱི་ས་ཞིང་མུའུ་ཁྲི140ལ་རྩ་བ་ཚུགས་པ་དང་། སའེ་ཧན་པཱ་ཝུའུ་ལིན་གྱི་མི་སྟོང་ཕྲག་མང་པོས་ལེགས་སྐྱེས་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། སའེ་ཧན་ཆུ་རགས་ཀྱི་ཉིན་རེ་བཞིན་འོད་སྟོང་འབར་བའི་ལྗང་མདོག་བྱ་གཞག་ཐོག་འཚར་ལོངས་བྱུང་བ་དེ་ནི་སའེ་ཧན་པཱ་མི་རབས་ཁ་ཤས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་རྔུལ་ཆུ། ཚེ་སྲོག་བཅས་གཅིག་ཏུ་བསྒྲིལ་ནས་གྲུབ་པ་ཞིག་རེད། སྤྱི་ལོ2021ལོའི་ཟླ8པའི་ཚེས23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་སའེ་ཧན་པཱ་འཕྲུལ་ཆས་ནགས་རའི་ཟླ་བའི་རི་བོར་ཕེབས་ནས་ནགས་རའི་རང་བྱུང་རྣམ་པར་གཟིགས་ཞིབ་གནང་བ་དང་། ཧོ་པེ་ཡིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་དང་ནགས་རའི་དོ་དམ་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཚུལ་གྱི་ངོ་སྤྲོད་གསན་ནས་ནགས་སྲུང་བར་གཟིགས་པ་རེད། དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཧྲང་ཧའེ་དྲན་གསོའི་ནགས་ཚལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ནགས་ཤིང་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་ནགས་རའི་སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
རིམས་འགོག་སྙིང་སྟོབས་ནི་གློ་ཚད་གསར་བར་འགོག་རྒོལ་ཁྲོད་གྲུབ་པའི་དམངས་སེམས་གཅིག་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱེད་པའི་སྙིང་སྟོབས་ཤིག་རེད། རླབས་ཆེན་གྱི་རིམས་ནད་འགོག་པའི་སྙིང་སྟོབས་སྟེ། ཚེ་སྲོག་བླ་ན་མེད་པ་དང་རྒྱལ་ཡོངས་ཀྱི་བློ་སེམས་གཅིག་མཐུན། རང་སྲོག་བློས་གཏོང་། ཚན་རིག་ལ་བརྩི་འཇོག ལས་དབང་གཅིག་མཐུན་བཅས་བྱེད་པ་ཞིག་ཡིན།
དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ནི“གོང་འོག་ཐམས་ཅད་བློ་སེམས་གཅིག་མཐུན་དང་འཐབ་ཇུས་ནུས་འདོན། གནད་སྨིན་དངོས་སྒྲུབ། གསར་གཏོད་གསར་སྐྲུན། འགག་སྒྲོལ་དཀའ་སེལ། མི་དམངས་ལ་ཁྲེལ་མེད་མི་བྱེད་པ”བཅས་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེན་འཐབ་རྩོད་ཁྲོད་དུ་བསྐྲུན་པ་ཞིག་ཀྱང་རེད། དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ། ཀྲུང་གོའི་མི་དམངས་ཀྱི་འདོད་བློའི་གཤིས་རྒྱུད་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཅས་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་གཅིག་སྡུད་ཐོག་མཚོན་པ་དང་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་མངོན་པ་བཅས་ཡིན་པས། རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་པ་ཞིག་ཡིན། སྤྱི་ལོ2021ལོའི་ཟླ་དགུ་བར་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུས་གསེད་བཀྲོལ་བྱས་པའི་ཁག་དང་པོའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་ནང་བཅུག་པའི་རླབས་ཆེན་གྱི་སྙིང་སྟོབས་ལ་ཆོག་མཆན་སྤྲད་དེ་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་དེའི་ནང་དུ་བཅུག་པ་རེད།
འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ན། ཁེ་ལས་ཀྱི་ལས་བཟོ་བ་ཞིག་ལ་ཁྱིམ་ཐོ་ཡོད་མེད་དང་། ས་ཆ་ཞིག་ཏུ་ལས་ཀ་བྱེད་པའམ་ཡང་ན་ལོ15རིང་གི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་སྤྲོད་བྱེད་པའི་རེ་བ་སྐོང་བ་གང་ཡིན་རུང་། ཁོང་གིས་ས་གནས་དེ་གར་རྒན་གསོའི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་ཆོག ད་ལྟ་གྲོང་ཁྱེར་མི་ཉུང་བ་ཞིག་གིས་དེའི་ཐད་ཟུར་སྣོན་ཆ་རྐྱེན་ཁ་ཤས་བསྣན་ཡོད་པ་ནི་བཤད་མི་དགོས་ལ། དཔེར་ན་ངེས་པར་དུ་གཏན་འབེབས་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་རྒྱུན་མཐུད་ངང་སྤྲད་རྗེས་གཞི་ནས་ལེན་ཆོག་པ་སྟེ། དཔེར་ན“འཇལ་སྤྲོད་རིམ་རྩིས”དེ“བསྟུད་མར་གྲོན་དངུལ་སྤྲོད”པར་བརྗེས་པ་སོགས་ལྟ་བུ་རེད། བྱེད་ཐབས་འདི་དག་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་ལ།《བྱ་ཐབས》ནང་དུ་ཕྱོགས་མིའི་ལས་ཞུགས་མི་སྣར“ལོ་བཅུའི་དུས་བཀག”ཅིག་སྤྲད་ཡོད།
ཐབས་ཇུས་དམངས་ལ་འདྲི་བ་ནི་མར་ཁེ་སིའི་རིང་ལུགས་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན། ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་གྱི་འདུ་ཤེས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཀྱང་ཡིན། དབུ་བརྙེས་པའི་ཉིན་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་དུས་ཡུན་རིང་པོའི་འཕེལ་རྒྱས་འཆར་འགོད་བཟོ་སྐབས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་ཕུད། སྲིད་དོན་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ། དགོས་མཁོ་དམངས་ལ་འདྲི་བ་བཅས་ལ་མཐོང་ཆེན་བྱས་ཏེ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལས་དོན་རེ་རེར་རྒྱལ་ཁ་ཐོབ་སྟེ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ངང་ཡར་རྒྱས་འགྲོ་བར་འཇིག་རྟེན་ན་དཀོན་པའི་མཛད་རྗེས་བསྐྲུན་པ་རེད།
སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཞེས་པ་ནི་སྤྱི་ཚོགས་ཐོག་གི་བྱ་དངོས་སྣ་ཚོགས་ལ་ཟེར་ཞིང་། དེའི་ནང་སྤྱི་ཚོགས་ཀྱི་ལམ་ལུགས་དང་། སྤྱི་ཚོགས་ཀྱི་ཚོགས་པ། སྤྱི་ཚོགས་ཀྱི་འགྲོ་འོང་། ཀུན་སྤྱོད་ཚད་གཞི། རྒྱལ་ཁབ་ཀྱི་བཅའ་ཁྲིམས། སྤྱི་ཚོགས་ཀྱི་གླེང་ཕྱོགས། ཡུལ་སྲོལ་གོམས་གཤིས་སོགས་ཚུད་ཡོད། དེ་དག་གནས་པ་དང་ནུས་པ་ནི་ཤུགས་དང་ལྡན་པ་ཞིག་ཡིན་པས། མི་རྣམས་ཀྱི་རྣམ་འགྱུར་གྲུབ་པ་དང་འགྱུར་ལྡོག་ཡོང་བར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།
ས་ཁོངས་ཐོན་སྐྱེད་ཕྱོགས་བསྡུས་གཟུགས་ཞེས་པ་ནི་ས་ཁོངས་ཀྱི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཅན་གྱི་ཐོན་སྐྱེད་སྡེ་ཁག་དང་། དེ་བཞིན་དེའི་ཐད་ཀར་མཉམ་ལས་དང་གཞོགས་འདེགས་བྱེད་པའི་རམ་འདེགས་རང་བཞིན་གྱི་ཐོན་སྐྱེད་སྡེ་ཁག་དང་ས་ཁུལ་དེ་གར་ཞབས་འདེགས་ཞུ་བའི་སྡེ་ཁག་ཁོ་ནས་ཐུན་མོང་དུ་གྲུབ་པའི་དཔལ་འབྱོར་གྱི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ལ་ཟེར། དེ་ནི་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་ས་ཁོངས་རྩ་འཛུགས་ཤིག་ཡིན་ཞིང་། དེས་ས་ཁོངས་ངེས་ཅན་ནང་གི་དཔལ་འབྱོར་བྱེད་སྒོའི་ཁྱད་ཆོས་དང་། ཐོན་སྐྱེད་བཀོད་སྒྲིག་བྱེད་ཚུལ་དང་རང་བྱུང་ཁོར་ཡུག་བར་གྱི་མཐུན་སྦྱོར་གནས་ཚུལ་མཚོན་ཡོད། ས་ཁོངས་ཐོན་སྐྱེད་ཕྱོགས་བསྡུས་ཀྱི་ལུས་པོའི་ནང་ཆེད་ལས་ཅན་གྱི་ཐོན་སྐྱེད་ཀྱིས་ས་གནས་དེ་གའི་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་ཕན་ཡོད་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱལ་ཡོངས་ཀྱི་ངལ་རྩོལ་ས་ཁོངས་ལས་བགོས་ནང་ཞུགས་ནས་ས་ཁུལ་དཔལ་འབྱོར་གྱི་ལེགས་ཆ་འདོན་སྤེལ་བྱེད་དགོས། དུས་མཚུངས་སུ་ཐོན་སྐྱེད་སྡེ་ཁག་སྣ་ཚོགས་བར་ལུགས་མཐུན་གྱི་དཔལ་འབྱོར་གྲུབ་ཚུལ་ཆགས་པ་དང་། ཆེད་ལས་ཅན་གྱི་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཡོད།
སྤྱི་ཕན་ཞབས་ཞུ་ཞེས་པ་ནི་ཁེ་བཟང་རག་ཐབས་རྒྱུ་དམིགས་ཡུལ་དུ་མི་འཛིན་པར་མི་དམངས་ཡོངས་ལ་རིན་མེད་ཞབས་ཞུ་མཁོ་འདོན་བྱེད་པ་སྟེ། སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ལ་ཟེར། དེང་རབས་ཀྱི་འཛད་སྤྱོད་ནི་གཟུགས་བརྙན་འཛད་སྤྱོད་ཅུང་ཆེ་བའི་དུས་རབས་ཤིག་ཡིན་པ་དང་ཚོང་ཟོག་འཛད་སྤྱོད་བྱེད་རིང་སྐུ་མགྲོན་གྱིས་མི་གཤིས་གཟུགས་བརྙན་དང་སྤྱི་ཕན་གཟུགས་བརྙན་ལ་མཐོང་ཆེན་བྱེད་ཀྱིན་ཡོད།
སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་མཉམ་སྒྲུབ། རིམ་པ་སོ་སོའི་ལྟེ་བའི་དཔེ་མཛོད་ཁང་ལ་མངགས་བཅོལ་བྱས་བར་བརྟེན་ནས། རང་འགུལ་ཅན་གྱི་སྒྲིག་ཆས་དང་སྐུད་མེད་འཕྲོ་གཏོང་ལག་རྩལ་སྤྱད་དེ་གཞི་གཅིག་ཅན་གྱི་ཞབས་ཞུ་མངོན་འགྱུར་བྱས་ཏེ། ཆུ་ཚོད24ཡི་སྒོ་དབྱེའི་ཆ་རྐྱེན་ལྡན་པའི་འགྲེམས་ཁང་རྣམ་པའི་རང་འདེམས་སྤྱི་པའི་དཔེ་མཛོད་ཁང་ཞིག་ཡིན་པ་རེད།
མཉམ་སྐྲུན་སྡེ་ཁུལ་གྲོང་མི་ཨུ་ལྷན་དེ་སྤྱི་ལོ1982ལོའི་ཟླ8པར་བཙུགས་པ་དང་ཁོངས་གཏོགས་ཁུལ་དེ་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་ཧུའེ་ཁྲེང་ཆུས་ཅང་ནན་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཁོངས་གཏོགས་ཁུལ་གྱི་དབུས་ཤར་རྒྱུད་དུ་གནས་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.45ཙམ་དང་། རྒྱུན་སྡོད་ཁྱིམ་དུད2966ལྷག་ཡོད།
འཆམ་མཐུན་སྡེ་ཁུལ་འཛུགས་སྐྲུན་ཞེས་པ་ནི་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྟོན་དུ་བཟུང་སྟེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་སྡེ་ཁུལ་དེ་དོ་དམ་གོ་རིམ་ལྡན་པ་དང་། ཞབས་ཞུ་འཐུས་སྒོ་ཚང་བ། ཁོར་ཡུག་མཛེས་པ། བདེ་འཇགས་ལེགས་པ། འཚོ་བ་སྟབས་བདེ་བ། མི་དང་མིའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བ། སྤྱི་ཚོགས་ཀྱི་ཚོགས་པ་ཁག་འཆམ་མཐུན་མཉམ་གནས་བཅས་ཀྱི་སྤྱི་ཚོགས་འཚོ་བའི་ཐུན་མོང་ཚོགས་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཟེར།
གྲོང་མིའི་ཨུ་ཡོན་ལྷན་ཁང་ནི་གྲོང་མི་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཤིག་ཡིན་པ་དང་། ཀྲུང་གོའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དང་གྲོང་ཁྱེར་གྱི་གཞི་རིམ་སྲིད་དབང་གི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུའི་གྲས་ཤིག་ཀྱང་ཡིན། ཀྲུང་གོའི་གྲོང་ཁྱེར་ས་ཁུལ་དུ་སྡོད་དམངས་དུང་ཕྱུར4ལྷག་གིས་ལམ་ལུགས་འདི་བརྒྱུད་ནས་རྩ་ཁྲིམས་ཀྱིས་སྤྲད་པའི་རང་སྐྱོང་དབང་ཆ་དང་། དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་ལས་དོན་བཅས་ལ་དམངས་གཙོའི་སྒོ་ནས་དོ་དམ་བྱེད་པའི་དབང་ཆ་ཐད་ཀར་སྤྱོད་བཞིན་ཡོད། སྤྱི་ལོ2018ལོའི་ཟླ12པའི་ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོང་ཁྱེར་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་འགན་ཡུན་ལོ་ལྔ་ཡིན་པ་དང་། དེའི་ཁོངས་མི་བསྐྱར་དུ་བདམས་ནས་བསྟུད་མར་འགན་འཁུར་ཆོག
སྤྱི་ལོ2014ལོའི་ཟླ2པའི་ཚེས24ཉིན་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ·ཝན་ཧྥེང་ལིན་གྱི་དབུ་ཚོགས་སྐབས་གཉིས་པ་སྟེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་ཞིང་ལས་པུའུ་ཡི་ཚན་རྩལ་སློབ་གསོ་སིས་ཀྲུང་གོའི“མཛེས་སྡུག་ལྡན་པའི་གྲོང་གསེབ” གསར་འཛུགས་ཀྱི་དཔེ་དབྱིབས་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས་པ་རེད།
གཞན་དག བརྡ་འགྲེལ 1133 ཡོད། |