གློག་སྒྱུར་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་སྒྱུར་ཁང་།
གློག་གནོན་ལ་འགྱུར་ལྡོག་གཏོང་བའི་ལས་ཁུངས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
变电所
ཕྱི་ཡིག་གི་མིང་།
substation
1 གོ་དོན།

གློག་གནོན་ལ་འགྱུར་ལྡོག་གཏོང་བའི་ལས་ཁུངས་ལ་ཟེར། གློག་ཤུགས་ཁོངས་གཏོགས་ནང་གི་གློག་ནུས་ཀྱི་གློག་གནོན་དང་། གློག་རྒྱུན་གྱི་བརྗེ་སྤོར། གཅིག་སྡུད་དང་བགོ་བྱའི་གནས་ཁུལ་ལ་ཟེར། གློག་ནུས་ཀྱིས་སྤུས་ཚད་ལ་ཁག་ཐེག་དང་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། གློག་སྒྱུར་ཁང་དུ་གློག་གནོན་ལ་སྙོམས་སྒྲིག་དང་། རླབས་རྒྱུན་ལ་ཚོད་འཛིན་བྱ་དགོས་པ་མ་ཟད། ད་དུང་འདྲེན་གློག་སྐུད་ལམ་དང་གློག་བཟོ་སྒྲིག་ཆས་ལ་སྲུང་སྐྱོབ་བྱ་དགོས། གློག་སྒྱུར་བཀོལ་སྤྱོད་མི་འདྲ་བ་ལྟར་དབྱེ་ན་གློག་ཤུགས་གློག་སྒྱུར་ཁང་དང་འདྲུད་འཐེན་གློག་སྒྱུར་ཁང(གློག་ཤུགས་ལྕགས་ལམ་དང་གློག་འཁོར་སྤྱོད་རྒྱུ།)གཉིས་ཡོད། རྒྱལ་ཁབ་ཀྱི་ཚད་གཞིའིGB50053-94《10kvདང་གློག་སྒྱུར་ཁང་ཇུས་འགོད་ཚད་གཞི》ནང་གཏན་འབེབས་བྱས་པའི་བརྡ་ཆད་ཀྱི་མཚན་ཉིད་ནི།10kvདང་སྤེལ་རྒྱུག་གློག་ཁུངས་ནི་གློག་ཤུགས་གནོན་ཆས་ཀྱིས་གནོན་སྒྱུར་བྱས་པ་བརྒྱུད་ནས་གློག་སྤྱོད་སྒྲིག་ཆས་ལ་གློག་མཁོ་འདོན་བྱེད་ཀྱིན་ཡོད། དེ་ལ་གློག་སྒྱུར་ཁང་ཞེས་བརྗོད།

2 གཞི་རྩའི་བླང་བྱ།

གློག་སྒྱུར་ཁང་གི་གཞི་རྩའི་བླང་བྱ་ལ་གཙོ་བོ།

གཅིག གློག་ཤུགས་དྲ་བའི་ཇུས་འགོད་ལ་གཞིགས་ནས་གློག་སྒྱུར་ཁང་གི་རིགས་དབྱེ་དང་བྱེད་ནུས་གསལ་བོར་བྱ་དགོས།

གཉིས། གློག་སྒྱུར་ཁང་གི་འཛུགས་སྐྲུན་བླང་བྱ་ལྟར་ས་ཁུལ་ཉུང་ཙམ་སྤྱོད་པ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ས་བེད་སྤྱོད་མི་བྱེད་པའམ་ཉུང་ཙམ་སྤྱོད་པ་དང་། གཙོ་བོ་ས་རྒོད་བེད་སྤྱོད་བྱེད་ཅི་ཐུབ་བྱ་དགོས།

གསུམ། གློག་སྒྱུར་ཁང་གི་རིགས་དབྱེ་དང་འཛུགས་སྐྲུན་གཞི་ཁྱོན། གློག་ཤུགས་དྲ་བའི་ཁྲོད་ཀྱི་བྱེད་ནུས་བཅས་ཀྱིས་གློག་ཤུགས་སྐུད་པ་གཙོ་བོ་མཐུད་པར་ཐག་གཅོད་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་གློག་མཁོ་འདོན་བརྟན་པོ་ཡོང་བའི་ཚད་མཐོ་རུ་གཏོང་བཞིན་ཡོད།

བཞི། གློག་སྒྱུར་ཁང་གི་སྒྲིག་བཀོད་ངེས་པར་དུ་གློག་འཁོར་བསྐྱོད་བདེ་འཇགས་དང་ཞིབ་བཤེར་བཟོ་བཅོས་སྟབས་བདེ་ཡོང་བ་བཅས་ཀྱི་བླང་བྱ་འདོན་གྱིན་ཡོད།

3 གློག་སྒྱུར་ཁང་གི་རིགས་དབྱེ།

གཅིག བྱེད་ནུས་ལྟར་དབྱེ་ན། གནོན་འཕར་གློག་སྒྱུར་ཁང་དང་གློག་གནོན་མར་འབབ་པའི་གློག་སྒྱུར་ཁང་། མཐའ་སྣེའི་གློག་སྒྱུར་ཁང་བཅས་སོ། །

གཉིས། དོ་དམ་གྱི་རྣམ་པ་ལྟར་དབྱེ་ན། མི་སྡོད་ལས་རེས་ཀྱི་གློག་སྒྱུར་ཁང་དང་མི་མེད་ལས་རེས་ཀྱི་གློག་སྒྱུར་ཁང་།

གསུམ། གྲུབ་ཚུལ་རྣམ་པ་སྟེ་ཁང་པའི་ཕྱི་ནང་གི་ཡན་ལག་ལྟར་དབྱེ་ན། ཕྱི་རོལ་གྱི་གློག་སྒྱུར་ཁང་དང་ནང་རོལ་གྱི་གློག་སྒྱུར་ཁང་།

བཞི། ས་ཁམས་ཀྱི་ཆ་རྐྱེན་ལྟར་དབྱེ་ན། ས་སྟེང་གི་གློག་སྒྱུར་ཁང་དང་ས་འོག་གི་གློག་སྒྱུར་ཁང་། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།