ཨ་མོའི་མཁལ་གློག་འདོན་ས་ཚིགས།

ཨ་མོའི་མཁལ་གློག་འདོན་ས་ཚིགས་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོའི་མཁལ་ཁུག་གྲོང་ཚོ་རུ་གནས་ཡོད་པ་དང་། སྤྱི་ལོ1982ལོར་བཙུགས་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར3×320ཡིན། གློག་འདོན་ས་ཚིགས་འདི་དང་ཨ་མོ་ཁོག་ཆུའི་གློག་འདོན་ས་ཚིགས་གཉིས་ཀྱིས་ཧུང་ཡོན་རྫོང་ཡོངས་ཀྱི་གློག་ནུས་མཁོ་འདོན་ལས་འགན་འཁུར་ཡོད།

རིགས་དབྱེ།  

གློག་སྒྱུར་ཁང་།

གློག་གནོན་ལ་འགྱུར་ལྡོག་གཏོང་བའི་ལས་ཁུངས་ལ་ཟེར།

རིགས་དབྱེ།  

གློག་བགོད།

གློག་བགོད་གློག་སྒྱུར་ཁང་དང་མཐོ་གནོན་གློག་བགོད་སྐུད་ལམ། གློག་བགོད་གློག་ཚད་གནོན་ཆས། དེ་བཞིན་དེ་མཚུངས་ཀྱི་སྲུང་སྐྱོབ་སྒྲིག་ཆས་བཅས་ལས་གྲུབ་པ་ཡིན།

རིགས་དབྱེ།  

གློག་གཏོང་།

གློག་ཤུགས་ཁོངས་གཏོགས་སྤྱི་ཡོངས་བྱེད་ནུས་ཀྱི་གལ་ཆེའི་གྲུབ་ཆའི་ལྷུ་ཚིགས་ཤིག་ཡིན།

རིགས་དབྱེ།  

འགག་གསུམ་ཆུ་བེད་ལས་གྲྭ་ལྟེ་གནས།

འགག་གསུམ་ཆུ་གློག་ས་ཚིགས་ནི་འབྲི་ཆུའི་འགག་གསུམ་ཆུ་བེད་ལས་གྲྭ་ལྟེ་གནས་ཡིན་ལ། དེར་འབྲི་ཆུའི་འགག་གསུམ་ལས་གྲྭ་ཡང་ཟེར། འགག་གསུམ་ཆུ་ཤུགས་གློག་ཁང་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་ཡིན་ལ་ཀྲུང་གོའི་ལོ་རྒྱུས་ཐོག་བསྐྲུན་པའི་ལས་གྲྭའི་རྣམ་གྲངས་ཆེ་ཤོས་ཤིག་ཀྱང་ཡིན། སྤྱི་ལོ1992ལོར་འབྲི་ཆུའི་འགག་གསུམ་ཆུ་ཤུགས་གློག་ཁང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། སྤྱི་ལོ1994ལོར་དངོས་སུ་ལས་འགོ་ཚུགས། སྤྱི་ལོ2003ལོའི་ཟླ6པའི་ཚེས1ཉིན་གྱི་ཕྱི་དྲོ་ནས་བཟུང་ཆུ་གསོག་གློག་འདོན་འགོ་ཚུགས་པ་དང་། སྤྱི་ལོ2009ལོར་ཡོངས་སུ་ལེགས་འགྲུབ་བྱུང་།

རིགས་དབྱེ།  

འཕྲལ་བསྟུན་གློག་སྒྲོན།

འཕྲལ་བསྟུན་གློག་སྒྲོན་ནི་རྒྱུན་ལྡན་གྱི་གློག་སྒྲོན་ལ་ཆག་སྐྱོན་བྱུང་དུས། ནུས་ལྡན་གྱི་སྒོ་ནས་འོད་འགྱེད་དང་ཁ་འགྲེམ་བགྲོད་ལམ་མངོན་ཐུབ་པའམ། ཡང་ན་མུ་མཐུད་དུ་གློག་སྒྲོན་བཀར་ནས་མུ་མཐུད་དུ་བྱ་བ་བྱེད་ཐུབ་པའི་གློག་སྒྲོན་རིགས་ཤིག་ཡིན། མི་མང་འདུ་འཛོམས་བྱེད་ས་དང་བར་མཚམས་མི་ཆད་པར་གློག་སྒྲོན་བྱེད་སར་རྒྱ་ཁྱབ་ཏུ་སྤྱོད་དགོས། འཕྲལ་བསྟུན་གློག་སྒྲོན་ནི་འོད་ཁུངས་དང་འོད་ཁུངས་འདེད་འགུལ་ཆས། རྒྱུག་སྒྱུར་ཆས། ལྡོག་འགྱུར་ཆས། གློག་རྫས་ཀྱི་ཚོགས། མཚོན་རྟགས་གློག་སྒྲོན་གྱི་ཕྱི་ཤུན་སོགས་ཁག་འགའ་ཡིས་གྲུབ་པ་ཡིན། དུས་རྒྱུན་དུ36Vའོད་ཁུངས་འདེད་སྒུལ་འཕྲུལ་ཆས་ལ་བརྟེན་ནས་འོད་ཁུངས་རྒྱུན་ལྡན་གྱི་གློག་སྒྲོན་སྐུལ་འདེད་བྱེད་པ་དང་། དུས་མཚུངས་སུ་རྒྱུག་སྒྱུར་འཕྲུལ་ཆས་བརྒྱུད་དེ་གློག་རྫས་ལ་གློག་ནུས་ཁ་གསབ་བྱེད་དགོས། ལས་ཀ་གྲོལ་རྗེས་གློག་སྒྲོན་བཀག་པའི་གནས་ཚུལ་འོག་ཏུ་རྒྱུག་སྒྱུར་འཕྲུལ་ཆས་ཀྱིས་སྔར་བཞིན་གློག་གསོག་པའི་རྣམ་པར་ལས་ཀ་བྱེད་ཀྱིན་ཡོད།

རིགས་དབྱེ།  

གློག་གྲོན་ཆུང་བྱེད་པ།

གློག་གྲོན་ཆུང་བྱས་ཏེ་ཐོན་སྐྱེད་དང་འཚོ་བར་མཁོ་བའི་གློག་སྤྱོད་ཆ་རྐྱེན་འཛོམས་པའི་འོག་ཏུ། གློག་ནུས་ཟད་གྲོན་ཉུང་དུ་གཏོང་བ་དང་། གློག་སྤྱོད་མཁན་གྱི་གློག་ནུས་སྤྱོད་ཚད་མཐོ་རུ་གཏོང་བ་དང་གློག་འདོན་དྲ་རྒྱའི་གློག་ནུས་ཟད་གྲོན་ཉུང་དུ་གཏོང་དགོས།

རིགས་དབྱེ།  

འཕྲུལ་གློག་མ་ལག་ཕྲ་མོའི་ལས་གཞི།

ཆེད་ལས་འདིས་འཕྲུལ་གློག་ཕྲ་མོའི་མ་ལག་ཁྱབ་ཁོངས་ལ་ཕྱོགས་ནས་ཕྲ་ཞིང་ཕྲ་བའི་བཟོ་སྐྲུན་བཟོ་རྩལ་དང་སྒྲིག་ཆས་ཞིབ་འཇུག ནཱ་ཕྲའི་ལྷུ་ཆས་མ་ལག་གསར་སྤེལ། ལག་རྩལ་དོ་དམ། སྒྲིག་ཆས་འཁོར་སྐྱོད་དང་སྲུང་སྐྱོབ། གཉེར་སྐྱོང་དོ་དམ་སོགས་ཐད་ཀྱི་ལས་ཀ་བྱེད་མཁན་རྣམས་བྱང་ཚད་མཐོ་བའི་མཉམ་འདུས་རྣམ་པའི་གསར་གཏོད་ཤེས་ལྡན་པར་གསོ་སྐྱོང་བྱེད་ཀྱིན་ཡོད།

རིགས་དབྱེ།  

ལད་ཟློས་བརྡ་རྟགས།

ལད་ཟློས་བརྡ་རྟགས་ནི་བསྟུད་མར་འགྱུར་ལྡོག་བྱུང་བའི་དངོས་ལུགས་ཚད་ཀྱིས་མཚོན་པའི་ཆ་འཕྲིན་ལ་ཟེར་ཞིང་། དེའི་བརྡ་རྟགས་ཀྱི་ཚད་དང་ཟློས་ཕྱོད་དམ། ཡང་ན་མཚན་གནས་དུས་ཚོད་དང་བསྟུན་ནས་བསྟུད་མར་འགྱུར་ལྡོག་འབྱུང་བའམ། ཡང་ན་རྒྱུན་མཐུད་ཀྱི་དུས་ཚོད་བར་གསེང་དུ། དེའི་ཆ་འཕྲིན་མཚོན་པའི་ཁྱད་ཚད་དེ་སྐད་ཅིག་ཉིད་དུ་གྲངས་ཐང་གང་འདོད་དུ་མངོན་པའི་བརྡ་རྟགས་ཤིག་ཡིན།

རིགས་དབྱེ།  

ལད་ཟློས་བརྡ་རྟགས་ཨང་ཀི་ཅན།

སྨྱན་མང་གཟུགས་མ་ལག་ཁྲོད་ནང་འཇུག་དང་ཕྱིར་འདྲེན་སྣེའི་བརྡ་རྟགས་དེ་ལད་ཟློས་བརྡ་རྟགས་ཡིན་སྐབས། མ་ལག་བརྒྱུད་གཏོང་དང་གསོག་འཇོག་བྱེད་པ་ནི་གྲངས་ཀའི་བརྡ་རྟགས་ཡིན་པས། ལད་ཟློས་བརྡ་རྟགས་ལ་གྲངས་འཛིན་ཅན་གྱིས་ཐག་གཅོད་བྱེད་དགོས།

རིགས་དབྱེ།  

ལད་ཟློས་བརྡ་རྟགས་སྒྲིག་གཅོད།

ལད་ཟློས་བརྡ་རྟགས་སྒྲིག་གཅོད (analog signal processing)ནི་ལད་ཟློས་བྱེད་ཐབས་སྤྱད་དེ། བརྡ་རྟགས་ལས་སྣོན་དང་བརྗེ་འགྱུར་སོགས་ཐག་གཅོད་བྱེད་ཐབས་ཀྱི་སྤྱི་མིང་ཡིན།

རིགས་དབྱེ།  

ལད་ཟློས་གློག་ལམ།

ལད་ཟློས་གློག་ལམ་ནི་ལད་ཟློས་བརྡ་རྟགས་བརྒྱུད་གཏོང་དང་། བརྗེ་སྒྱུར། ཐག་གཅོད། ཆེར་གཏོང་། ཚད་འཇལ། འཆར་ངོས་སོགས་ཀྱི་བྱ་བའི་གློག་ལམ་ལ་ཟེར། ལད་ཟློས་བརྡ་རྟགས་ནི་བསྟུད་མར་འགྱུར་ལྡོག་བྱུང་བའི་གློག་གི་བརྡ་རྟགས་ཡིན། ལད་ཟློས་གློག་ལམ་ནི་གློག་རྡུལ་གློག་ལམ་གྱི་རྨང་གཞི་ཡིན་ལ། དེར་གཙོ་བོར་ཆེར་བསྐྱེད་གློག་ལམ་དང་། བརྡ་རྟགས་རྩིས་རྒྱག་དང་སྒྲིག་གཅོད་གློག་ལམ། འདར་ཡོམ་གློག་ལམ། སྒྲིག་སྦྱོར་དང་སྙོམ་སྒྲིག་གློག་ལམ་དང་གློག་ཁུངས་སོགས་འདུས།

རིགས་དབྱེ།  

ལད་ཟློས་གློག་ལམ་ཁྱབ་ཁོངས་ཀྱི་སྒྱུ་རྩལ།

《ལད་ཟློས་གློག་ལམ་ཁྱབ་ཁོངས་ཀྱི་སྒྱུ་རྩལ》ནི་སྤྱི་ལོ2007ལོའི་ཟླ4བར་གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི(ཨ་རིའི་མི)ཧེ་སི་ཐིང་སི་ཡིན། དེབ་དེས་དངོས་སྤྱོད་དང་དབང་གྲགས་རང་བཞིན་གྱི་ལྟ་བའི་ཐོག་ནས། འདྲ་བཟོའི་འདུས་གྲུབ་གློག་ལམ་གྱི་མངའ་ཁོངས་ཇུས་འགོད་དང་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་དང་། ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཡོད།

རིགས་དབྱེ།  

སླར་སྐྱེས་ཐུབ་པའི་ནུས་ཁུངས་གློག་འདོན།

སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་ཞེས་པ་ནི་སྤྱིར་བཏང་དུ་ཆུ་ཤུགས་ཀྱིས་གློག་འདོན་པ་དང་། རླུང་ཤུགས་ཀྱིས་གློག་འདོན་པ། སྐྱེ་དངོས་ཀྱི་རིགས་ཀྱིས་གློག་འདོན་པ། ཉི་ནུས་ཀྱིས་གློག་འདོན་པ། རྒྱ་མཚོའི་ནུས་པས་གློག་འདོན་པ། ས་འོག་ཚ་ནུས་ཀྱིས་གློག་འདོན་པ་སོགས་ལ་ཟེར།

རིགས་དབྱེ།  

ཧོང་ཧྥུན་ཆུ་གློག་ས་ཚིགས།

ཆུ་གློག་ས་ཚིགས་འདི་ནི་ཡུལ་ཚོ་འདིའི་མངའ་ཁོངས་སུ་ཡོད་པའི་རྨ་ཆུ་འབབ་ཡུལ་གྱི་ས་ཚིགས་བཞི་པ་ཡིན།

རིགས་དབྱེ།  

ཤྭ་བོ་འགག་གི་ཆུ་གློག་ས་ཚིགས།

དེའི་མིང་གཞན་ལ་མགུལ་སྐྱོང་འགག་ཀྱང་ཟེར་ཞིང་། འགག་དེ་ནི་རྫོང་བོ་ཟམ་ཁ་ནས་ཟམ་ཕུབ་སྡེ་བའི་བར་སྤྱིའི་རིང་ཚད་ལ་སྤྱི་ལེ15ཡོད་ལ། རྨ་ཆུ་གཅན་ཚ་ནས་ཡ་རྫི་རུ་བཞུར་བའི་བཞུར་ལམ་ཉག་ཅིག་ཡིན།

རིགས་དབྱེ།  

ཟམ་དཀར་ཆུ་གློག་ས་ཚིགས།

དེ་ནི་ཤྭ་བོ་འགག་ཆུ་གློག་ས་ཚུགས་སྨད་རྒྱུད་ཀྱི་སྤྱི་ལེ12ཀྱི་མཚམས་སུ་ཡོད།

རིགས་དབྱེ།  

འགག་གསུམ་ཆུ་མཛོད་ཁུལ།

འགག་གསུམ་ཆུ་མཛོད་ཁུལ་ནི་འབྲི་ཆུའི་འགག་གསུམ་ལས་གྲྭས་ཁེབས་པའི་ས་ཁུལ་ལ་ཟེར་བ་མ་ཟད། གནས་སྤོས་ཡུལ་མིའི་ལས་འགན་ཡོད་པའི་རྫོང(གྲོང་ཁྱེར)20ལ་ཟེར། ཆུ་མཛོད་ཁུལ་ནི་སི་ཁྲོན་གཤོང་ས་དང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་བདེ་ཐང་གི་འབྲེལ་མཚམས་སུ་གནས། སྤྱི་ལོ2014ལོའི་ཟླ12པར་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱིས་ལོ་གསུམ་ལ་ཉ་ཕྲུག་ཁྲི4300བཏང་ནས་ཐོན་ཁུངས་ཁོར་ཡུག་ཉམས་གསོ་བྱས་པ་རེད། སྤྱི་ལོ2019ལོའི་ཟླ2པའི་ཚེས16ཉིན་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱི་ཆུ་གནས་སྨི170མན་དུ་ཆག་པ་རེད།

རིགས་དབྱེ།